༄༅། །《ཕ་རོལ་གྱི་ལྟད་མོ》ཞེས་པའི་དཔེ་དེབ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་དཔེ་སྐྲུན་ལྟེ་གནས། དུས་ཚོད།:2020-03-25 14:59:30 ཀློག་གྲངས།:
ཉེ་ཆར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲིག་གནང་བའི་འཛམ་གླིང་གི་སྒྲུང་གཏམ་གྲགས་ཅན་བདམས་བསྒྱུར་ཏེ《ཕ་རོལ་གྱི་ལྟད་མོ》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དངོས་སུ་དཔར་དུ་བསྐྲུན།
སྒྲུང་གཏམ་གྱི་རྩོམ་པ་པོ་ཚང་མ་ནི་འཛམ་གླིང་གི་རྩོམ་རིག་ལོ་རྒྱུས་ཁྲོད་སྐད་གྲགས་ཆེ་ཞིང་མིའི་རིགས་ཀྱི་བསམ་བློའི་འཕེལ་རྒྱས་ལའང་ཤུགས་རྐྱེན་ངེས་ཅན་རེ་ཐེབས་ཡོད་མཁན་ཤ་སྟག་ཡིན་ལ། ཐེངས་འདིའི་བསྒྱུར་རྩོམ་ཁྲོད་དུ་དཀར་མཛེས་ཁུལ་གྱི་ཡིག་བསྒྱུར་མཁན་རྣམ་རྒྱལ་དང་གྲུ་ཆུང་། དེ་མིན་ཀུན་བཟང་རྣམ་རྒྱལ།  འོད་དུངས་བུ། རིག་མཛིན་ཚེ་རིང་དང་སྙིང་མོ་སྐྱིད་སོགས་ཀྱིས་གཙོ་བསྒྱུར་གནང་བའི་ཨ་ཀེན་ཐིན་གྱི་སྙན་ངག་པ་དང་སྒྲུང་གཏམ་པ་གྲགས་ཅན་པའོ་ཨར་ཧེ་སི་ཡི《ལམ་མདོའི་མེ་ཏོག་ལྡུམ་ར》དང་། ཉི་ཧོང་གི་རྩོམ་པ་པོ་ཁྲོན་ཏོ་ཁང་ཁྲེང་གི《དབྱི་ཏོ་ཡི་གར་མ》ཨ་རིའི་རྩོམ་པ་པོ་ཧེ་མིན་ཝི་ཡི《མི་གསོད་མཁན》དང་ཝེ་ལམ་ཧྥུ་ཁུ་ནཱ་ཡི《ཨེ་མི་ལི་ཡི་རྒྱ་ཟེ་མེ་ཏོག་ཅིག་ལ་རྗེས་དྲན་བྱེད་པ》དེ་མིན་དབྱིན་ཇིའི་རྩོམ་པ་པོ་མའོ་མཱོ་ཡི《སྐུ་ཞབས་མཁྱེན་རྒྱ་ཅན》དང་། དུས་རབས་བཅུ་དགུ་བའི་ནུབ་ཕྱོགས་དེང་རབས་རིང་ལུགས་རྩོམ་རིག་གི་སྔོན་བྱོན་པ་ཁ་ཧྥུ་ཁཱ་ཡི《བཀྲེས་སྐོམ་སྒྱུ་རྩལ་པ》སོགས་སྒྲུང་རིང་དང་སྒྲུང་ཐུང་ཁྱོན་བཅུ་གྲངས་ཁ་ཤས་ཀྱིས་དེབ་གཟུགས་འདི་གྲུབ་པ་ཡིན།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།