༄༅།།《བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག》ཅེས་པའི་དཔེ་དེབ་པར་དུ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། དུས་ཚོད།:2020-10-10 11:10:12 ཀློག་གྲངས།:
དེ་ཡང་། གངས་རིའི་མུ་ཁྱུད་ཀྱི་ཕྲེང་བས་ཡོངས་སུ་བསྐོར་བའི་ཁ་བའི་ལྗོངས་འདི་ནི་འཛམ་བུའི་གླིང་གི་རྩེ་མོར་ཆགས་པའི་ཡུལ་གྲུ་ཁྱད་པར་བ་ཞིག་ཡིན་ལ། མི་ལོ་འབུམ་ཕྲག་འགའ་ཡི་ལོ་རྒྱུས་ནང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འཕེལ་རིམ་ཡུལ་གྲུ་གཞན་དང་འདྲ་བར་གངས་ཅན་གྱི་ལྗོངས་འདིར་ཡང་དང་ཐོག་གདོད་མའི་དུས་རབས་དང་། དེ་ནས་རིམ་བཞིན་སྤུ་རྒྱལ་དུས་རབས། བཙན་པོའི་དུས་རབས། སིལ་བུའི་དུས་རབས། ས་སྐྱའི་དུས་རབས་སོགས་བྱུང་ཡོད། བརྒྱུད་རིམ་འདི་དག་གི་ཁྲོད་གདོད་མའི་ལྷ་མང་ཆོས་ལུགས་དང་། བོན་གྱི་ཆོས་ལུགས། ནང་པ་སངས་རྒྱས་ཀྱི་ཆོས་ལུགས་སོགས་གངས་ལྗོངས་ས་མཐོ་ཡོངས་སུ་འཕེལ་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། དེ་དག་གི་རྐྱེན་ལས་བོད་ཡུལ་ས་ཕྱོགས་གང་སར་གདོད་མའི་དུས་ནས་ད་བར་དུ་རིག་གནས་ཀྱི་རྣམ་པ་འདྲ་མིན་སྣ་ཚོགས་པ་བྱུང་ཡོད་པ་ལས་སྒྱུ་རྩལ་ནི་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྒྱུ་རྩལ་པ་དང་སྒྱུ་རྩལ་གྱི་བརྩམས་ཆོས་ནི་ནམ་མཁའི་སྐར་ཚོགས་དང་གཉིས་སུ་མ་མཆིས་ཤིང་། སྒྱུ་རྩལ་པ་དང་བརྩམས་ཆོས་འདི་དག་ལ་སྔོན་བྱོན་གྱི་སྐྱེས་བུ་མང་པོ་ཞིག་གིས་ཞིབ་འཇུག་གནང་ཡོད་ལ་དེང་གི་ཆར་ཡང་རིག་གནས་འདི་ལ་དགའ་བའི་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་མི་སྣ་མང་པོས་དཔྱད་བརྗོད་བྱེད་དང་བྱེད་མུས་རེད།
ལོ་ལེགས་ཀྱི་འབྲས་བཟང་ཁུར་དུ་ལྕི་བའི་དུས་བཟང་འདི་དང་འགྲོགས་ནས《བོད་བརྒྱུད་ནང་བསྟན་སྒྱུ་རྩལ་ཞིབ་འཇུག》ཅེས་པའི་དེབ་འདི་ཉིད་ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་བགྱིས་ཡོད་དེ། རིག་དེབ་འདིར་ཆེད་ལས་ཞིབ་འཇུག་པ་དང་། སློབ་ཆེན་དགེ་རྒན། རབ་འབྱམས་སློབ་མ་སོགས་ཀྱི་དཔྱད་རྩོམ་ཉི་ཤུ་བདམས་བཀོད་གནང་འདུག་ལ། དཔྱད་རྩོམ་གྱི་ནང་དོན་ཡང་བོད་ཀྱི་རི་མོ་དང་། འབུར་སྐུ་སོགས་བོད་ཀྱི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྤྱི་བྱེ་བྲག་ཅི་རིགས་ལ་དཔྱད་གནང་མཛད་འདུག དཔྱད་རྩོམ་འདི་དག་གི་དཔྱད་དོན་རྒྱ་ཆེ་ལ་བརྗོད་བྱ་གཏིང་ཟབ་པ། དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་ལ་དཔྱད་བརྗོད་ཐབས་ལམ་སྣ་ཚོགས་ལྡན། སྒྱུ་རྩལ་ལོ་རྒྱུས་སོགས་ཀྱི་གནད་དོན་ཆེ་ཆུང་གང་ལ་ཡང་ལུང་ཙམ་འཛིན་པའི་ཟེར་སྒྲོས་ཀྱི་རྗེས་སུ་མ་འབྲངས་པར་ཕྲ་ཞིབ་རིག་པའི་ལམ་ནས་རང་སྟོབས་ཀྱིས་ཞིབ་འཇུག་བྱས་པའི་མཇུག་བསྡོམས་ཚད་འཛིན་ཡང་དག་ཅིག་མ་བྱུང་བར་དུ་རང་འགར་མི་འཇོག་པའི་སྙིང་སྟོབས་བརྟན་པོ་ཞིག་ཡིན་སྟབས། སྒྱུ་རྩལ་ལོ་རྒྱུས་དང་། རིག་གཞུང་ཞིབ་འཇུག་གི་ཆེད་རྩོམ་ལ་དམིགས་བསལ་ལྟ་ཚུལ་དང་ཁྱད་ཆོས་ལྡན་པའི་གྲུབ་འབྲས་གཟེངས་སུ་ཐོན་པ་སོགས་ཀྱི་ཁྱད་ཆོས་དུ་མས་ཕྱུག་འདུག་པས་ན་རྒྱ་ཆེའི་ཀློག་པ་པོ་ལྷན་རྒྱས་ཀྱི་སྤྱན་སྔར་བསྟར་བ་ལགས་སོ།།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།