汉文主页

 

 

 
༄༅།། ཀོས་ནན་གཙགས་དྲུབ་ཐོན་རྫས་མཚམས་སྦྱོར་ཚོགས་འདུ་ཟི་ལིང་ནས་ཚོགས་པ།
 
 
རྩོམ་པ་པོ་ཕྱུག་ལོས་སྒྱུར། རྩོམ་སྒྲིག་པ་ལྡོང་བླ། དུས་ཚོད2009-6-24 9:25:08 ཡོང་ཁུངས་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ།

ཀོས་ནན་གཙགས་དྲུབ་ཐོན་རྫས་མཚམས་སྦྱོར་ཚོགས་འདུ་ཟི་ལིང་ནས་ཚོགས། ཚོགས་འདུའི་བྱ་བ་སྒྲུབ་མཁན་སྒྲོལ་མས་མི་རྣམས་ལ་ཀོས་ནན་གྱི་གཙགས་དྲུབ་བརྩམས་ཆོས«ཚེ་རིང་རྣམ་དྲུག»སྟོན་བཞིན་པ།

བོད་ཀྱི་གཙགས་དྲུབ་བརྩམས་ཆོས«བཀྲ་ཤིས་རྟགས་བརྒྱད»
    ཟླ་དྲུག་པའི་ཚེས་བཅུ་དགུའི་ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སྲིད་གཞུང་དང་ཀོས་ནན་དུང་དཀར་བོད་ཀྱི་གཙགས་དྲུབ་ཚན་རྩལ་ཚད་ཡོད་ཀུང་ཟིས་གཙོ་སྒྲུབ་བྱས་པའི་ཀོས་ནན་བོད་ཀྱི་གཙགས་དྲུབ་བརྩམས་ཆོས་མཚམས་སྦྱོར་ཚོགས་འདུ་དེ་ཟི་ལིང་གྲོང་ཁྱེར་མཚོ་སྔོན་མི་རིགས་དམངས་ཁྲོད་བཟོ་རྩལ་མཛེས་རྩལ་ཐོག་ཁང་ཆེན་མོ་ནས་བསྡུས། མཚམས་སྦྱོར་ཚོགས་འདུའི་སྟེང་སྲོལ་རྒྱུན་གྱི་བོད་ཀྱི་གཙགས་དྲུབ་བརྩམས་ཆོས་མང་པོ་འགྲེམ་སྟོན་བྱས་པས། སྡོད་དམངས་དང་གནས་སྐོར་བ་མང་པོ་བཀུག ཀོས་ནན་བོད་ཀྱི་གཙགས་དྲུབ་ནི་མཚོ་སྔོན་ཞིང་ཆེན་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་གི་གྲས་སུ་བཞག་ཡོད་ལ། ས་དེའི་བུད་མེད་ཚོས་བོད་ཀྱི་རྒྱན་རིས་ནང་དོན་གཙོ་བོར་བཞག་སྟེ་གཙགས་དྲུབ་བྱེད་པའི་སྲོལ་རྒྱུན་ལག་རྩལ་ཞིག་ཡིན།
 


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com