汉文主页

 

 

 
༄༅།། སྐབས་གསུམ་པའི་ན་གཞོན་གསར་བའི་གླེང་སྟེགས་ཟི་ལིང་དུ་ཚོགས་པ།
 
 
རྩོམ་པ་པོ་མི་གསལ། རྩོམ་སྒྲིག་པ་ལྡོང་བླ། དུས་ཚོད2009-6-18 11:01:56 ཡོང་ཁུངས་མཆོད་མེ་དྲ་བ།
    སྐབས་གསུམ་པའི་ན་གཞོན་གསར་བའི་གླེང་སྟེགས་ཚོགས་འདུ་དེ་ཟླ་༦པའི་ཚེས་༡༣ཉིན་གྲོང་ཁྱེར་ཟི་ལིང་དུ་ཚོགས་པ་དང་། ཚོགས་འདུའི་སྟེང་"མི་བུ་རང་ཉིད་ནས་འགོ་རྩོམ་རྒྱུ་ནི་ན་གཞོན་གསར་པའི་རྟགས་མཚན་གཙོ་བོ་གཅིག་ཡིན"ཞེས་པ་ལས་འཕྲོས་ཏེ་རིག་གནས་སྣང་ཚུལ་སྐོར་གྱི་བགྲོ་གླེང་དུས་ཚོད་ཧྲིལ་བོ་དྲུག་ཙམ་ལ་མི་སྣ་བཞི་བཅུ་ལྷག་གིས་བཤད།
    གཞན་པོད་ཁུག་གི་སྣང་ཚུལ་སྐོར་ཅིག་དང་བུད་མེད་ཀྱི་ཐོབ་ཐང་སོགས་ནང་དོན་གཞན་ལས་འཕོས་ཏེ་འདུ་ཚོགས་ཀྱི་གོ་རིམ་དག་འཁྲུག་ཆ་དོད་ཅིང་སྔར་བས་རྣམ་རིག་ཅན་དུ་བཟོས་པ་དེས་ཚོགས་མི་ཡོངས་ལ་ཉོབ་སྣང་མེད་པའི་སྤྲོ་བ་བྱིན་ཏེ་འདུ་ཚོགས་ཧྲིལ་བོ་མགོ་ཡོད་མཇུག་ཡོད་ཀྱིས་ཕུན་ཚོགས་ངང་གྲོལ།
    རེབ་འདིའི་ཚོགས་འདུ་ལ་སྙན་ངག་པ་དང་དཔྱད་བརྗོད་པ། ཟིན་བྲིས་པ། སློབ་མ་སོགས་མི་ལྔ་བཅུ་ཙམ་ཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com