汉文主页

 

 

 
༄༅།། 《ཧུ་མ་དང་ཧུ་མའི་སྒྲུང་རབས་ཆེན་མོའི་དཔྱད་གླེང》ཞེས་པའི་དཔེ་དེབ་དཔར་དུ་བསྐྲུན་པ།
 
 
རྩོམ་པ་པོ་མི་གསལ། རྩོམ་སྒྲིག་པ་ལྡོང་བླ། དུས་ཚོད2009-5-22 9:59:57 ཡོང་ཁུངས་མཆོད་མེ་དྲ་བ།
    ཉེ་ལམ། སྒང་རྒྱལ་མཚན་ཚེ་རིང་དང་། ཡོན་ཏན། བདུད་འདུལ་རྡོ་རྗེ། བསམ་འགྲུབ། མགོན་པོ་སྐྱབས་བཅས་ཀྱིས་སྒྲིག་བསྒྱུར་བྱས་པའི<<ཧུ་མ་དང་ཧུ་མའི་སྒྲུང་རབས་ཆེན་མོའི་དཔྱད་གླེང>>ཞེས་པའི་དེབ་དེ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོས་རིག་གཞུང་ཆེད་རྩོམ་གཙོ་བོར་བཞག་ནས་འགྲོ་གྲོན་ཡོད་ཚད་འགན་འཁུར་ཏེ། ༢༠༠༩ལོའི་ཟླ་བཞི་བར་ཀན་སུའུ་མི་རིགས་དཔེ་སྐྲུན་གིས་དཔེ་བསྐྲུན་འགྲེམས་སྤེལ་བྱས།
    དཔེ་དེབ་དེར་ལོ་ངོ་སྟོང་ཕྲག་ལྷག་གི་རིང་ལ་ནུབ་ཕྱོགས་ཀྱི་རིག་གཞུང་འདྲ་མིན་གྱི་མཁས་དབང་ཚོས་ཧུ་མའི་སྒྲུང་རབས་ཆེན་མོ་དེ་ལ་གདེངས་འཇོག་དང་ཞིབ་དཔྱོད་མཛད་ཚུལ་དང་། སྒྲུང་རབས་དངོས་ལ་རིན་ཐང་ངམ་བརྗོད་སྙིང་གང་ཡོད་རགས་རིམ་ཞིག་བོད་ཡིག་ཐོག་ནས་ཀློག་མཁན་ཚོར་ངོ་སྤྲོད་བྱས་ཡོད་ལ། སྒྲུང་རབས་ཆེན་མོ་འདི་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ(བོད་ཡིག་གི་ཡིག་ཆ)ཞིག་ཁྱོན་ནས་མེད་པའི་སྟོང་ཆ་བསྐངས་ཡོད་པས། ད་སྔ་བར་དུ་ཧུ་མའི་སྒྲུང་རབས་བོད་ཡིག་གི་ལམ་ནས་མཚམས་སྦྱོར་བྱས་པའི་དེབ་ཐོག་མའང་ཡིན་ནོ།།


དྲ་ཚིགས་འདིའི་པར་དབང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་ལ་དབང་བས་ཕན་ཚུན་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།



Copyright @ 2001 amdotibet.com Inc. All rights reserved


དྲ་ཚིགས་དཔང་རྟགས།
: 青 ICP 备 07500060

ཡིག་ཟམ།amdotibet@126.com