༄༅།།བསམ་བློ་དབུལ་ཐར་བྱས་ནས་འབད་བརྩོན་གྱིས་དབུལ་ཞྭ་ཕུད། 

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-07-06 17:17:55 ཀློག་གྲངས།:
དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་ཏེ། འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ན། གནད་ལ་འཁེལ་བའི་དབུལ་སྐྱོར་སྲིད་ཇུས་ཀྱི་བྱེད་ཐབས་ཡོད་དགོས་པར་མ་ཟད།ད་དུང་དཀའ་ངལ་མང་ཚོགས་དབུལ་ཕོངས་ལས་ཐར་བའི་བསམ་བློ་ལ་ཡར་སྐུལ་བྱས་ཏེ་བསམ་བློ་དབུལ་ཐར་བྱེད་དགོས། ཉེ་བའི་ལོ་འགའི་ཚུན་ལ། མཚོ་ནུབ་ཁུལ་གྱིས་སྔ་གཞུག་ཏུ་དབུལ་ཐར་གཟི་བརྗིད་དུད་ཚང་སྐོར་ཞིག་བདམས་ཏེ། དཀའ་ངལ་མང་ཚོགས་ལ་དཔེ་སྟོན་དང་བསམ་བློ་དབུལ་ཐར་ལ་ཡར་སྐུལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ལ་དྲང་ནུས་བཏོན། 
སུའུ་ཆིན་ཁྲུང་ནི་གཏེར་ལེན་ཁ་གྲོང་ཁྱེར་ཧྥུའུ་ཁང་སྡེ་བའི་མི་ཡིན་ལ། དབུལ་ཐར་ལམ་གྱི་སྔོན་སྐྱོད་པ་ཞིག་ཡིན་ཞིང་། ཁོས་རང་གི་དབུལ་ཕོངས་ཞྭ་མོ་ཕུད་ཡོད་པར་མ་ཟད།ད་དུང་དབུལ་ཐར་གཟི་བརྗིད་དུད་ཚང་གི་མཚན་སྙན་ཡང་བླངས་ཡོད། ཡིན་ནའང། ལོ་ངོ་ལྔའི་སྔོན་ལ། གློ་བུར་བའི་རླངས་འཁོར་དོན་རྐྱེན་ཞིག་གིས་ཁོ་ཚང་གི་ཁྱིམ་ཚང་ལ་གོད་ཆགས་བཟོས་ཏེ། བུ་རྐྱེན་ལམ་དུ་ཤོར་བ་དང་།ཁོ་བཟའ་ཟླ་གཉིས་ལ་རྨས་ལྕི་མོ་ཕོག་པས། གྲངས་འབོར་ཆེ་བའི་སྨན་རིན་སྒོར་འབུམ་གསུམ་ལྷག་གི་དོན་མི་ཆད་ཀ་མེད་བྱུང་ལ། དངུལ་བུན་འདིས་སུའུ་ཆིན་ཁྲུང་གློ་བུར་དུ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་དུ་གྱུར་ནས། ཁོ་རང་འཚོ་བ་ལའང་ཡིད་ཆེས་མེད་པར་གྱུར། 
སུའུ་ཆིན་ཁྲུང་གི་ཁྱིམ་མཚེས་ལིས་ཧྲིན་ཏིག་གིས་བཤད་རྒྱུར། སུའུ་ཆིན་ཁྲུང་ཚང་ལ་རླངས་འཁོར་དོན་རྐྱེན་བྱུང་རྗེས། ངས་ཁོ་ལ་ཁ་པར་བཏང་ན་མི་ལེན་ལ། འཕྲིན་ཐུང་བསྐུར་ནའང་ཕྱིར་ལན་མི་ཡོང་བས། ང་ཁོ་ཚང་ལ་སོང་ནས་སྒོ་བརྡུང་རུང་། སྒོའི་ནང་ཟྭ་བརྒྱབ་ནས་སྒོ་མི་ཕྱེས་ཀི་ཟེར། 
སྤྱིར་བཏང་གི་ཁྱིམ་ཚང་ཞིག་ལ་མཚོན་ན། གློ་བུར་བའི་གོད་ཆགས་ནི་སུས་ཀྱང་དང་ལེན་བྱེད་དཀའ་བ་ཞིག་ཡིན། མ་གཞི་ཁྱིམ་ཚང་གི་ཆ་རྐྱེན་ཞན་པའི་སུའུ་ཆིན་ཁྲུང་ནི་སྐབས་དེའི་གོད་ཆགས་ནི་བཟོད་བསྲན་དཀའ་བ་ཞིག་ག་ལ་མིན། གནས་ཚུལ་འདི་ནི་ཧྥུའུ་ཁང་སྡེ་བའི་ལས་བྱེད་པ་ཚའོ་ཅིན་ཞིག་གི་སེམས་སུ་ཧ་ཅང་གསལ་ལྷང་ངེར་ཡོད། 
གཏེར་ལེན་ཁ་གྲོང་ཁྱེར་ཧྥུའུ་ཁང་སྡེ་བའི་ལས་བྱེད་པ་ཚའོ་ཅིན་ཞིག་གིས་བཤད་རྒྱུར། ངས་ཐེངས་མང་པོར་སུའུ་ཆིན་ཁྲུང་ལ་ཁ་ཏ་སློབ་གསོ་བཏང་བར། ཁོས་ཚོད་ལས་ཀར་ཚོད་ལྟ་བྱེད་རྒྱུའི་བསམ་པ་སྐྱེས་ནས། སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་རྒྱུའི་བསམ་པ་བསྟན་ཟེར། 
རིམ་བཞིན་འཚོ་བར་ཡིད་ཆེས་སྐྱེས་པའི་སུའུ་ཆིན་ཁྲུང་གིས་ཡང་བསྐྱར་རང་ཉིད་ཅུང་འཇོན་པའི་ཚ་ལ་ལག་རྩལ་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཚའོ་ཅིན་ཞིག་དང་སྡེ་བའི་དབུར་སྐྱོར་ལས་བྱེད་པས་རྒྱུས་ལོན་བྱུང་རྗེས། མྱུར་དུ་530ལ་སྐྱི་དངུལ་གཏོང་བར་རེ་ཞུ་བྱས་ཏེ། ཁོའི་ལས་ལམ་གསར་སྤེལ་ལ་རྒྱབ་སྐྱོར་བྱས། 
གཏེར་ལེན་ཁ་གྲོང་ཁྱེར་ཧྥུའུ་ཁང་སྡེ་བའི་དབུར་ཐར་ཁྱིམ་མི་སུའུ་ཆིན་ཁྲུང་གིས་བཤད་རྒྱུར། 530གི་སྐྱི་དངུལ་ལོན་བྱུང་བས། ངས་ཚ་ལའི་ཚོང་ཁང་འདི་གཉེར་ཐུབ་པ་བྱུང་། དེའི་སྟེང་རླངས་འཁོར་ཞིག་ཉོས་ནས་ཚ་ལའི་ཡོ་བྱད་རྣམས་དྲུད་དེ་ཕྱོགས་ཡར་མར་གང་སར་སོང་ནས་ཚ་ལའི་ལས་ཀ་མ་བཏང་བས། འཚོ་བ་རིམ་བཞིན་ཇེ་བཟང་དུ་བུད་ཡོང་ཟེར། 
སྤྱི་ལོ2017ལོར། སུའུ་ཆིན་ཁྲུང་མི་དོན་པུའུ་ཡིས་རྩ་འཛུགས་བྱས་པའི་ཕྱུག་འགྱུར་སྣེ་ཁྲིད་པའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ། མིག་རྒྱ་བསྐྱེད་པ་དང་ཚོང་པ་མང་པོ་ཞིག་ལ་འབྲེལ་བ་འཛུགས་ཐུབ་པ་བྱུང་བས། རང་ཉིད་ཀྱི་ལས་ལམ་གསར་སྤེལ་གྱི་ལམ་ཁ་སྔར་ལས་ཡངས་པོར་གྱུར། ད་ལྟ་ཡིན་ན་སུའུ་ཆིན་ཁྲུང་གི་ཚ་ལའི་ཚོང་ལས་ཇེ་ལེགས་ཇེ་བཟང་ཡིན་ལ། སྔོན་གྱི་སྐྱི་དངུལ་དང་བུ་ལོན་ཡོད་ཚད་འཇལ་ཚར་ཡོད་པར་མ་ཟད། ད་དུང་2019ལོའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར་སུམ་ཁྲི་ཆིག་སྟོང་བཞི་བརྒྱ་རེ་གཉིས་ལྷག་ཡོད་ལ། 2019ལོའི་ལོ་མགོ་རུ་སུའུ་ཆིན་ཁྲུང་གིས་རང་འགུལ་སྒོས་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རེ་ཞུ་བྱས་ནས་མ་མཐའི་འཚོ་བའི་དུད་ཁྱིམ་ལས་ཕྱིར་བུད་པ་རེད། 
གཏེར་ལེན་ཁ་གྲོང་ཁྱེར་ཧྥུའུ་ཁང་སྡེ་བའི་དབུར་ཐར་ཁྱིམ་མི་སུའུ་ཆིན་ཁྲུང་གིས་བཤད་རྒྱུར། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་བོ་ལ་བརྟེན་ནས། ང་རང་ཡང་བསྐྱར་བདེ་སྐྱིད་འཚོ་བ་རོལ་ཐུབ་པ་བྱུང་བ་ཡིན་ལ། ད་ལྟ་དབུལ་ཐར་བྱས་ནས་དབུལ་ཕོངས་ཀྱི་ཞྭ་མོའང་ཕུད་ཡོད་པས། ང་རང་ལ་མ་མཐའི་འཚོ་བའི་རོགས་དངུལ་དང་དབུལ་སྐྱོར་སྲིད་ཇུས་ལས་བླངས་ཏེ། སྲིད་ཇུས་བཟང་བོ་འདི་དག་ང་ལས་མཁོ་བའི་དཀའ་ངལ་མང་ཚོགས་ལ་རོགས་རམ་བྱེད་རོགས་ཟེར། 
དབུལ་ཕོངས་ནས་དབུལ་ཐར་ཕྱུག་འགྱུར་གྱི་དཔེ་སྟོན་དུ་གྱུར་བ་ནི་དབུལ་ཐར་གཟི་བརྗིད་དུད་ཚང་སུའུ་ཆིན་ཁྲུང་གི་རང་སྟེང་ནས་མཐོང་ཐུབ། འདི་ནི་ཏང་གི་དབུལ་སྐྱོར་སྲིད་ཇུས་ཀྱི་དྲོད་ཁོལ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཀྱི་འཛུགས་སྐྲུན་ལམ་དུ་བདེ་སྐྱིད་ཀྱི་འཚོ་བ་ནི་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཡིན་པ་གཞི་ནས་ཚོར་ཐུབ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།