༄༅།།ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་དུ་ཞུགས་པའི་འཐུས་མིར་མཇལ་འཕྲད་གནང་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2021-04-01 09:00:16 ཀློག་གྲངས།:
      ཟླ3པའི་ཚེས29ཉིན། རྒྱལ་ཡོངས་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གཟེངས་བསྟོད་དང་བྱ་དགའ་ཐོབ་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བར་མ་ཟད། ཁོ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས།
      དེ་མིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུའམ་ཀྲུང་དབྱང་སྒྲིག་ཨུའི་ཧྲུའུ་ཅི་ཀྲའོ་ལི་ཅི་གཉིས་མཇལ་འཕྲད་ལ་ཞུགས།
      སྔ་དྲོའི་ཆུ་ཚོད10པར། ཞི་ཅིན་ཕིང་སོགས་ཅིང་ཤིས་གསོལ་མགྲོན་ཁང་གི་གྲོས་ཚོགས་ཐོག་ཁང་གི་ཚོམས་ཆེན་དུ་ཕེབས་སྐབས། ཚོགས་ར་ཡོངས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་ཕེབས་ནས་ཚང་མར་བྱམས་བརྩེའི་ངང་གླེང་མོལ་གནང་ཞིང་དྲན་རྟེན་སྐུ་པར་བསྐྱོན།
      ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་ནམ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀུའོ་ཧྲེང་ཁུན་མཇལ་འཕྲད་ནང་ཞུགས་པ་དང་ཕྱོགས་སྡོམ་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གནང་། ཁོང་གིས་བསྟན་དོན། ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད། ཏང་གིས་མགོ་ཁྲིད་གནང་བའི་ཆབ་སྲིད་ཀྱི་ལེགས་ཆ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་བཅས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དེ་སྒུལ་ཤུགས་ཆེན་པོར་བསྒྱུར་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཡང་འབད་བསྐྱར་འབད་བྱས་ཏེ། ནག་སེལ་ངན་འཇོམས་འཐབ་རྩོད་རྒྱུན་གཏན་ངང་སྐུལ་འདེད་གཏོང་བ་དང་ཆུ་ཚད་སྔར་བས་མཐོ་བའི་བདེ་འཇགས་ཀྲུང་གོ་ཧུར་ཐག་ངང་བསྐྲུན་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་དགོས།
      ཏིང་ཞུའེ་ཞང་དང་། དབྱང་ཞའོ་ཏུའུ། ཁྲིན་ཞི། ཧོང་ཁུན་མིང་སོགས་མཇལ་འཕྲད་ལ་ཞུགས། ཀྲའོ་ཁེ་ཀྲི་མཇལ་འཕྲད་ལ་ཞུགས་ཤིང་ཚོགས་ཆེན་ལ་གཙོ་སྐྱོང་གནང་། ཀྲོའུ་ཆང་དང་ཀྲང་ཅུན་མཇལ་འཕྲད་ལ་ཞུགས་ཤིང་ཚོགས་ཆེན་ལའང་ཞུགས།
      ཚོགས་ཆེན་ཐོག་གཟེངས་བསྟོད་དང་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་བ་དང་། རྒྱལ་ཡོངས་ཀྱི་ནག་སེལ་ངན་འཇོམས་ཆེད་དོན་འཐབ་རྩོད་ཀྱི་སྔོན་ཐོན་ཚོགས་པ་དང་། སྔོན་ཐོན་ལས་དོན་པ། བྱ་དགའ་ཐོབ་པའི་ལས་བྱེད་པའི་འཐུས་མི་བཅས་ཀྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།