༄༅།།མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣས་མཚོ་ལྷོ་ཁུལ་དུ་གནའ་དཔེ་རྟོག་ཞིབ་བྱས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-24 16:19:29 ཀློག་གྲངས།:
བྲག་དཀར་རྫོང་དུ་རྟོག་ཞིབ་བྱེད་པ།
ནན་ཏན་གྱིས་ཀྲུང་དབྱང་པུའུ་ཨུའི་བརྒྱད་ཀྱི《བོད་རང་སྐྱོང་ལྗོངས་དང་སི་ཁྲོན། ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་བཞིའི་བོད་ཁུལ་གྱི་བོད་ཡིག་གནའ་དཔེ་སྲུང་སྐྱོབ་བྱ་བའི་ལག་བསྟར་འཆར་གཞིའི་སྐོར(2019-2025ལོ)》ལག་བསྟར་དངོས་འབེབས་དང་། ཚན་རིག་སྒོས《མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་བའི“ལོ་ལྔའི་འཆར་གཞི་བཅུ་བཞི་བ”(2021-2025ལོ)》སྒྲིག་བཟོ་བྱེད་པ་དང་། མུ་མཐུད་དུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་བ་ཚན་རིག་ངང་འཕེལ་རྒྱས་སུ་གཏོང་བར་གཏིང་ཟབ་སྐུལ་སྤེལ་བྱེད་ཅིང་། སྔར་ལས་ལྷག་པར་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་དཔེ་སྐྲུན་བྱ་བ་མཐུན་སྦྱོར་ངང་སྤེལ་བ་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཡིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རིག་གནས་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་དངོས་ཡོད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣས་སྤྱི་ཟླ6པའི་ཚེས22ནས་ཚེས24བར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
འབའ་རྫོང་དུ་རྟོག་ཞིབ་བྱེད་པ།
ཉིན་འདི་འགར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འགོ་ཁྲིད་སྙིང་བྱམས་རྒྱལ་སོགས་མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣ་དང་མཉམ་དུ་གསེར་ཆེན་རྫོང་གི་ཏིང་ཀྱཱ་དགོན་དང་ཐར་ཤུལ་དགོན། བྲག་དཀར་རྫོང་གི་སྤྲེལ་རྫོང་དགོན་པ་དང་སྟག་ལུང་དགོན། འབའ་རྫོང་གི་བདེ་ཆེན་དགོན་དང་ཁྱུང་དམར་དགོན། གཙང་དགོན་པ། མང་རྫོང་གི་སྨར་ཁམས་དགོན། ཁྲི་ཀ་རྫོང་གི་བིས་ཀྱཱ་དགོན། དེ་མིན་རྫོང་སོ་སོའི་མི་རིགས་སྐད་ཡིག་ལྟེ་གནས་བཅས་སུ་ཡུལ་དངོས་རྟོག་ཞིབ་དང་འབྲེལ་ཡོད་མི་སྣར་བགྲོ་གླེང་གི་ཚུལ་དུ་རྟོག་ཞིབ་བྱས་ཏེ་གནའ་དཔེ་རྩ་ཆེན་སྐོར་ཞིག་རྩད་ཆོད་དང་ལག་སོན་བྱུང་།
མང་རྫོང་དུ་རྟོག་ཞིབ་བྱེད་པ།
གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ནི་ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། རིག་གནས་ཀྱི་ཐོན་ཁུངས་རྩ་ཆེན་ཞིག་ཀྱང་ཡིན། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་མྱུར་སྐྱོབ། ལེགས་སྒྲིག་དང་དཔེ་སྐྲུན་བྱེད་པར་ཤུགས་བསྣན་ཏེ། “གནའ་དཔེ་ཁྲོད་བྲིས་པའི་ཡི་གེ་ལ་གསོན་ཤུགས་རྒྱས”པར་བྱེད་པ་ནི། མི་རིགས་སོ་སོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་། མི་རིགས་ཀྱི་སྒྲིལ་ཤུགས་ཇེ་དྲག མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱེད་པར་དགེ་མཚན་ཆེན་པོ་ལྡན།
ཁྲི་ཀ་རྫོང་དུ་རྟོག་ཞིབ་བྱེད་བཞིན་པ།
2025ལོར་སླེབས་དུས། 1.གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལས་དོན་དེ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཁྲོད་སྔར་ལས་ནུས་པ་འདོན་སྤེལ་བྱེད་པ་དང་། 2.གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་སྲུང་སྐྱོབ་དང་མྱུར་སྐྱོབ། ཡོངས་བཤེར། འཚོལ་སྡུད། ལེགས་སྒྲིག ལོ་ཙཱ། དཔེ་སྐྲུན། ཞིབ་འཇུག་བཅས་བྱ་བ་སྔར་ལས་ལེགས་པོར་བསྒྲུབ་སྟེ། གྲངས་ཉུང་མི་རིགས་གནའ་དཔེ་ཚན་རིག་སྒོས་དོ་དམ་དང་ནུས་ལྡན་གྱིས་སྲུང་སྐྱོབ་བྱེད་ཐུབ་དགོས། 3.གྲངས་ཉུང་མི་རིགས་གནའ་དཔེའི་ཡོངས་བཤེར་བྱ་བ་ཕལ་ཆེར་ཡོངས་སུ་ཁེབས་པ་དང་། རྟོག་དཔྱད་དང་མཐིལ་རྟོགས། དཀར་ཆག་སྒྲིག་པ་སོགས་བྱ་བར་དངོས་ཡོད་ཀྱི་ཕན་འབྲས་བླངས་ཏེ། གཞི་རྩའི་སྟེང་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཉར་ཚད་དང་། ཁྱབ་སྟངས། དར་ཁྱབ་གནས་ཚུལ་རྒྱུས་ལོན་བྱེད་ཐུབ་དགོས། 4.གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལེགས་སྒྲིག་དང་དཔེ་སྐྲུན་གྲུབ་འབྲས་མུ་འབྲེལ་ཅན་དང་ཁྱད་ལྡན་ཅན་གྱི་ཁྱད་ཆོས་མངོན་པ་དང་། གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ཉར་ཚགས་ལོ་རྒྱུས་དང་སྲིད་སྐྱོང་མི་སྐྱོང་གི་ནུས་པ་སྔར་ལས་མངོན་གསལ་ལྡན་དགོས།
མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་འབྲེལ་ཡོད་མི་སྣས་རྟོག་ཞིབ་བྱེད་བཞིན་པའི་ཚུལ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།