༄༅།།མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་ཀྱི་བྱ་དགའ་སྣ་མང་ཐོབ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-25 09:23:54 ཀློག་གྲངས།:
ཉེ་ལམ། ཀྲུང་གོའི་ཚན་རྩལ་པུའུ་དང་རྒྱལ་ཁབ་ཚན་རྩལ་དགའ་རྟགས་བྱ་བའི་གཞུང་སྒྲུབ་ཁང་གིས་ཆོག་མཆན་གནང་སྟེ་བཙུགས་པའི་ཀྲུང་གོའི་མི་རིགས་གསོ་རིགས་མཐུན་གྱི2019ལོའི་ཚན་རྩལ་བྱ་དགའ་དང་རིག་གཞུང་ལོ་ཚོགས་དེ་པེ་ཅིང་ཀྲུང་དབྱང་མི་རིགས་ལས་བྱེད་སློབ་གླིང་དུ་བསྡུས།
ཐེངས་འདིའི་གྲོས་ཚོགས་ལ་རིག་གཞུང་ཞིབ་འཇུག་དང་འབྲེལ་འདྲིས་ལས་གཞན་ད་དུང་། 2019ལོའི་ཀྲུང་གོའི་མི་རིགས་གསོ་རིག་ཚན་རྩལ་ཡར་ཐོན་བྱ་དགའ་དང་མི་རིགས་གསོ་རིག་བརྩམས་ཆོས་ཀྱི་བྱ་དགའ་འདེམ་ཐོན་བྱུང་བ་མ་ཟད་གཟེངས་རྟགས་ཀྱང་གནང་། དེ་སྔའི་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དོན་འགྲུབ་དབང་འབུམ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་ཞའོ་གྲོས་ཚོགས་ལ་ཞུགས་ཏེ་གཏམ་བཤད་གལ་ཆེན་གནང་། རྒྱལ་ཡོངས་གསོ་རིག་སྨན་བཅོས་ལས་རིགས་ཀྱི་ཚན་རྩལ་ལས་སྒྲུབ་པ400ལྷག་ཐེངས་འདིའི་གྲོས་ཚོགས་ལ་ཞུགས།
མི་རིགས་གསོ་རིག་བརྩམས་ཆོས་བྱ་དགའི་ཨང་གཉིས་པ་ཐོབ།
ད་ལོའི་ལོ་སྟོད་དུ། དུས་ཡུན་ཟླ་བ་གསུམ་གྱི་ཐོག་མའི་ཞིབ་བཤེར་དང་བསྐྱར་བཤེར། མཐའ་མའི་ཞིབ་བཤེར་དང་སྤྱི་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད། མཐའ་མར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ལ་ཀྲུང་གོའི་མི་རིགས་གསོ་རིག་མཐུན་ཚོགས་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཨང་གསུམ་པ་དང་མི་རིགས་གསོ་རིག་བརྩམས་ཆོས་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ། དེའི་མཚུངས་སུ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་ལས་གཞིའི་བོད་ཀྱི་གསོ་རིག་ལུམས་བཅོས་ཀྱི་འཐུས་ཚབ་པ་ཀླུ་བྱམས་རྒྱལ་དང་རྡོ་རྗེ་ཚེ་རིང་གཉིས་ཀྱིས་ལེགས་འགྲུབ་བྱུང་བའི་གཟུགས་འདས་ལས་གཞི《རྒྱུན་སྤྱོད་བོད་སྨན་འདུལ་སྦྱོང་གི་ལག་ལེན་དམར་ཁྲིད་ཕྱོགས་བསྡུས》ཞེས་པར་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའི་མི་སྒེར་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ལས་གཞིའི་བོད་ལུགས་གསོ་རིག་ཁྲག་གཏར་གསོ་ཐབས་ཀྱི་འཐུས་ཚབ་རང་བཞིན་རྒྱུན་འཛིན་པ་ཉི་མ་ཚེ་རིང་གིས་བསྒྲིགས་པའི་གཟུགས་འདས་ཆེད་རྩོམ《བོད་ཀྱི་གསོ་བ་རིག་པའི་གཏར་གའི་གསང་དམིགས་ཀུན་བཏུས》ཀྱི་ཐོག་མའི་ལེགས་འགྲུབ་པ་མི་སྒེར་ལ་མི་རིགས་གསོ་རིག་ཆེད་རྩོམ་བྱ་དགའི་ཨང་གཉིས་པ་ཐོབ་ལ། རྒྱལ་ཡོངས་ཀྱི་གྲགས་ཅན་ཀྲུང་བོད་གསོ་རིག་རྒྱུན་འཛིན་གཞུང་སྒྲུབ་ཁང་གི་ཚན་ཞིབ་གྲུབ་འབྲས《ཀྲུང་བོད་ནུབ་ལུགས་གསོ་རིག་གི་རྒྱུན་མཐོང་ནད་གཞིའི་ནད་ཐོག་བརྟག་བཅོས་ཉམས་མྱོང》ཞེས་པར་མི་རིགས་གསོ་རིག་བརྩམས་ཆོས་ཀྱི་བྱ་དགའི་ཨང་གཉིས་པ་ཐོབ།
འབྲེལ་ཡོད་འོས་སྦྱོར།

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།