༄༅།།མཚོ་ནུབ་ཁུལ་གྱིས་ལོ་གསར་ཇ་སྟོན་སྤྲོ་ཚོགས་བསྡུས།

རྩོམ་པ་པོ།:སྒོ་མེ་དོན་ཚེས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-31 17:38:02 ཀློག་གྲངས།:
ཉེ་ཆར། མཚོ་ནུབ་ཁུལ་གྱིས་ལོ་གསར་བསུ་བའི་ཇ་སྟོན་སྤྲོ་ཚོགས་གཏེར་ལེན་ཁ་རུ་བསྡུས། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་བུན་གོ་ཏུང་ཇ་སྟོན་སྤྲོ་ཚོགས་སུ་ཞུགས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧེ་ཡིས་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་རྗེ། ཁུལ་གྱི་འགོ་ཁྲིད་ཧྲི་ཚོང་བོའུ།  ཅང་བའེ་ཧྥུན། ཡིན་ཧེ་མིན། ལིག་གའོ་ཧྲིན། ལིས་ཅ་ཁྲིན། བང་ཞ་བཅས་གྲོས་ཚོགས་སུ་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིག་ཡན་ཁྲིན་གྱིས་ཚོགས་འདུར་འགོ་འཛིན་བྱས།
མིན་ཧེ་ཡིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། མཚོ་ནུབ་ཡན་ལག་དམག་ཁུལ། ཚོད་ལྟ་ཁུལ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། རིགས་སོ་སོའི་མི་དམངས་ཚོགས་པ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ངལ་རྩོལ་དཔེ་ལེགས་པ། རྒྱ་ཆེ་བའི་ལས་བཟོ་བ་དང་ན་གཞོན། ལས་བྱེད་དང་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་བློ་མཐུན་རྒན་པ། ཁུལ་སྡོད་བཅིངས་འགྲོལ་དམག དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ལས་བྱེད་སོགས་ལ་འཚམས་འདྲི་བྱས།
མིན་ཧེ་ཡིས་བསྟན་དོན། འདས་པའི་ལོ་གཅིག་གི་རིང་ལ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་རྒྱུན་འཁྱོངས་བྱས་ཏེ། ཏན་ཏིག་གིས་བརྗོད་དོན་སློབ་གསོ་སྤེལ་བ་དང་། འཕེལ་ཕྱོགས་གསར་བའི་བསམ་ཕྱོགས་ལག་བསྟར་དང་། འཕེལ་ཕྱོགས་ལ་ལྟ་བ་དང་རྒྱང་རིང་ལ་དམིགས་པ། གནད་འགག་དམ་འཛིན་བྱས་ཏེ་མཚོ་ནུབ་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱས། ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་རིགས་ཁག་གི་མི་སྣས་བློ་བརྟན་འགྱུར་མེད་སྒོས་ཏང་གི་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། དཔུང་བ་མཉམ་ཞིབ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བྱས་རྗེས་གལ་ཆེན་བཞག སྔོན་རྩིས་ལྟར་ན། ད་ལོར་ཁུལ་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱི་འབོར་བརྒྱ་ཆའི7.5འཕར་སྣོན་བྱུང་བ་དང་། བརྟན་འཇགས་རྒྱུ་ནོར་གྱི་དངུལ་གཏོང་བརྒྱ་ཆའི11འཕར་སྣོན་བྱུང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་སྣོན་རིན་ཐང་བརྒྱ་ཆའི8འཕར་སྣོན་བྱུང་། མཁར་གྲོང་སྡོད་དམངས་ཀྱི་ཉིན་རེའི་བཀོད་སྤྱོད་བྱས་ཆོག་པའི་ཡོང་འབབ་བརྒྱ་ཆའི8འཕར་སྣོན་བྱུང་ཞིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བྱས་པ་བརྟན་བརླིང་ཡིན་པ་དང་། ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པའི་དམིགས་ཚད་སྔོན་རྩིས་དང་མཐུན་པས། དབུལ་ཐར་མཁྲེགས་གཏོར་སྲ་བརྟན་མཐོར་འདེགས་བྱ་བར་ཐག་གཅོད་རང་བཞིན་གྱི་ཐོད་བརྒལ་བྱུང་ཞིང་། ཐོག་མའི་དཔྱད་འཇོག་བརྒྱུད། མཚོ་ནུབ་ཀྱིས་བདེ་བླག་ངང་ལོ་གཅིག་གི་དུས་སྔོན་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་བྱུང་བ་བསྟན།
མིན་ཧེ་ཡིས་བསྟན་དོན། 2020ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་ལ། ཞིང་ཆེན་ཏང་ཨུ་ཡི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་ཐབས་ཇུས་དངོས་འབེབ་དོན་འཁྱོལ་བྱེད་པའི་གནད་འགག་གི་ལོའང་ཡིན། མཚོ་ནུབ་ཀྱིས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་ཁྲིད་སྟོན་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་ནན་ཏན་གྱིས་དོན་འཁྱོལ་དང་།  ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐབས་ཇུས་དཀྱིལ་སྙིང་དུ་བཟུང་ནས། སྐྱེ་ཁམས་དམིགས་སུ་བཀར་བ་དང་། ལྷད་མེད་འཕེལ་རྒྱས་ཁྲིད་སྟོན་དུ་བྱེད་པ།  ཕྱོགས་ཡོངས་ནས་བརྟན་བརླིང་དྲུག་གི་བྱ་བ་ལེགས་པོར་སྒྲུབ་ཐོག  མཚོ་ནུབ་ཀྱི་དཔལ་འབྱོར་བསྟུད་མར་བདེ་བླག་ངང་འཕེལ་རྒྱས་ལ་འགན་སྲུང་བྱེད་དགོས་པ་བསྟན།
ཇ་སྟོན་སྤྲོ་ཚོགས་སྟེང་། རིག་རྩལ་བྱ་བ་སྒྲུབ་མཁན་རྣམས་ཀྱིས་གར་གྱི་སྟངས་སྟབས་དང་གླུ་ཡི་འགྱུར་ཁུག་གིས་ཚང་མར་ལོ་གསར་བར་བཀྲ་ཤིས་སྨོན་འདུན་ཞུ་པ་དང་། མཚོ་ནུབ་ཀྱི་དཔལ་འབྱོར་སྔར་ལས་འཕེལ་རྒྱས་ལ་བཀྲ་ཤིས་ཁ་གཡང་བོས།  
མཚོ་ནུབ་ཡན་ལག་དམག་ཁུལ་དང་། ཁུལ་དུ་སྡོད་པའི་དམག་མི་ཉེན་རྟོག་རུ་ཁག ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་། གཏེར་ལེན་ཁ་གྲོང་ཁྱེར་དང་། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། ཁུལ་དུ་སྡོད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། མི་དམངས་ཚོགས་པ་སོ་སོ། དེ་མིན་མི་རིགས་སོ་སོའི་ལས་བྱེད་པ་བཅས་ཇ་སྟོན་སྤྲོ་ཚོགས་ནང་ཞུགས།  
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།