༄༅།།མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་རྒྱུ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-15 11:46:03 ཀློག་གྲངས།:
མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་བཅོས་སྐྱོང་དང་། ཁོར་སྲུང་བྱེད་ཐབས། ཁྲིམས་འཛུགས་འཐུས་ཚང་། སྤྱི་ཚོགས་སྐུལ་སློང་སོགས་ཀྱི་ཐད་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་སྤེལ་བྱེད་རྒྱུ་རེད།
མཚོ་སྔོན་པོ་ནི་བྱ་བྱེའུ་ཡི་གནས་མལ་གལ་ཆེན་དང་། ནུས་རྒྱུད་ཀྱི་ཆུ་ཁུངས་གསོ་གནས་དང་ཆུ་རླུང་འཁོར་རྒྱུན་རྒྱུད་ལམ་གལ་ཆེན། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། 2019ལོར། མཚོ་སྔོན་པོའི་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4549.38ལ་སླེབས་ཤིང་། ཉམས་གནས་ཀྱི་སྲོག་ཆགས་དགོ་དམར་ནི2004ལོའི257ནས2700བར་འཕར་བ་དང་། མཚོ་སྔོན་པོའི་གསེར་ཉའམ་ཉ་མོ་ལིས་ཡུ(裸鲤)ཐོན་ཚད2002ལོར་གྱི་ཏུན2592ནས་ཏུན་ཁྲི9.3ལ་སླེབས་ཏེ། ལྡབ35.87འཕར།
མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལོ་གསུམ་འགུལ་སྐྱོད་འཆར་འགོད་ཀྱི་མཚོ་སྔོན་པོའི་བྱ་བའི་འཆར་ཇུས》སྒྲིག་འབེབས་གནང་སྟེ། “2020ལོར《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྤྱིའི་འཆར་འགོད》སྒྲིག་བཟོ་ལེགས་འགྲུབ་དང་། 2021ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྙན་ཞུ་བྱ་བ་སྤེལ་བ། 2022ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་མགོ་རྩོམ་པའི”ལོ་གསུམ་འགུལ་སྐྱོད་དམིགས་འབེན་གཏན་འཁེལ་བྱས།
ད་ལོར། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་ཁྲོད། མཚོ་སྔོན་པོས་བསྟུད་མར་སྐྱེ་ཁམས་སྲུང་སྐྱོབ་ལྟ་ཞིབ་དང་། མཚོ་སྐོར་སྐོར་ཞིབ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས། སྐྱེ་དངོས་སྣ་མང་རང་བཞིན་སོགས་ཕྱོགས་བསྡུས་རྟོག་ཞིབ་བྱས་ཏེ། ཁྱོན་ཡོངས་ནས“མཁའ་དབྱིངས་དང་ས་གཞི་གཞི་གཅིག་ཅན”གྱི་རང་བྱུང་སྲུང་སྐྱོང་ཁུལ་ཕྱོགས་བསྡུས་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱེད་པ་དང་། དགོ་དམར་དང་། ཁྲུང་ཁྲུང་། ཁྲུང་ཁྲུང་སྐེ་ནག་སོགས་རྩ་ཆེ་ཞིང་ཉམས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་འཚོ་སྡོད་གནས་གཞི་གལ་ཆེན་ལ་ལྟ་ཞིབ་ཚད་ལེན་དང་དཔྱད་འཇོག་བྱེད་ཤུགས་ཆེ་རུ་བཏང་སྟེ། དགོ་བའི་ཚན་ཞིབ་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་ཡིན། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།