༄༅།།མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་སྐོར་དང་པོའི་ལས་གཞི་འགྲུབ་སྟེ་སྐོར་གཉིས་པའི་ལས་གཞི་རྩོམ་ལ་ཉེ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-05-21 17:18:49 ཀློག་གྲངས།:
གཞི་རྩའི་གནས་ཚུལ།
མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་ལས་གཞི་སྐོར་གསུམ་དུ་དབྱེ་སྟེ་འཛུགས་སྐྲུན་བྱེད་པ་ཡིན་ཞིང་། དེ་ལས་སྐོར་དང་པོའི་ལས་གཞི་དང་སྐོར་གཉིས་པའི་ལས་གཞིའི་ས་ཁྱོན་ལ་མུའུ500དང་། རྨང་གཞི་སྒྲིག་ཆས་ཐད་མ་དངུལ་སྒོར་དུང་ཕྱུར7.03བཏང་། སྐོར་གསུམ་པའི་ལས་གཞི་འཛུགས་སྐྲུན་གྱི་དངུལ་གཏོང་ནི་ཚོང་ར་ཅན་གྱི་རྣམ་པས་འཛུགས་སྐྲུན་བྱེད་པ་ཡིན་ལ། སའི་གཞི་ཁྱོན་ལ་མུའུ700དང་རྨང་གཞི་སྒྲིག་ཆས་ཐད་མ་དངུལ་སྒོར་དུང་ཕྱུར14གཏོང་བ་ཡིན། སྐོར་དང་པོའི་ལས་གཞི་ལ་སྨི་གྲུ་བཞི་མ5000ཅན་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། སྨི་གྲུ་བཞི་མ5000ཅན་གྱི་རིག་ལྡན་གྲོང་ཁྱེར་སྤྱོད་ནུས་འགྲེམ་སྟོན་ལྟེ་གནས། ནུས་ཁུངས་ལྟེ་གནས། འབྲེལ་ཡོད་ཆ་ཚང་རྨང་གཞིའི་སྒྲིག་ཆས་བཅས་འདུས་ཤིང་། སྐོར་གཉིས་པའི་ལས་གཞི་ལ་སྨི་གྲུ་བཞི་མ་ཁྲི2ཅན་གྱི་གཞི་གྲངས་ཆེན་མོའི་ལྟེ་གནས་དང་། སྨི་གྲུ་བཞི་མ་ཁྲི1ཅན་གྱི་ཐོན་ལས་གསོ་སྐྱོང་རྟེན་གཞི། སྨི་གྲུ་བཞི་མ་ཁྲི1.3ཅན་གྱི་སྤྱི་བའི་གླ་ཁང་དང་འབྲེལ་ཡོད་ཆ་ཚང་རྨང་གཞིའི་སྒྲིག་ཆས་འདུས། སྐོར་གསུམ་པའི་ལས་གཞི་ལ་སའི་གཞི་ཁྱོན་མུའུ1000དང་། གཞི་རྩའི་སྒྲིག་ཆས་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར14དང་ཐོན་ལས་ནང་འདྲེན་བྱེད་པར་མ་དངུལ་སྒོར་དུང་ཕྱུར56བཏང་སྟེ། གཙོ་ཆེར་དོ་དམ་སྤྱི་ཁྱབ་པུའུ་དང་། ལས་སྐྲུན་མ་འཇོག་རྟེན་གཞི། བོད་ཡིག་གྲངས་འཛིན་པར་བསྐྲུན་རྟེན་གཞི། ཆ་འཕྲིན་ཅན་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི། ཚོགས་འགྲེམས་ལྟེ་གནས། དེ་མིན་འབྲེལ་ཡོད་ཞབས་ཞུ་སྒྲིག་ཆས་ཀྱི་ཐད་གཏོང་བ་ཡིན་ལ། ཡུལ་སྐོར་དང་ནུས་ཁུངས་གསར་བའི་ལས་རིགས་ཐོན་ཁུངས་གཅིག་སྡེབ་བྱེད་པ་གཙོར་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དེ་རྒྱལ་ཁབ་རིམ་པའི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དུ་འཛུགས་སྐྲུན་བརྩོན་ལེན་བྱེད་པ་ཡིན།
ལས་གཞི་འདི་ནི་ཧའེ་ཧུའེ་མ་འཇོག་ཀུང་ཟི་དང་ཀུའོ་ཞིན་རོང་ཀྲི་ཐེབས་རྩ་དོ་དམ་ཚད་ཡོད་ཀུང་ཟི། མཚོ་སྔོན་པེ་ཞང་གྲོང་ཁྱེར་མ་འཇོག་ཀུང་ཟི་བཅས་མཉམ་གྱི་སྒྲིག་གཞི་གྲུབ་སྟེ། དམིགས་འགུགས་དམིགས་འཇོག་བྱེད་པར་བརྒྱུད་ནས་ལག་བསྟར་ཐོབ་ཐང་བླངས་ཤིང་། ལས་གཞི་མ་འཇོག་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ལེགས་པོར་བསྒྲུབ་ཆེད། PPPལས་གཞིའི་རེ་འདུན་ལྟར། མ་རྩ་མཉམ་འཇོག་སྒོས་ལས་གཞི་འཛུགས་སྐྲུན་གྱི་ཀུང་ཟི(མཚོ་ལྷོ་ཁུལ་ཡུན་ཧུའེ་གཞི་གྲངས་ཆེན་མོའི་ཐོན་ལས་དོ་དམ་ཚད་ཡོད་ཀུང་ཟི། བསྡུས་མིང་ལ་ཡུན་ཧུའེ་ཀུང་ཟི)དང་ལས་གཞི་འཁོར་སྐྱོད་ཀུང་ཟི(མཚོ་སྔོན་ཡུན་ཀུའུ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དོ་དམ་ཚད་ཡོད་ཀུང་ཟི། བསྡུས་མིང་ལ་ཡུན་ཀུའུ་ཀུང་ཟི)བཙུགས། ཡུན་ཧུའེ་ཀུང་ཟིས་ཆིངས་ཡིག་ལྟར། ལས་གཞི་འདིར་མ་དངུལ་གཏོང་འཇོག་དང་། འཛུགས་སྐྲུན། འཁོར་སྐྱོད། སྲུང་སྐྱོང་བཅས་བྱེད་པ་ཡིན་ལ། འཛུགས་སྐྲུན་ལེགས་འགྲུབ་བྱུང་རྗེས། བོགས་གཏོང་རིན་ཡོན་དང་། གཞིས་དམ་རིན་ཡོན། ལས་སྒོའི་རིན་ཡོན། ནོར་སྲིད་ཀྱི་བྱེད་འཐུས་རང་བཞིན་ཆད་སྟོང་གསབ་དངུལ་བཅས་ཡོང་སྒོ་གཙོ་བོ་ཡིན་པ་དང་། བྱེད་འཐུས་རང་བཞིན་ཆད་སྟོང་གསབ་དངུལ་གྱི་ཚད་བཀག་ལོ་ནི་ལོ20དང་། ལོ30ལ་ལས་གཉེར་བྱས་ཆོག་ཅིང་། ལོ30རྗེས་ནས་རྒྱུ་ནོར་ཁུལ་སྲིད་གཞུང་གིས་རྩིས་ལེན་བདག་དམ་བྱེད་པ་ཡིན།
ལས་གཞིའི་འཕེལ་ཚད།
སྐོར་དང་པོའི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར2.8བཏང་སྟེ། རིག་ལྡན་གྲོང་ཁྱེར་སྤྱོད་ནུས་འགྲེམ་སྟོན་ལྟེ་གནས་དང་། གཞི་གྲངས་ལྟེ་གནས། ནུས་ཁུངས་ལྟེ་གནས་བཅས་ཡོངས་སུ་ལེགས་འགྲུབ་བྱུང་ཞིང་། འཕྲུལ་ཁང་གི་སྒྲིག་ཆས་ཡོངས་སུ་གློག་རྒྱུག་འཁོར་སྐྱོད་བྱས་པ་དང་། གླིང་ནང་ཁུལ་གྱི་གཞུང་ལམ་དང་ཆ་ཚང་སྒྲིག་ཆས་ད་སྔ་ལས་བཞིན་པའི་སྒང་ཡིན་ལ། ཟླ6པའི་ཟླ་མཇུག་ཏུ་ལེགས་འགྲུབ་འབྱུང་ངེས། 
དུས་མཚུངས་སུ། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་མཚན་སྙན་དྲིལ་སྒྲོག་དང་། ཞིང་ཆེན་ཕྱི་ནང་གི་གཞི་གྲངས་ཆེན་མོའི་ཐོན་ལས་མཚོ་ལྷོ་རུ་འདྲེན་པར། ཟླ5བའི་ཚེས7ཉིན། གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་སྐོར་དང་པོའི་ལས་གཞི་འཁོར་སྐྱོད་དང་གཞི་གྲངས་ལྟེ་གནས་ལེགས་འགྲུབ་བྱུང་བའི་མཛད་སྒོ་བསྡུས།
སྐོར་གཉིས་པའི་ལས་གཞི་ལ་རགས་རྩིས་མ་དངུལ་སྒོར་དུང་ཕྱུར4.6ཡིན་ལ། མིག་སྔར་ས་ཞིང་ལག་འཁྱེར་དང་ས་སྤྱོད་འཆར་འགོད་ཆོག་འཐུས་ལག་ཁྱེར་གྱི་འགྲོ་ལུགས་བསྒྲུབ་བཞིན་ཡོད་ཅིང་། ཐོག་མའི་ཞིབ་བཤེར་གྱི་དུས་སྐབས་སུ་གནས་པ་དང་། ཟླ6པའི་ནང་དམིགས་འགུགས་དམིགས་འཇོག་བྱ་བ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱེད་པ་ཡིན།
སྲིད་དོན་སྤྲིན་ཞབས་ཞུ་དང་རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་གྱི་བྱ་བ་ལག་བསྟར་བྱེད་པ།
གཅིག་ནི་དཀར་གསལ་བཟོ་བཀོད་དང་། ཡོངས་འཛིན། ཁུལ་ཡོངས་ཀྱི་ལས་ཁུངས་དང་སྡེ་ཁག15བཅས་བསྡོམས་པས་ལས་རིགས་མ་ལག200ལྷག་མཚོ་ལྷོ་ཁུལ་སྲིད་དོན་སྤྲིན་སྟེགས་བུ(HCSO)རུ་སྤོས་པ་མ་ཟད་ཐོན་ལས་གླེང་གི་སྐོར་དང་པོའི་ལས་གཞི་ཁྲོད་འཁོར་སྐྱོད་བྱེད་པ་ཡིན།
གཉིས་ནི་མཚོ་ལྷོ་ཁུལ་རིག་ལྡན་གྲོང་ཁྱེར་གྲངས་འཛིན་དོ་དམ་སྟེགས་བུའི(IOC)ལས་གཞི་འཛུགས་སྐྲུན་བྱེད་པ་ཡིན་ལ། མིག་སྔར་མ་ལག་གི་མཉེན་ཆས་བཀོད་སྒྲིག་ར་སྤྲོད་དང་། IOCའཆར་ཤེལ་ནང་དོན་ཇུས་འགོད། སྲིད་དོན་ཆ་འཕྲིན་མཉམ་སྤྱོད་དྲ་རྒྱ་ཇུས་འགོད་སོགས་ཀྱི་བྱ་བ་བསྒྲུབ་བཞིན་ཡོད།
མ་འོངས་འཆར་གཞི།
གཞི་གྲངས་ཆེན་མོ་དང་སྤྲིན་རྩིས། ཟོག་སྦྲེལ་དྲ་བ། 5G། མིས་བཟོས་རིག་ནུས་སོགས་གསར་སྐྲུན་གྱི་རྐྱེན་གཙོ་བོ་དག་གཅིག་ཏུ་བསྡུས་ཏེ། རྒྱལ་ཁབ་རིམ་པའི་ནུས་ཁུངས་རིག་ལྡན་ཆ་འཕྲིན་སྟེགས་བུ་དང་། སྤྲིན་རྩིས་གཞི་གྲངས་ཆེན་མོའི་རྟེན་གཞི། ནུས་ཁུངས་གསར་བ་གཅིག་འདུས་ཀྱི་རིག་ནུས་འཁོར་སྲུང་དཔེ་སྟོན་རྟེན་གཞི། ནུས་ཁུངས་གསར་བའི་བཟོ་ལས་ཀྱི་རྒྱལ་ཁབ་རིམ་པའི་འཕྲིན་སྦྲེལ་དྲ་བའི་དཔེ་སྟོན་རྟེན་གཞི་སོགས་ལས་གཞི་གསར་བ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་བཟོ་ལས་འཕྲིན་སྦྲེལ་དྲ་བའི་ལག་རྩལ་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་དང་། རྒྱལ་ཡོངས་ནུས་ཁུངས་གསར་བའི་བཟོ་ལས་འཕྲིན་སྦྲེལ་དྲ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་ཏེ།
གཅིག་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་མཐོ་གནས་བསྐྲུན་རྒྱུ། ཡོངས་འཛིན་འཚེལ་བཤེར་གྱི་འཕེལ་རྒྱས་ལེགས་ཆ་ལ་བརྟེན་ནས། འཛམ་གླིང་བོད་སྐད་སྤྱོད་ཁོངས་ལ་ཕན་འབྲས་མཐོ་ཞིང་ཡིད་རྟོན་རུང་བའི་གཞི་གྲངས་གསོག་འཇོག་དང་གྲབས་གསོག་ཞབས་ཞུ་མཁོ་འདོན་བྱས་ཏེ། ཐོན་ཁུངས་མཉམ་སྤྱོད་དང་གཞི་གྲངས་ཕན་ཚུན་བརྗེ་རེས་མངོན་འགྱུར་བྱེད་པ་དང་། ལས་རིགས་མ་ལག་བདེ་འཇགས་ཀྱི་ཚད་མཐོ་རུ་གཏོང་བ། ཡོངས་འཛིན་འཚོལ་བཤེར་གྱི་བོད་ཡིག་དྲ་རྒྱའི་སྟེགས་བུ་ཞབས་ཞུ་སྤྱོད་མཁན་མང་དུ་བསྐྱེད་ནས། ལྷན་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་མཐོ་གནས་བསྐྲུན་རྒྱུ།
གཉིས་ནི་གཙོ་གནད་ལས་གཞི་མཉམ་འབྲེལ་འཕེལ་རྒྱས་སུ་གཏོང་རྒྱུ། ཀྲུང་གོའི་ནུས་ཁུངས་མཐུན་སྦྱོར་རིག་ལྡན་ཚན་རྩལ་ཚད་ཡོད་ཀུང་ཟི་དང་རིག་ལྡན་ནུས་ཁུངས་ཐོན་ལས་མནའ་འབྲེལ་ལ་མཉམ་འབྲེལ་སྒོས་རྒྱལ་ཁབ་རིམ་པའི་ནུས་ཁུངས་གཞི་གྲངས་ཆེན་མོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུ་དང་། ལུང་ཅི་ལྗང་ནུས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཉམ་ཤུགས་སྒོས་རྒྱལ་ཁབ་རིམ་པའི་ནུས་ཁུངས་གསར་བའི་བཟོ་ལས་འཕྲིན་སྦྲེལ་དྲ་རྒྱའི་དཔེ་སྟོན་ལས་གཞི་བསྐྲུན་རྒྱུ། ཁུལ་དང་རྫོང་མཉམ་སྦྱོར་གྱིས་གཅིག་གྱུར་གྱི་གྲངས་འཛིན་ཅན་སྟེགས་བུ་བསྐྲུན་པ་དང་། ཁུལ་དང་རྫོང་རིམ་པ་གཉིས་ཀྱི་མཉམ་སྐྲུན་རིག་ལྡན་གྲོང་ཁྱེར་གསར་བའི་མ་དཔེ་བསྐྲུན་རྒྱུ་ཡིན། 
དེའི་མཚུངས་སུ། ཧྭ་ཝེ་ཀུང་ཟི་དང་མཉམ་འབྲེལ་སྒོས་ཁུན་ཕེང་ཆ་འཕྲིན་ལག་རྩལ་གསར་སྐྲུན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཏེ། རང་རྒྱལ་ཐོན་སྐྱེད་སྒྲིག་ཆས་བརྗེ་སོར་བསྒྱུར་བཀོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། བོད་སྐད་ཁུན་ཕེང་སྐྱེ་ཁམས་སྒྲིག་འཛུགས་ལ་ཤུགས་སྣོན། ཁུན་ཕེང་ཐོན་ལས་གསོ་སྐྱོང་བྱ་རྒྱུ།
གསུམ་ནི་འཕྲིན་གཏོང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་ཆེན་ཡོངས་ཀྱི་རྩད་ཤེལ་བརྙན་ཞབས་ཞུ་འཕྲུལ་ཆས་དང་རྒྱལ་སྤྱིའི་འཕྲིན་སྦྲེལ་དྲ་རྒྱའི་གཞི་གྲངས་ཆེད་སྤྱོད་བརྒྱུད་ལམ་ལས་གཞི་འཛུགས་སྐྲུན་ལ་སྦྱར་ཏེ། ཟི་ལིང་ནས་གུང་ཧོའི་མཆེད་བསྐྱེད་བར་གྱི་ལས་གཞི་ཡར་ཞུ་བྱེད་པ་དང་། འཕྲིན་གཏོང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་དང་རྒྱལ་ནང་། རྒྱལ་སྤྱིའི་ཕྱིར་གཏོང་ཐགས་ཡངས་དྲ་རྒྱ་དང་བཞུར་ཚད་མཐུད་སྦྲེལ་ནུས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། དྲ་རྒྱའི་བར་གྱི་བདེ་འཇགས་གཤིས་ནུས་དང་འཕྲིན་གཏོང་སྤུས་ཚད་ལེགས་བཅོས་སྒོས། མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་ཀྱིས་ཕྱི་ཕྱོགས་ལ་ཞབས་ཞུ་གནང་བའི་ནུས་ཤུགས་མཐོར་འདེགས་སུ་གཏོང་རྒྱུ།
བཞི་ནི་རྒྱལ་ཁབ་ཀྱིས་རྨང་གཞི་འཛུགས་སྐྲུན་གསར་བ་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱེད་པ། མཚོ་སྔོན་ཞིང་ཆེན་གྱི་གསེར་ཆེན་གཤོང་ས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་རྒྱལ་ཁབ་ཀྱིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་འདོན་པའི་གོ་སྐབས་དམ་འཛིན་བྱས་ཏེ། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དང་ཡོངས་འཛིན་འཚོལ་བཤེར་གྱི་མཚན་སྙན་ལེགས་ཆ། སྟེགས་བུའི་ལེགས་ཆ། ལག་རྩལ་གྱི་ལེགས་ཆ། གཅིག་འདུས་ལེགས་ཆ། ཞབས་ཞུའི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་དང་། ལས་གཞི་དང་མ་དངུལ། ཆ་ཚང་སྲིད་ཇུས་བརྩོན་ལེན་བྱས་ཏེ། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་རྒྱུ།
མཚོ་སྔོན་ཞིང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་ལ་གཟིགས་ཞིབ་གནང་སྐབས་བསྟན་དོན།
ཚོང་རའི་གཙོ་གཞི་ཞིབ་འཇུག་ལེགས་པོ་དང་མཚོ་སྔོན་ཞིང་ཆེན་གྱི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”དང“དཔེ་སྟོན་ཞིང་ཆེན་ལྔ”།“དཔལ་འབྱོར་གནས་སྟངས་རིགས་བཞི”སོགས་འཕེལ་རྒྱས་ཀྱི་འཐབ་ཇུས་དམ་འཛིན་བྱེད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་བབ་ལ་རྒྱུས་ལོན་ཟབ་མོ་གནང་སྟེ། གླིང་ཁུལ་ཁེ་ལས་དངོས་ཡོད་དང་མཐུན་པའི་སྤུས་ལེགས་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དུ་འཇུག་དགོས། མཚོ་སྔོན་གྱི་ཁྱད་ལྡན་དང་དེའི་ཐོན་ཁུངས་ཁྱད་ཆོས་ཀྱི་ཚོང་རྟགས་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་གནང་སྟེ། ཚོང་རྟགས་ཀྱི་མཚན་སྙན་གྲགས་དང་། རྒྱུན་མཐུད་ཐུབ་པ། ཤུགས་རྐྱེན་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཐཱན་དམའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། གླིང་ཁུལ་སྲོག་ཤིང་ཐོན་ལས་ཕྲེང་སྦྲེལ་བསྐྲུན་པའི་གནད་དོན་ལ་ཞིབ་འཇུག་ཟབ་མོ་གནང་སྟེ། སྤྲིན་རྩིས་དང་། སྤྲིན་གཞིག སྤྲིན་ཚོར་མཉམ་སྦྱོར་འཕེལ་རྒྱས་སུ་བཏང་སྟེ། སྤུས་ལེགས་འཕེལ་རྒྱས་སུ་འགྲོ་བའི་ཐོན་ལས་ཕྲེང་སྦྲེལ་དང་། སྒུལ་ཤུགས་ཕྲེང་སྦྲེལ་ལ་སྐུལ་སྤེལ་བྱེད་དགོས།
མཚོ་ལྷོ་ཁུལ་གྱིས་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་སྲོག་ཤིང་ཐོན་ལས་ཕྲེང་སྦྲེལ་འཛུགས་སྐྲུན་བྱེད་པ་དེ་ཐོན་ལས་གསར་བ་འཕེལ་རྒྱས་སུ་གཏོང་བའི་ལས་གཞི་གལ་ཆེན་དུ་བཟུང་བ།
100%ནུས་ཁུངས་གཙང་མའི་ལེགས་ཆ་དང་ཧྭ་ཝེ་ཀུང་ཟིའི་ཆ་འཕྲིན་ལག་རྩལ་ཆེན་མོ་ལ་བརྟེན་ནས། སྤུས་ལེགས་འཕེལ་རྒྱས་སུ་འགྲོ་བའི་སྲོག་ཤིང་ཐོན་ལས་ཕྲེང་སྦྲེལ་དང་སྒུལ་ཤུགས་ཕྲེང་སྦྲེལ་སྐུལ་སྤེལ་བྱེད་པ་ཡིན།
གཅིག་ནི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་གི་སྐོར་གཉིས་པའི་བཟོ་བཀོད་ཟླ6པར་དུས་ལྟར་མགོ་རྩོམ་ཐུབ་པར་བྱེད་པ།
གཉིས་ནི་ཀྲུང་གོའི་ནུས་ཁུངས་མཐུན་སྦྱོར་དང་ལུང་ཅི་མ་རྐང་ཁེ་ལས་གཉིས་མཚོ་ལྷོར་སྤོ་བ།
གསུམ་ནི་ཧྭ་ཝེ་ལ་མཉམ་འབྲེལ་སྒོས་ལྷན་དུ་ཁུན་ཕེང་གློག་རྡུལ་རྩིས་ལེན་སྐྱེ་ཁམས་དེ་ཐོན་ལས་ཀྱི་ལག་རྩལ་གཙོ་བོར་སྐུལ་སྤེལ་བྱེད་པ།
བཞི་ནི་རང་རྟོགས་ཀྱིས་ཏཱ་ཐང་མཐུན་ཚོགས་ལ་མཐུན་འབྲེལ་གྱིས་གཞི་གྲངས་ཆེན་མོའི་ཁུལ་དུམ་ཕྲེང་སྦྲེལ་མ་ལག་ཐོན་ལས་གླིང་དུ་གཞིས་ཆགས་པར་འཇུག་པ་ཡིན།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།