༄༅།།མཚོ་ལྷོ་ཁུལ་རིག་གནས་ཁང་གིས་གཟུགས་འདས་ཤུལ་བཞག་རིག་གནས་སློབ་གྲྭར་སྐྱོད་པའི་བྱ་འགུལ་སྤེལ།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-15 10:37:52 ཀློག་གྲངས།:
གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ནུས་ཤུགས་མཐོར་འདེགས་དང་། གཟུགས་འདས་ཤུལ་བཞག་རྒྱུན་འཛིན་པའི་སྤྱི་ཚོགས་ཤུགས་རྐྱེན་མཐོར་འདེགས་སུ་གཏོང་ལ། ན་ཆུང་གཞོན་ནུས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པར་སྤྲོ་བ་བསྐྱེད་པ་དང་། སྔར་ལས་ལྷག་པར་རྒྱ་ཆེ་བའི་དགེ་སློབ་དག་གིས་གཟུགས་འདས་ཤུལ་བཞག་རིག་གནས་ལ་ངོས་འཛིན་ལེགས་པོ་བྱས་ཏེ། ཁོ་ཚོ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུན་འཛིན་དང་གསར་སྐྲུན་གྱི་གཙོ་འདོན་ནུས་ཤུགས་སུ་འགྱུར་བར། མཚོ་ལྷོ་ཁུལ་རིག་གནས་ཁང་གིས་མཚོ་ལྷོ་ཁུལ་རིག་དངོས་བཤམས་སྟོན་ཁང་ལ་མཉམ་འབྲེལ་སྒོས། ཟླ6པའི་ཚེས13ཉིན། རྒྱལ་ཡོངས་ཀྱི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཨང་བཅོ་ལྔའི་ཉིན། གསེར་ཆེན་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པར་གཟུགས་འདས་ཤུལ་བཞག་རིག་གནས་དྲིལ་སྒྲོག་བྱ་འགུལ་སྤེལ།
བྱིས་པ་རྣམས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།
ཐེངས་འདིའི་བྱ་འགུལ་ལ་འཕྲེད་བྱང་འགེལ་བ་དང་དྲིལ་སྒྲོག་ལག་དེབ་སྒྲོག་འགྲེམ། དགེ་སློབ་རྣམས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་བཅའ་ཁྲིམས》གསལ་འགྲེལ་གནང་བ་དང་། མཚོ་ལྷོ་ཁུལ་གྱི་ཞིང་ཆེན་རིམ་པ་དང་ཁུལ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་སྐོར་ཞིག་རྩ་འཛུགས་བྱས་ཏེ་གཟུགས་འདས་ཤུལ་བཞག་གི་རྣམ་གྲངས་འཁྲབ་སྟོན་བྱས། དེ་མིན། ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རྣམ་གྲངས་དང་མཚོ་ལྷོ་ཁུལ་གྱི་གཙོ་གནད་རིག་དངོས་ཤུལ་བཞག་འགྲེམ་པང་འགྲེམ་སྟོན་གནང་བ་མ་ཟད། གཟུགས་འདས་ཤུལ་བཞག་གི་རྒྱུན་ཤེས་འགྲན་བསྡུར་དང་བོད་ཀྱི་བཙིར་འགྱིག་འཁྲབ་སྟོན་འགྲན་བསྡུར་སོགས་རྣམ་པར་བརྒྱུད་དེ། ཕུལ་བྱུང་གི་མི་རིགས་སྲོལ་རྒྱུན་རིག་གནས་སློབ་རར་བསྐྱོད་པ་དང་། དགེ་སློབ་རྣམས་ལ་ཕུན་སུམ་ཚོགས་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསོལ་སྟོན་བཤམས་ལ། སློབ་གྲྭའི་དགེ་སློབ2000ལ་ཉེ་བ་ཐེངས་འདིའི་བྱ་འགུལ་དུ་ཞུགས།
ཐེངས་འདིའི་བྱ་འགུལ་བརྒྱུད། དགེ་སློབ་རྣམས་ལ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཛེས་སྡུག་ཉམས་སུ་མྱོང་བར་བྱས་ཏེ། ཁོ་ཚོ་སྔར་ལས་ལྷག་པར་གཟུགས་འདས་ཤུལ་བཞག་རིག་གནས་ལ་དུངས་པ་དང་དེ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།