༄༅།།ཀླུ་ཁོ་རྒྱལ་གྱིས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱས།

རྩོམ་པ་པོ།:དོན་གྲུབ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-06-16 09:49:38 ཀློག་གྲངས།:
ཟླ6པའི་ཚེས3ནས་ཚེས11བར། མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་གྱིས་ཁུལ་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་དང་སློབ་སྦྱོང་བྱས།
རྟོག་ཞིབ་ཚོགས་པ་སྔ་རྗེས་སུ་རུའོ་ཆང་རྫོང་དང་། ཁྲི་མོ་རྫོང་། ལོན་ཐའེ་རྫོངརྫོང་སོགས་རྫོང་བརྒྱད་དང་གྲོང་ཁྱེར་གཅིག་ལ་བཟོ་ལས་དཔལ་འབྱོར་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་ཁོར་ཡུགགྲོང་གསེབ་དར་རྒྱས། མི་རིགས་རིག་གནས་སོགས་ཀྱི་ཐད་ཡུལ་དངོས་སུ་རྟོག་ཞིབ་དང་སློབ་སྦྱོང་གནང་ཞིང་བཞུགས་མོལ་ཚོགས་འདུ་འཚོགས། པ་ཀྲོའུ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཅ་ཁྲུན་ལིན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
ཅ་ཁྲུན་ལིན་གྱིས་པ་ཀྲོའུ་སྲིད་གྲོས་ཀྱི་ཚབ་བྱས་ཏེ་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་རྟོག་ཞིབ་ཚོགས་པ་དང་བཅས་པར་དགའ་བསུ་ཞུས། ཁོང་གིས་མཚོ་ནུབ་ཁུལ་དང་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་ནི་ཁྱིམ་མཚེས་མཛའ་མཐུན་ཁུལ་ཡིན་པ་དང་དུས་ཡུན་རིང་པོའི་ནང་། ཁུལ་གཉིས་འཆམ་མཐུན་མཉམ་གནས་དང་འགྲོ་འོང་དམ་ཟབ་བྱས་ཏེ་ཧ་ཅང་མཛའ་གྲོགས་ཀྱི་འབྲེལ་བ་དང་མཐུན་སྒྲིལ་དམ་ཟབ་ཀྱི་མཛའ་གྲོགས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཁུལ་གཉིས་ཀྱི་ཏང་ཨུས་ཁུལ་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད། ད་ཐེངས་མཚོ་ནུབ་ཁུལ་སྲིད་གྲོས་རྟོག་ཞིབ་ཚོགས་པ་པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་པར་བསྐྱོད་དེ་ཁུལ་གཉིས་དབར་གྱི་མཛའ་གྲོགས་འགྲོ་འོང་དང་སྲོལ་རྒྱུན་མཛའ་གྲོགས་སྔར་བས་ཇེ་ཟབ་ཏུ་ཕྱིན་ཡོད། པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་སྲིད་གྲོས་དང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན། རྟག་ཏུ་སྤེལ་རེས་དང་། འགྲོ་འོང་། གྲོས་མོལ་མང་ཙམ་བཅས་བྱས་ནས་ཐུན་མོང་ཐོག་ས་གནས་གཉིས་ཀྱི་སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐབས་འདོན་ཇུས་འབུལ་དང་སྟོབས་ཤུགས་ཆེན་པོ་འདོན་དགོས་བའི་རེ་བ་བཏོན།
ཀླུ་ཁོ་རྒྱལ་གྱིས་ཉེ་བའི་ལོ་ཤས་རིང་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་ཐད་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་ཤིང་། རྟོག་ཞིབ་དང་སློབ་སྦྱོང་བྱས་པ་བརྒྱུད། པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཐད་ཀྱི་བྱེད་ཐབས་བཟང་པོ་སློབ་སྦྱོང་གཏིང་ཟབ་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་པ། ཕན་ཚུན་དཔྱད་གཞིར་བཟུང་ནས་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ཏེ་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ནུས་བ་ཐོན་ཡོད། དེ་དང་ཆབས་ཅིག་ས་གནས་གཉིས་པོའི་སྲིད་གྲོས་འབྲེལ་མཐུད་དང་སྤེལ་རེས། རྟོག་ཞིབ་དང་སློབ་སྦྱོང་བྱས་པ་བརྒྱུད། པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སོགས་ཐད་ཀྱི་བྱེད་ཐབས་བཟང་པོ་སློབ་སྦྱོང་གཏིང་ཟབ་བྱས་ནས་ཕྱོགས་གཉིས་པོའི་མཉམ་ལས་སྤེལ་རེས་ལ་སྔར་བས་ཤུགས་སྣོན་རྒྱག་དགོས། ཕན་ཚུན་དཔྱད་གཞིར་བཟུང་ནས་སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱས་ཏེ་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ནུས་བ་འདོན་རྒྱུ། དེ་དང་ཆབས་ཅིག་ས་གནས་གཉིས་པོའི་སྲིད་གྲོས་འབྲེལ་མཐུད་དང་སྤེལ་རེས་བྱས་པ་བརྒྱུད་པ་དབྱིན་ཀུའོ་ལིང་སོག་རིགས་རང་སྐྱོང་ཁུལ་སྲིད་གྲོས་དང་མཚོ་ནུབ་ཁུལ་སྲིད་གྲོས་ཀྱི་སྤེལ་རེས་མཉམ་ལས་སྒོ་དབྱེ་མཉམ་འདྲེས་དང་མཉམ་འཕེལ་མཉམ་རྒྱས་ཀྱི་མཐོ་ས་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་ཟེར། 
བཞུགས་མོལ་ཚོགས་འདུའི་སྟེང་། ཕྱོགས་གཉིས་གའི་ཚོགས་ཞུགས་མི་སྣས་ཕྱོགས་བསྡུས་བཅོས་སྐྱོང་བདེ་འཇགས་འཛུགས་སྐྱོང་དང་། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ལས་དོན་ཐད་སྤེལ་རེས་གཏིང་ཟབ་བྱས་པ་མ་ཟད། ད་དུང་མཉམ་ལས་གཉིས་ཕན་དང་དེ་བཞིན་ཁུལ་གཉིས་ཀྱི་དབར་གནམ་གྲུ་ཤར་གཏོང་ཐུབ་པ་དང་། ཡུལ་སྐོར་ཆེད་སྤྱོད་མེ་འཁོར་མང་དུ་གཏོང་བ། ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྤེལ་རེས་སོགས་ཀྱི་ལས་དོན་ཐད་གྲོས་མོལ་དང་ངོ་འཕྲད་གྲོས་མོལ་ཡང་བྱས་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།