༄༅༎རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རེབ་གོང་རྫོང་གྲོང་ཁྱེར་དུ་སྒྱུར་རྒྱུར་ཆོག་མཆན་སྤྲད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲ་བ། དུས་ཚོད།:2020-07-02 09:29:43 ཀློག་གྲངས།:
མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲ་ཚིགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། དམངས་སྲིད་པུའུ་ཡིས་དངོས་སུ་ཆོག་མཆན་གནང་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་མེད་པར་བཟོས་ཏེ་རྫོང་རིམ་པའི་རེབ་གོང་གྲོང་ཁྱེར་བཙུགས་ལ། དེའི་ཁོངས་གཏོགས་ཀྱི་འབྲེལ་བ་དང་། བདག་སྤྲོད་བྱེད་ཁོངས། སྲིད་གཞུང་གི་སྡོད་གནས་བཅས་ཚང་མར་འགྱུར་ལྡོག་མེད། རེབ་གོང་རྫོང་གྲོང་ཁྱེར་དུ་བསྒྱུར་རྗེས། རྨ་ལྷོ་ཁུལ་གྱི་སྲིད་འཛིན་ས་ཁོངས་དེ་སྔའི་རྫོང་བཞི་ནས་གྲོང་ཁྱེར་གཅིག་དང་རྫོང་གསུམ་དུ་གྱུར་བ་རེད། 
རེབ་གོང་རྫོང་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་ཆགས་ཤིང་། རྨ་ལྷོ་ཁུལ་སྲིད་གཞུང་གི་སྡོད་གནས་ཡིན་ལ། རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྣོད་བཅུད་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ས་ཁོངས་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་གྲོང་ཁྱེར་གྲགས་ཅན་གཅིག་པུ་དེ་ཡང་ཡིན། ཡུལ་འདི་ལས་བྱུང་བའི“རེབ་གོང་སྒྱུ་རྩལ”དང“རྨ་ལྷོའི་ཟློས་གར”ནི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་དུ་བཅུག་ཡོད། རེབ་གོང་རྫོང་གྲོང་ཁྱེར་དུ་བསྒྱུར་བ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཏན་ཏན་ཏིག་ཏིག་བཞིའི”བླང་བྱ་གལ་ཆེན་ལག་བསྟར་དང་། དུས་རབས་གསར་པར་ནུབ་རྒྱུད་གསར་སྤེལ་ཆེན་པོའི་རྣམ་པ་གསར་པ་ཆགས་པར་སྐུལ་འདེད་གཏོང་བ། ལན་ཟི་གྲོང་ཁྱེར་ཁྱུ་ཚོགས་འཛུགས་སྐྲུན་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་དང་། “རྒྱུད་གཅིག་ལམ་གཅིག”དང་མཉམ་འདྲེས་གཏིང་ཟབ་བྱེད་པ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཡིན་ཞིང་། ཀྲུང་དབྱང་གྲོང་ཁྱེར་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་དང་། “ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་ལག་ལེན་དངོས་བཅས་ཡིན་པས། རྨ་ལྷོ་དང་རེབ་གོང་འཕེལ་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ངེས་རེད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།