༄༅།།བོད་འབྲེལ་ཞིང་ཆེན་བཞི་ཡི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོ་སྤེལ།

རྩོམ་པ་པོ།:བསོད་རྡོ། ལྷ་མཆོག་ཚེ་རིང་། ཡོང་ཁུངས།:མཚོ་ནུབ་འཕྲིན་སྟེགས། དུས་ཚོད།:2020-09-08 10:50:01 ཀློག་གྲངས།:
བོད་འབྲེལ་ཞིང་ཆེན་བཞི་ཡི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོ་སྤེལ།
མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགོ་གཙོ་ཧྥུའུ་ཡུས་ལེན་གྱིས་ཚོགས་མགོ་བཟུང་བཞིན་པ།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་ཆེད་དོན་བཅར་འདྲི་བྱ་འགུལ་འགོ་སློང་བ་ཁྱབ་སྒྲོག་བྱེད་བཞིན་པ།
སྤྱི་ཟླ9པའི་ཚེས7ཉིན་གྱི་དགོང་མོར། མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ་ཞེས་པ་བརྗོད་དོན་ཡིན་པའི་བོད་འབྲེལ་ཞིང་ཆེན་བཞི་ཡི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་སྐབས་གཉིས་པའི་མགོ་རྩོམ་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆབ་ཆ་གྲོང་རྡལ་དུ་སྤེལ། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་འགོ་གཙོ་གཞོན་པའམ་ཁུལ་དྲ་འཕྲིན་གཞུང་སྒྲུབ་ཁང་གི་འགོ་གཙོ་ཧྥུའུ་ཡུས་ལེན་གྱིས་ཚོགས་མགོ་བཟུང་བར་མ་ཟད་གཏམ་བཤད། 
མཚོ་ལྷོ་ཁུལ་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་འགོ་གཙོ་རིན་བྷེ་ཡིས་ཐེངས་འདིའི་མགོ་རྩོམ་མཛད་སྒོ་དང་བཅར་འདྲི་བྱ་འགུལ་ལ་ཤིས་ཚིག་འབུལ་བཞིན་པ།
ལྷན་འབྲེལ་བཅར་འདྲི་ཚོགས་པའི་འཐུས་མིས་གཏམ་བཤད་བཞིན་པ།
མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཆན་གོ་ཆིན་གྱིས་ཆེད་དོན་བཅར་འདྲི་བྱ་འགུལ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་པར་མ་ཟད།ལྷན་འབྲེལ་བཅར་འདྲི་ཚོགས་པའི་འཐུས་ཚབ་ལས་ཁུངས་ལ་དར་ཆ་སྤྲད་ཅིང་།ལྷན་འབྲེལ་བཅར་འདྲི་ཚོགས་པའི་འཐུས་མིས་གཏམ་བཤད་དེ་མགོ་རྩོམ་མཛད་སྒོའི་གོ་རིམ་རྣམས་སྤྲོ་སེམས་འཁོལ་བའི་ངང་ནས་འཕྲོ་རིམ་འཕྲོར་སྤེལ།
མཛད་སྒོའི་སྟེང་བོད་ཀྱི་གླུ་བ་མིང་གྲགས་ཅན་སྟོབས་ཆེན་རྒྱལ་གྱིས་དམངས་གླུ་སྙན་མོ་དྲུག་འགྱུར་ངག་ལ་དྲངས་ཏེ་སྤྲོ་ཚོགས་ཀྱི་ཡོལ་བ་ཕྱེས་ཤིང་། མཚོ་ལྷོ་ཁུལ་མི་རིགས་གླུ་གར་ཚོགས་པས་གླུ་བྲོ་དང་ཨ་རྩེད། རྡུང་ལེན་སོགས་བོད་རང་གི་ཁྱད་ཆོས་དང་མཚོ་ལྷོའི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ནས་མཛད་སྒོར་སྤྲོ་བག་བསྣན།
མདོ་འཛིན་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་མདོ་སྨད་ས་ཡི་ཐིག་ལེ་སྟེ་མཚོ་སྔོན་པོའི་ལྷོ་ཕྱོགས་སུ་གནས་ཡོད་ལ།མདོ་དབུས་མཐོ་སྒང་གི་ཤར་སྒོ་རུ་འབོད། གནས་འདིའི་རྩྭ་ཆུ་འབེལ་པོ་ཡིན་པ་དང་ཡུལ་ལྗོངས་ལྟ་ན་སྡུག་ལ། ཡུལ་སྲོལ་གོམས་གཤིས་སྟུག་ཅིང་རིག་གནས་ཕུན་སུམ་ཚོགས་པ་དང་།རིགས་སོ་སོ་འཆམ་མཐུན་མཉམ་གནས་ཡིན་པས། ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་ཀྱི་གོམ་པ་མགྱོགས་པའི་ཡུལ་གྲུ་ཞིག་ཡིན།
དར་ཆ་སྤྲོད་བཞིན་པ། 
གླུ་བ་སྟོབས་ཆེན་རྒྱལ།
ཨ་མདོ་བརྙན་འཕྲིན་དང་མཚོ་སྔོན་བོད་སྐད་རླུང་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། ཡུན་ནན་ཞིང་ཆེན་བདེ་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། མཚོ་ནུབ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། རྨ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་དང་།མཚོ་ལྷོ་ཁུལ་ཚགས་པར་ཁང་དང་མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱི་ཕུལ་བྱུང་སྒྲིག་ཁྲིད་པ་དང་། གསར་འགོད་པ། མདོ་འཛིན་པ། རྩོམ་སྒྲིག་པ་སོགས་མགོ་རྩོམ་མཛད་སྒོའི་སྟེང་ཞུགས་ཡོད་པར་མ་ཟད། ཐེངས་འདིའི་བཅར་འདྲི་བྱ་འགུལ་སྟེང་གདན་ཞུ་བྱས་ཡོད།
རིག་རྩལ་འཁྲབ་སྟོན་དང་ཡུལ་དངོས་སྐུ་མགྲོན། ལྟད་མོ་བ་ལྷན་རྒྱས།
ཐེངས་འདིའི་མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ།དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ་ཞེས་པ་བརྗོད་དོན་ཡིན་པའི་བོད་འབྲེལ་ཞིང་ཆེན་བཞི་ཡི་རླུང་བརྙན་འཕྲིན་ལྷན་འབྲེལ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲི་བྱ་འགུལ་སྐབས་གཉིས་པ་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་ཁང་གིས་འགན་སྒྲུབ་བྱས་པ་དང་། མཚོ་ལྷོ་ཁུལ་གྱི་རྫོང་ལྔའི་དྲིལ་སྒྲོལ་པུའུ་དང་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རོགས་སྒྲུབ་བྱས་པ་ཞིག་རེད།རྒྱུས་ལོན་པ་ལྟར་ན།སྤྱི་ཟླ་༩པའི་ཚེས་༨ཉིན་གུང་ཧོ་རྫོང་བཅར་འདྲི་ས་ཚུགས་དང་པོ་བྱས་ཏེ་རིམ་བཞིན་ཞིན་ཧེ་དང་ཐུན་ཏེ། ཀོས་ནན། ཁྲི་ཀ་རྫོང་བཅས་སུ་ཆེད་དོན་བཅར་འདྲི་བྱེད་རྒྱུ་རེད།
མགོ་རྩོམ་མཛད་སྒོ་མཇུག་སྒྲིལ་བ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།