༄༅།།སུམ་མདོ་གྲོང་རྡལ་གོང་བ་སྡེ་བའི་ནོར་བཟང་ཞིང་འབྲོག་ལས་ཆེད་གཉེར་མཉམ་ལས་ཁང་གིས་མང་རྫོང་ནོར་ནག་རིག་གནས་དུས་ཆེན་ཁྲོད་གཡུར་ཟའི་གྲུབ་འབྲས་བླངས།

རྩོམ་པ་པོ།:ངེད་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-09-09 08:48:02 ཀློག་གྲངས།:

མང་རྫོང་ནོར་ནག་རིག་གནས་དུས་ཆེན་སྐབས་གསུམ་པ་དང་ཕྱུགས་རིགས་འགྲེམ་སྟོན་དཔྱད་བསྡུར་བྱ་འགུལ།

ཉེ་ལམ། མང་རྫོང་ནོར་ནག་རིག་གནས་དུས་ཆེན་སྐབས་གསུམ་པ་དང་ཕྱུགས་རིགས་འགྲེམ་སྟོན་དཔྱད་བསྡུར་བྱ་འགུལ་དེ་ཐར་ཤུལ་ཡུལ་ཚོར་སྤེལ་ཞིང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ6གི་གསར་རྣམ་རོང་འབྲོག་མང་ཚོགས་ཀྱིས་ལས་གཉེར་གཙོ་གཞི་དང་རོང་འབྲོག་མང་ཚོགས་ཟབ་ཞུགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དང་ཁུལ་རིམ་པའི་ཆེད་མཁས་པས་ཡུལ་དངོས་སུ་གཡག་ལ་དཔྱད་བསྡུར་གནང་།

བྱ་དགའ་ཨང་དང་པོ་ཐོབ་མཁན།
བྱ་དགའ་ཨང་དང་པོ་ཐོབ་མཁན།

ཐེངས་འདིའི་བྱ་འགུལ་ཁྲོད། མང་རྫོང་སུམ་མདོ་གྲོང་རྡལ་གོང་བ་སྡེ་བའི་ནོར་བཟང་ཞིང་འབྲོག་ལས་ཆེད་གཉེར་མཉམ་ལས་ཁང་ལ་བྱ་དགའ་རྣམ་གྲངས་བཞི་ཐོབ་པ་སྟེ། རྒྱུད་བཟང་འབྲི་ནག་ཨང་དང་པོ་དང་། རྒྱུད་བཟང་འབྲི་ནག་ཨང་གཉིས་པ། རྒྱུད་བཟང་འབྲོང་གཡག་ཨང་གཉིས་པ། ལུག་ནག་མ་མོ་ཨང་གཉིས་པ་བཅས་ཐོབ།

མང་རྫོང་ནོར་ནག་རིག་གནས་དུས་ཆེན་སྐབས་གསུམ་པ་དང་ཕྱུགས་རིགས་འགྲེམ་སྟོན་དཔྱད་བསྡུར་བྱ་འགུལ།

རྒྱུས་ལོན་པ་ལྟར་ན། མང་རྫོང་སུམ་མདོ་གྲོང་རྡལ་གོང་བ་སྡེ་བའི་ནོར་བཟང་ཞིང་འབྲོག་ལས་ཆེད་གཉེར་མཉམ་ལས་ཁང་ནི་སློབ་ཆེན་སློབ་མ་ཞིག་གིས་སྣེ་ཁྲིད་པའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཞིག་ཡིན་ལ། ཁྱིམ་ཚང26འདིའི་ནང་ཞུགས་ཡོད་ཅིང་། བསྡོམས་པས་མི110དང་ཏང་ཡོན་མི5། གུང་གཞོན་ཚོགས་པའི་ཚོགས་མི7། ངལ་རྩོལ་མི་སྣ46། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་བོ7དང་མི35བཅས་ཡོད། བེད་སྤྱོད་ཆོག་པའི་རྩྭ་རའི་གཞི་ཁྱོན་མུའུ10771.4དང་མིས་བཟོས་རྩྭ་ས་གཞི་ཁྱོན་མུའུ1200། རྨོ་འདེབས་མུའུ1327.5དང་། འབྲི་གཡག732། ལུག་ནག1025ཡོད་ལ། མཉམ་ལས་ཁང་གི་ད་སྔའི་ས་ཁྱོན་མུའུ40ཡིན་ཞིང་། ཚད་གཞི་མཐོ་བའི་ཕྱུགས་ར་དང་གསོག་ཆས་ཁང་། གཞུང་ལས་ཁང་། ཕྱུགས་སྨན་ཁང་། དུག་སེལ་ཁང་སོགས་རྨང་གཞིའི་སྒྲིག་ཆས་གཅིག་ཏུ་འདུ་བའི་གསོ་སྤེལ་རྟེན་གཞི་ཞིག་ཡིན། 2017ལོར་རྒྱལ་ཡོངས་རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟའི་ཁུལ་གྱི་ཁུལ་རིམ་པའི་ཚོད་ལྟའི་མཉམ་ལས་ཁང་དུ་བདམས་པ་དང་། 2019ལོར་མང་རྫོང་གི2018ལོའི་དབུལ་ཐར་མཁྲེགས་གཏོར་སྔོན་ཐོན་སྤྱི་ཚོགས་དབུལ་སྐྱོར་སྡེ་ཁག་ཏུ་བདམས། 2019ལོར་མང་རྫོང་ཞིང་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ལོ་འཁོར་ལས་དཔྱད་ཁྲོད་ཕུལ་བྱུང་མཉམ་ལས་ཁང་དུ་བདམས།
འགན་འཛིན་པ་ཀླུ་འབུམ་རྒྱལ་ནི་སྲིད་གྲོས་སྐབས་བཅུ་གསུམ་པའི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གུང་གཞོན་ཚོགས་པའི་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཡིན་པ་མ་ཟད། 2018ལོར་མཚོ་ལྷོ་ཁུལ་ཞིང་ཕྱུགས་ལས་ས་ཁུལ་གྱི་ན་གཞོན་ཕྱུག་སྒྱུར་སྣེ་ཁྲིད་པའི་གཟེངས་རྟགས་ཐོབ་པ་དང་། 2019ལོར་མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ས་ཁུལ་གྱི་ན་གཞོན་ཕྱུག་སྒྱུར་སྣེ་ཁྲིད་པའི་གཟེངས་རྟགས་ཐོབ། 2019ལོར་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་སྐོར་དང་པོའི་ས་གནས་ཆེད་མཁས་པར་བདམས།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།