༄༅།།བོད་ཀྱི་གྲོང་ཁྱེར་རིམ་པའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་སྒོ་ཕྱེ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར། དུས་ཚོད།:2020-09-14 09:39:20 ཀློག་གྲངས།:
ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོ་ཡུལ་དངོས།
མང་ཚོགས་ཀྱིས་རྟེན་རྫས་བཤམས་མཛོད་ཁང་དུ་ལྟ་སྐོར་བྱེད་བཞིན་པ།
རྟེན་རྫས་བཤམས་མཛོད་ཁང་གི“ནོར་བུ”།
ཉེ་ཆར། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་སྒོ་ཕྱེ་བའི་མཛད་སྒོ་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་དུ་གཉེར་བ་ལས། རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་རྟེན་རྫས་བཤམས་མཛོད་ཁང་ཆེ་ཤོས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་མཚོན་ཡོད།
ལྷོ་ཁ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲི་ཀྲང་གཞོན་པ་དབང་ཧྭ་ཏུང་གིས“ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ5700ཟིན་པ་དང་། ཉར་ཚགས་བྱས་པའི་རིག་དངོས4000ལྷག་ཙམ་ཡོད་པའི་ནང་རྩ་ཆེའི་རིག་དངོས120ཡོད་པ་དང་། རིག་དངོས་ཀྱི་གྲངས་འབོར་རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པའི་རྟེན་རྫས་བཤམས་མཛོད་ཁང་གི་མང་ཤོས་ཡིན་པ་རེད། འགྲེམས་ཁང་སྤྱོད་འགོ་ཚུགས་པ་དེས། བོད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་འབྱུང་ཁུངས་སྔར་བས་དར་སྤེལ་དང་། ལོ་རྒྱུས་ཀྱི་རིག་དངོས་རྒྱུན་འཛིན་དང་སྲུང་སྐྱོང་། མང་ཚོགས་ཀྱི་བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་བཅས་ཕྱིན་ཏེ། ལྷོ་ཁའི་རིག་དངོས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཐུབ་རྒྱུ་རེད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁའི་རྟེན་རྫས་བཤམས་མཛོད་ཁང་དེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་དུ་གནས་པ་དང་། རྟེན་རྫས་བཤམས་མཛོད་ཁང་དེ་ཉིད་ལྷོ་ཁའི་ལོ་རྒྱུས་འགྲེམས་སྟོན་དང་། དམངས་སྲོལ་འགྲེམས་སྟོན། སྲོལ་རྒྱུན་སྒྱུ་རྩལ་འགྲེམས་སྟོན། ཡིག་ཚགས་དང་དཔྱད་གཞི་འགྲེམས་སྟོན་བཅས་རྒྱུན་བཙུགས་འགྲེམས་སྟོན4དང་གནས་སྐབས་འགྲེམས་སྟོན1ལས་གྲུབ་པ་དང་། 4Dགློག་བརྙན་ཁང་དང་། རིག་གནས་གསར་གཏོད་ཐོན་རྫས་ཁང་། གཞུང་དོན་སྒྲུབ་ཡུལ། ནུས་མང་ཚོམས་ཆེན་སོགས་གཞི་གཅིག་ཏུ་འདུས་ཡོད། འགྲེམས་ཁང་དུ་གནའ་རྫས་རྟོག་ཞིབ་བྱེད་སྐབས་ས་འོག་ནས་ཐོན་པའི་གསེར་དངུལ་ཡོ་ཆས་དང་། རྫ་ཆས། རྡོ་ཆས། ལོ་རྒྱུས་ཀྱི་ཡིག་ཚགས་དང་དཔྱད་གཞི། ནང་བསྟན་གྱི་བསྟན་བཅོས། དེ་བཞིན་དམངས་སྲོལ་སོགས་རྩ་ཆེའི་རིག་དངོས་ཉར་ཚགས་བྱས་ཡོད་པ་རེད།
རྟེན་རྫས་བཤམས་མཛོད་ཁང་འདི་ཉིད་སྔ་མ་ནི་ལྷོ་ཁའི་ཡར་ཀླུང་ལོ་རྒྱུས་རྟེན་རྫས་བཤམས་མཛོད་ཁང་ཡིན་པ་དང་1995ལོར་བསྐྲུན་ཞིང་། དེ་ནི་རང་ལྗོངས་ཀྱི་གཞུང་བཙུགས་རྟེན་རྫས་བཤམས་མཛོད་ཁང་དང་པོ་དེ་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།