༄༅།།ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་བསྡུ་བའི་སྔོན་བརྡ།​

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་གྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2021-04-06 09:57:26 ཀློག་གྲངས།:
    མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ4པའི་ཚེས9ཉིན། 2021ལོའི་མཚོ་སྔོན་ཁྲི་ཀའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་དྲུག་པ་དེ་ཁྲི་ཀའི་ཆུ་འཁོར་ཐང་ཆེན་དུ་མགོ་བརྩམ་རྒྱུ་ཡིན་པ་དང་། རིག་གནས་དང་། ལུས་རྩལ། ཡུལ་སྐོར་བྱེད་སྒོ་ཁག་བཅུ་གཉིས་ཀྱིས་ཁྲི་ཀ་རྫོང་གི་ཕུན་སུམ་ཚོགས་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད།  
    ཁྲི་ཀའི་སྐབས་བཅུ་དྲུག་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཆེན་ནང་སྐབས་བཅུ་གཅིག་པའི“རྨ་ཆུ་བུམ་པའི”ཞིང་ཆེན་ཡོངས་ཀྱི་སྤོ་ལོའི་འགྲན་སྡུར་དང་། ཁྲི་ཀའི་ལི་སྡོང་གློག་རྡུལ་ཚོང་དོན་དུས་ཆེན་སྐབས་དང་པོའི་འགྲན་བསྡུར། ཁྲི་ཀའི་ཁྱད་ལྡན་ཟས་རིགས་འགྲན་སྡུར་སོགས་ཀྱི་བྱེད་སྒོ་འདུས་ཡོད་ལ། དེའི་ནང་ཟླ4བའི་ཚེས1ནས་ཚེས30ཉིན་བར། ཁྲི་ཀ་རྫོང་གིས་སྐབས་དང་པོའི་ལི་སྡོང་མེ་ཏོག་གི་གློག་རྡུལ་ཚོང་དོན་དུས་ཆེན་གྱི་འགྲན་བསྡུར་ཆེན་མོ་ཡང་བསྡུ་རྒྱུ་རེད།
     ཁྲི་ཀའི་ཚོགས་ར་གཙོ་བོ་དང་། ཟི་ལིང་། ནན་ཐུང་ཡན་ལག་ཚོགས་ར་བཅས་ས་ཁུལ་གསུམ་གྱིས་ཡུལ་དངོས་སུ་ཐད་གཏོང་ཚོང་གཉེར་སོགས་ཀྱི་རྣམ་པའི་ཐོག་ནས་ཁྲི་ཀའི་མཛེས་ལྗོངས་དང་ཁྱད་ལྡན་རིག་གནས་ཡུལ་སྐོར་གྱི་ཞིང་ལས་ཐོན་རྫས་དྲིལ་སྒྲོག་དང་འོས་སྦྱོར་བྱ་རྒྱུ་ཡིན་པ་དང་། ཟླ4བའི་ཚེས9ཉིན། བརྙན་འཕྲིན་ཐད་གཏོང་ལེ་ཚན་གྱིས་མཚོ་སྔོན་གྱི་དུས་ཐེངས་ལྔ་བའི《ཁྲི་ཀའི་དཔྱིད་ཆུ་སྔོན་མོ་ལྟར་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ》ཞེས་པ་ཐད་གཏོང་བྱས་ནས་ཟུར་མང་བ་དང་ཕྱོགས་མང་བོའི་ཐོག་ནས་དྲིལ་སྒྲོག་བྱ་རྒྱུ་རེད།



    རིག་གནས་ཡུལ་སྐོར་དུས་ཆེན་སྐབས་སུ། ཁྲི་ཀ་རྫོང་གིས་ད་དུང《ཆོད་སེམས་ཀྱི་ཁུ་ཚུར་དམ་དུ་བཅངས། རྨ་ཆུ་སྲུང་སྐྱོབ་དམག་འཐབ》ཅེས་པའི་རང་མོས་རྩོལ་འཐབ་སྐོར་སྐྱོད་འགྲན་བསྡུར་གྱི་ཁྲི་ཀའི་ས་ཚུགས་ཀྱི་འགྲན་སྡུར། ཞིང་ཆེན་ཡོངས་ཀྱི་རྨ་ཆུའི་ངོ་མཚར་ཆེ་བའི་རྡོ་སྤུས་གདན་ཞུའི་འགྲན་བསྡུར། ཁྲི་ཀའི་མཛེས་སྡུག་ལྡན་པའི་རྨ་ཆུའི་རྒྱུག་གཞུང། ཁྲི་ཀ་རྫོང་གི་རས་སྦྱར་ཤོག་དྲས་རི་མོའི་འགྲེམས་སྟོན། ལིས་པའོ་ཙུང་གི་སྣུམ་རིས་འགྲེམས་སྟོན། ཁྲི་ཀ་རྫོང་གི་རི་མོའི་འགྲེམས་སྟོན། ཁྲི་ཀའི་ཁྱད་ཆོས་ལྡན་པའི་ཟས་ཟིགས་འགྲན་སྡུར་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་ཞིང་། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བར་ཁྲི་ཀའི་རང་བྱུང་མི་ཆོས་མཛེས་ལྗོངས་དང་ཁྱད་ལྡན་ཞིམ་ཟས་འོས་སྦྱོར་བྱ་རྒྱུ་རེད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།