༄༅། །སྒོ་ཡག་སྟག་ལྷ་ཚེ་བརྟན་གྱིས་བྲིས་པའི་རོ་སྒྲུང་གི་བར་བཅུག་རི་མོ་ལ་རོལ་མྱོང་གནོངས་དང་།

རྩོམ་པ་པོ།:སྒོ་ཡག་སྟག་ལྷ་ཚེ་བརྟན། ཡོང་ཁུངས།:སྒོ་ཡག་འཕྲིན་སྟེགས་ལས་བཏུས། དུས་ཚོད།:2020-03-16 10:30:48 ཀློག་གྲངས།:
རྒྱབ་སྐྱོར།གནོན་ཀློག་པར་རིས།
| རེའུ་མིག་ལྟ་ཀློག
1/24
ད་མེད།
ངོས་གོང་མ།
ངོས་འོག་མ།
  • གཞོན་ནུ་དྲུག  སྒོ་ཡག་སྟག་ལྷ་ཚེ་བརྟན་ནི1973ལོར་མདོ་སྨད་བསང་ཆུའི་ལྷོ་རྒྱུད་ཀྱི་ཨ་མཆོག་སྨད་མའམ་ཀླུ་ཞོལ་ཚོ་བརྒྱད་ལས་ན་འབན་སྒོ་ཡག་གྲོང་ཚོར་སྐྱེས། 1997ལོ་ནས་བོད་ལྗོངས་སློབ་ཆེན་དུ་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་ལ་བརྟེན་ནས་བོད་ཀྱི་མཛེས་རྩལ་སྐོར་ལ་སློབ་གཉེར་བྱས་ཤིང་། དུས་རབས་འདིའི་རྩེར་སོན་སྒྱུ་རྩལ་པ་དུ་མའི་ཞབས་ལ་གཏུགས་ཏེ་བཀའ་སློབ་ཞུ་བའི་སྐལ་བཟང་ཐོབ་ཅིང་། བོད་ལྗོངས་སློབ་ཆེན་གྱི་ལོ་རྒྱུས་ཐོག་གི་ཞིབ་འཇུག་སློབ་མ་རེབ་གཉིས་པ་ནས་ཐོན། 1993ལོ་ནས1997ལོའི་བར་ཀན་ལྷོ་བོད་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་རི་མོའི་དགེ་རྒན་བྱས། 2004ལོ་ནས2014ལོའི་བར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་དུ་དགེ་རྒན་བྱས་ཤིང་། དེ་གར་བོད་ཀྱི་རི་མོའི་ཆེད་ལས་གསར་འཛུགས་བྱས། 2009ལོར་སྟག་ལྷ་སྒྱུ་རྩལ་ལས་ཤག་བཙུགས་ཤིང་ཀན་སུའུ་ཞིང་ཆེན་གྱི་ཐང་ག་འགྲེམ་སྟོན་ཐོག་མ་སྤེལ།

    (1/24)

  • དྲན་གསལ།  ལོ་འདི་དག་ནང་བོད་ཀྱི་ཐང་གའི་སློབ་དེབ་དང་། ཨ་མདོའི་མཛེས་རྩལ་ཤུལ་བཞག་སྐོར་གྱི་དཔྱད་ཞིབ། ཚངས་དབྱངས་རྒྱ་མཚོའི་སྙན་ངག་གི་ཞིང་བཀོད་ཐང་ག །རབ་བཏགས་རི་མོའི་ལམ་ནས་བཞེངས་པའི་མི་ལ་རས་པའི་མཛད་རྣམ། བོད་ཀྱི་མཛེས་རྩལ་སོགས་དེབ་འགའ་དང་། ཆེད་ལས་དང་འབྲེལ་བའི་དཔྱད་རྩོམ་འགའ་རེ་བྲིས་མྱོང་། རི་མོའི་བརྩམས་ཆོས་ཁག་རྒྱལ་ཁབ་ཕྱི་ནང་ནས་འགྲེམ་སྟོན་བྱས་ཤིང་དུས་དེབ་སོགས་སུ་སྤེལ། 2015ལོར་དགེ་བའི་བཤེས་གཉེན་མཆོག་གི་བཀའ་དང་ལེན་གྱིས་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་དུ་ཡོང་སྟེ་བོད་ཀྱི་མཛེས་རྩལ་ཆེད་ལས་དགེ་རྒན་གྱི་ལས་ལ་རྩེ་གཅིག་ཏུ་འབད་བཞིན་ཡོད།

    (2/24)

  • ཤིང་བཟོ་ཀུན་དགའ།  དེ་ཡང་གཞོན་དུས་ཀྱི་རྨི་ལམ་ནི་སྒྱུ་རྩལ་པ་ཞིག་བྱ་རྒྱུ་དེ་ཡིན་མོད། འོན་ཀྱང་ལོ་ཚོད་སྨིན་པའི་འགྲོས་དང་བསྟུན་ཏེ། མི་རྐྱང་རྟ་རྐྱང་གི་སྒྱུ་རྩལ་པ་ཞིག་བྱེད་པ་ལས་སྒྱུ་རྩལ་གྱི་རྨི་ལམ་སྒོམ་པའི་གཞོན་ནུ་བརྒྱ་སྟོང་ལ་ལམ་ཁ་བཟོ་བ་གལ་ཆེ་བར་མཐོང་ལ། འདི་ནི་རི་རྒྱལ་ལྷུན་པོ་ལྟ་བུའི་མེས་པོ་ཚོའི་དྲིན་ལན་འཇལ་སྟངས་ཤིག་ཀྱང་ཡིན་པར་འདོད།

    (3/24)

  • གསེར་མོ་འཚོ་དང་དངུལ་མོ་འཚོ།  དཔེ་རིས་སམ་བར་བཅུག་རི་མོ་ནི་ང་ཚོའི་སྲོལ་རྒྱུན་གྱི་དཔེ་ཆ་སྣ་རིང་གི་ཤོག་ལྷེའི་ལོགས་གཉིས་སུ་དཔེ་ཆའི་ནང་དོན་དང་འཚམ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་སྣ་ཚོགས་བྲིས་ཡོད་པ་དེའི་རིགས་ལ་བྱ་ཞིང་། དེ་ལ་བརྟེན་ནས་སངས་རྒྱས་བྱང་སེམས་དང་བླ་མ་ཡིད་དམ་སོགས་ཡིད་ལ་སྒོམ་སླ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་ཞུ་མ་དགོས་པ་ཞིག་རེད། དེང་དུས་ཀྱི་གོ་དོན་ལྟར་ན་ང་ཚོས་དུས་རྒྱུན་མཐོང་བའི་གསར་ཤོག་དང་དུས་དེབ། བྱིས་པའི་ཀློག་དེབ་སོགས་ཀྱི་ནང་དུ་ཡི་གེའི་བར་ལ་བཀོད་པའི་རི་མོར་གོ།

    (4/24)

  • གསེར་དངུལ་སྐྱུག་པའི་ཕུ་ནུ་གཉིས།  ཕྱི་རྒྱལ་གྱི་རི་མོའི་ལོ་རྒྱུས་ཐོག་བར་བཅུག་རི་མོའི་ཐ་སྙད་ཐོག་མ་ནི་ལ་ཏིང་ཡི་གེའི་ནང་འོད་འཚེར་བའི་དོན་ཡིན་འདུག དེ་ནི་ཀློག་པ་པོའི་སྤྲོ་སྣང་དང་བག་ཆགས་ཇེ་ཟབ་ཏུ་གཏོང་ཆེད་དང་། རྩོམ་ཡིག་ཁྲོད་ཀྱི་མི་སྣ་སྔར་བས་གསོན་ཉམས་ལྡན་ཕྱིར་ཡིན་པས། དེང་སང་གི་དཔེ་སྐྲུན་ཡིག་རིགས་སྣ་ཚོགས་ཀྱི་ནང་བར་བཅུག་རི་མོའི་གལ་ཆེའི་རང་བཞིན་ཧ་ཅང་མངོན་གསལ་དོད་པོ་ཆགས་ཡོད་པས་འོད་འཚེར་བ་ལྟ་བུའི་ཕན་ནུས་ཐོན་ཡོད། དེ་ནི་རྩོམ་རིག་སྒྱུ་རྩལ་ལ་རི་མོས་མཛེས་རྒྱན་སྤྲས་པ་ཙམ་མ་ཡིན་པར། དེས་བརྗོད་བྱ་གཙོ་བོའི་བསམ་བློ་འབུར་དུ་འདོན་ཐུབ་པ་མ་ཟད། སྒྱུ་རྩལ་གྱི་ཡིད་དབང་འགུག་ནུས་ཀྱང་ཇེ་ཆེར་གཏོང་ཐུབ།

    (5/24)

  • གཏུམ་དྲག་ཅན་གྱི་རྒྱལ་པོ་དང་སོ་ནམ་པ།  བར་བཅུག་རི་མོ་ནི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། དེང་རབས་ཇུས་འགོད་ཀྱི་མཐོང་ཚོར་བརྒྱུད་སྒྲོག་གི་རྣམ་པ་གལ་ཆེན་ཞིག་ཀྱང་ཡིན་པའི་ཆ་ནས། དེའི་ཐད་མཐོང་གི་གཟུགས་བརྙན་རང་བཞིན་དང་། འཚོ་བ་ངོ་མའི་བྲོ་བ་དང་སྒྱུ་རྩལ་གྱི་ཡིད་དབང་འགུག་ཤུགས་ལ་བརྟེན་ནས་དེང་རབས་ཇུས་འགོད་ཁྲོད་དམིགས་བསལ་གྱི་གོ་གནས་བཟུང་ཡོད་ཅིང་། ཇུས་འགོད་ཀྱི་ཁྱབ་ཁོངས་མང་པོར་རྒྱ་ཁྱབ་ཏུ་སྤྱོད་བཞིན་ཡོད། དེ་བཞིན་རིག་གནས་བྱེད་སྒོ་དང་སྤྱི་ཚོགས་ཀྱི་སྤྱི་པའི་བྱ་གཞག ཚོང་ལས་བྱེད་སྒོ། གློག་བརྙན་འཕྲིན་གྱི་རིག་གནས་སོགས་ལའང་འབྲེལ་བ་ཆེན་པོ་ཡོད་དོ། །

    (6/24)

  • དྲིན་འཇལ་བ། གཤམ་བཀོད་བར་བཅུག་རི་མོ་འདི་དག་ནི། 2009ལོར་བོད་མིའི་རིག་གནས་དྲ་བས་ཇུས་འགོད་དཔེ་སྐྲུན་གནང་བའི་བོད་འབྲེལ་དཔེ་ཚོགས་དེབ11གི་བདག་ཉིད་ཅན་དེ་ལས། ཁོ་བོས་ཇུས་འགོད་ཚན་པའི་རེ་སྐུལ་དང་ལེན་གྱིས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་བསྒྱུར་བའི་མི་རོ་རྩེ་སྒྲུང་གི་དཔེ་རིས་སུ་ཆེད་དུ་བྲིས་པ་འབའ་ཞིག་ཡིན་ལ། དེབ་འདིའི་འགོ་བརྗོད་ནི་མཁས་པའི་དབང་པོ་དོར་ཞི་རིན་པོ་ཆེས་བྲིས་གནང་བ་རེད།

    (7/24)

  • ཕུ་ནུ་གཉིས།

    (8/24)

  • ཕྱུག་པོས་རྐུ་བྱས་པ།

    (9/24)

  • བྱ་ཤུབས་རྒྱལ་པོ།

    (10/24)

  • དབུལ་པོའི་བུ་དང་ཀླུའི་སྲས་མོ།

    (11/24)

  • འབྲི་ཁྲ་བོས་ན་གཞོན་བསྐྱབས་པ།

    (12/24)

  • མོ་སྟོན་ཕག་མགོ

    (13/24)

  • བུ་མོ་གསལ་སྒྲོན།

    (14/24)

  • མ་སངས་ཡ་རུ་ཁ་ཁྲ།

    (15/24)

  • འཕོ་བ་གྲོང་འཇུག

    (16/24)

  • སྦལ་བ་དང་རྒྱལ་པོའི་སྲས་མོ།

    (17/24)

  • ཁ་མི་གྲག་པའི་བུ་མོ།

    (18/24)

  • རྫུན་མི་སྨྲ་བའི་རྟ་རྫི།

    (19/24)

  • ལུག་རྫི།

    (20/24)

  • རྡོའི་སེང་གེས་ཁ་གྲགས་པ།

    (21/24)

  • སྲིན་པོ་སྤུན་གསུམ།

    (22/24)

  • སྙིང་ཁྱེར་བའི་བུ་མོ།

    (23/24)

  • ལས་ལ་བརྩོན་པའི་བུ་མོ་སྤུན་གསུམ།

    (24/24)

འབྲེལ་ཡོད་འོས་སྦྱོར།