༄༅།།སྟེང་ཆེན་རས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2020-04-09 10:13:11 ཀློག་གྲངས།:
རས་པ་ནི་བོད་ཀྱི་ཟློས་གར་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་ཏེ། རྔ་དང་གཤང་གཙོར་བྱས་ཤིང་བཤད་པ་དང་གཞས་དང་བྱ་དཀའ་བའི་རྩེད་མོ་དང་རྩ་རླུང་དང་འཁྲབ་གཞུང་ཐུང་ངུ་སོགས་འདུས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་གོ ད་ལྟ་བོད་ལྗོངས་ཆབ་མདོ་དང་ཀོང་པོ་དང་ནག་ཆུ། ཡུན་ནན་དང་སི་ཁྲོན་དང་མཚོ་སྔོན་དང་ཀན་སུའུ་སོགས་ཀྱི་བོད་རིགས་ས་ཁུལ་དུ་དར་ཁྱབ་ཆེ། ལོ་རྒྱུས་དཔྱད་གཞི་ལྟར་ན། རས་པ་ནི་སྤྱི་ལོ་དུས་རབས་བཅུ་གཅིག་ཙམ་ལ་རྣམ་འབྱོར་གྱི་དབང་ཕྱུག་ཆེན་མོ་རྗེ་བཙུན་མི་ལ་རས་པས་སྲོལ་ཕྱེ་ཞིང་། དེའི་རྨང་གཞི་ནི་བོན་གྱི་ཆོ་ག་དང་འཆམ་ཡིན་པར་བཤད། རས་པ་ལ་ལོ་རྒྱུས་རིང་ཞིང་བརྗོད་གཞི་ཕུན་སུམ་ཚོགས་པ། རྣམ་པ་ཐུན་མོང་མ་ཡིན་ལ་འཁྲབ་རྩལ་ཚད་མཐོ་བ། གཏམ་བཤད་དགོད་བྲོ་ལ་ངོ་འབག་ཡ་མཚན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། དེས་གནའ་བོའི་ཞང་ཞུང་ཤེས་རིག་དང་ཆོས་ལུགས་རིག་གནས་དང་དམངས་ཁྲོད་སྒྱུ་རྩལ་བཅས་ཀྱི་ཉིང་བཅུད་བསྡུས་ཏེ་བོད་ཀྱི་གནའ་རབས་རིག་གནས་སྒྱུ་རྩལ་གྱི་ནོར་བུ་རྩ་ཆེན་ཞིག་ཏུ་ཆགས་ནས། སྒྱུ་རྩལ་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།
སྟེང་ཆེན་རས་པས་རྔ་གཙོ་བོར་བྱས་ཤིང་། ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་དུ་དར་ཡོད། ཁྱུང་པོ་མི་ལ་རས་པའམ་རྗེ་བཙུན་མི་ལ་རས་པ་དེའི་སྲོལ་འབྱེད་དུ་གྲགས། བཤད་སྲོལ་ལ། སྐབས་དེར་སྟེང་ཆེན་ས་ཆ་ནི་ཚ་བའི་ཡུལ་ཡིན་པས་གླང་པོ་ཆེ་ཡོད་སྐད། མི་ཚོས་གླང་ཆེན་བསད་དེ་པགས་པའི་གདན་སྟེང་དུ་འཆམ་རྒྱབ་ནས་ལྷ་མཆོད་པས་རས་པ་བྱུང་བར་བཤད། སྟེང་ཆེན་རས་པ་ལ་ལུགས་མི་འདྲ་བ་གཙོ་བོ་གསུམ་ཡོད་དེ། མི་ལོ་༥༠༠ལྷག་གི་ལོ་རྒྱུས་ལྡན་པའི་གསེར་ཚ་རས་པ། མི་ལོ་༩༤༠ལྷག་གི་ལོ་རྒྱུས་ལྡན་པའི་དབུ་མདོ་རས་པ། མི་ལོ་༣༠༠ལྷག་གི་ལོ་རྒྱུས་ལྡན་པའི་ཁང་གསར་རས་པ་བཅས་སོ། ། དེའི་ནང་ནས་སྙན་གྲགས་ཆེ་ཤོས་ནི་དབུ་མདོ་རས་པ་ཡིན་ཏེ། དེར་ལྟོ་བའི་སྟེང་དུ་རྡོ་བཅག་པའམ་གཞན་གྱི་སྤུ་གྲི་བཀག་ནས་འཁོར་ལོ་འཁོར་བ་ལྟར་འཁྱིར་འགྲོ་བ་སོགས་ཉེན་ཁ་ཤིན་ཏུ་ཆེ་བའི་རྩེད་རྩལ་དུ་མ་ཡོད་དོ། །
བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་ལོ་རྒྱུས་བཞུར་རྒྱུན་རིང་མོར། ཆབ་མདོ་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱི་རྣམ་པ་དུ་མ་གྲུབ་ཡོད། སྟེང་ཆེན་རྫོང་ནི་བོད་ཀྱི་རས་པ་སྒྱུ་རྩལ་གྱི་འབྱུང་ཁུངས་སུ་གྲགས་ཤིང་། ༢༠༠༢ལོར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་རས་པ་སྒྱུ་རྩལ་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་གསོལ། རས་པ་ནི་སྤྱི་ལོ་དུས་རབས་བཅུ་གཅིག་ཙམ་ལ་རྗེ་བཙུན་མི་ལ་རས་པས་སྲོལ་འབྱེད་པར་གྲགས། དེ་ནི་རྔ་དང་གཤང་གཙོར་བྱས་ཤིང་བཤད་པ་དང་གཞས་དང་བྱ་དཀའ་བའི་རྩེད་མོ་དང་རྩ་རླུང་དང་འཁྲབ་གཞུང་ཐུང་ངུ་སོགས་འདུས་པའི་ཕྱོགས་བསྡུས་ཀྱི་སྒྱུ་རྩལ་རྣམ་པ་ཞིག་ཡིན། བཤད་སྲོལ་ལ། གནའ་བོའི་དུས་སུ་སྟེང་ཆེན་ས་ཆ་ནི་ཚ་བའི་ཡུལ་ཡིན་ལ། སྟེང་ཆེན་རྫོང་གནས་ཡུལ་དང་ས་སྒང་དང་གསེར་ཚ་དང་ཁྲི་རྡོ་བཅས་པའི་ཡུལ་ཕལ་ཆེར་ཆུས་བསྣུབས་ནས་སེམས་ཅན་འཚོ་དཀའ་བར་གནས། གཞོན་ནུ་མི་ལ་རས་པས་སེམས་ཅན་ཆུའི་འཇིག་པ་ལས་བསྒྲལ་བའི་ཆེད་དུ། གླང་ཆེན་བསད་དེ་པགས་པའི་གདན་སྟེང་དུ་འཆམ་རྒྱབ་ནས་ལྷ་མཆོད་པས་རས་པ་འཁྲབ་སྲོལ་བྱུང་བར་བཤད།
རས་པ་ནི་ཁམས་ཕྱོགས་སྐྱེ་བོ་རྣམས་ཀྱི་རིག་གནས་འཚོ་བ་གལ་ཆེན་ཞིག་ཏུ་གྱུར། དཔའ་མཛངས་ལྡན་པའི་ཁམས་པའི་མེས་པོ་ཚོས་འོད་སྟོང་འཕྲོ་བའི་དངོས་པོ་དང་བསམ་པའི་དཔལ་ཡོན་ཤུལ་དུ་བཞག་པའི་རྨང་གཞིའི་ཐོག གཏིང་ཟབ་ཅིང་བག་ཡངས་ལ་གཟེངས་མཐོ་བའི་རས་པ་སྒྱུ་རྩལ་བྱུང་ཡོད་པ་སྨོས་མེད་རེད། 
རས་པ་སྒྱུ་རྩལ་ལ་ནང་ཚན་ལུགས་བཅུ་ཕྲག་ཏུ་དབྱེ་རུང་བ་ལས། མི་ལོ༩༤༠ལྷག་སོང་བའི་དབུ་མདོ་རས་པ་སྙན་གྲགས་ཤིན་ཏུ་ཆེ། མི་ལོ་༥༠༠ལྷག་གི་ཁང་གསར་རས་པ་དང་། མི་ལོ་༣༧༠ལྷག་གི་གསེར་ཚ་རས་པའང་ཅུང་གྲགས་ཆེ།
ཆབ་མདོའི་རས་པ་སྒྱུ་རྩལ་ལ་ནང་ཚན་ལུགས་བཅུ་ཕྲག་ཏུ་དབྱེ་རུང་བ་ལས། སྙན་གྲགས་ཆེ་ཤོས་ནི་དབུ་མདོ་རས་པའོ། ། དེར་ལྟོ་བའི་སྟེང་དུ་རྡོ་བཅག་པའམ་གཞན་གྱི་སྤུ་གྲི་བཀག་ནས་འཁོར་ལོ་འཁོར་བ་ལྟར་འཁྱིར་འགྲོ་བ་སོགས་ཉེན་ཁ་ཤིན་ཏུ་ཆེ་བའི་རྩེད་རྩལ་དུ་མ་ཡོད། གྲགས་ཚོད་ལ།  ཁམས་རི་བོ་ཆེའི་གཙུག་ལག་ཁང་ཁྲ་རྒྱན་མ་བཞེངས་ཚེ། བླ་ཆེན་སངས་རྒྱས་འོད་ཀྱིས་ལག་བཟོ་མང་པོ་གླས་ནས་ཉིན་མང་པོར་ལས་ཀ་བྱས་ཀྱང་། ཉིན་མོ་མིས་ལས་པ་མཚན་མོ་འདྲེས་བཤིག་ཏེ་གཙུག་ལག་ཁང་འགྲུབ་དཀའ་བར་འགྱུར། དེ་ནས་བླ་ཆེན་གྱིས་ཁྱུང་པོ་སྟེང་ཆེན་ནས་དབུ་མདོ་རས་པ་ཚང་གདན་དྲངས་ནས་གཙུག་ལག་ཁང་ཉེ་འགྲམ་དུ་རས་པ་འཆམ་དུ་འཇུག་པ་ན། རས་པས་སྐབས་རེ་དགུང་སྔོན་དབྱིངས་སུ་ཐག་པ་བཏགས་པ་དང་འདྲ་བ། སྐབས་རེ་ཆུ་མོའི་སྟེང་ལ་དཀྱིལ་འཁོར་བཏབ་དང་འདྲ་བ་སོགས་ཁྱད་མཚར་བའི་ཉམས་འགྱུར་དུ་མ་སྟོན་པས། གདོན་འདྲེ་རྣམས་ཀྱི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ནས་ཉིན་མཚན་མང་པོ་དེར་ལུས། དུས་སྐབས་དེ་དང་བསྟུན་ནས་བཟོ་བོ་རྣམས་ཀྱིས་གཙུག་ལག་ཁང་བཞེངས་གྲུབ་པར་གྲགས་སོ། ། 
ཁང་གསར་རས་པ་ལ་མི་ལོ་༥༠༠ལྷག་གི་ལོ་རྒྱུས་ལྡན། རས་པའི་ནང་ཅུང་གྲགས་ཆེ། དེ་ནི་ཆབ་མདོ་ས་ཁུལ་ལྷོ་རོང་རྫོང་ཁང་གསར་གྲོང་ནས་བྱུང་བའི་ཁྱིམ་ཚང་གིས་འཁྲབ་པའི་རས་པ་ཡིན། དམངས་གཙོ་བཅོས་སྒྱུར་གྱི་དུས་སུ་སྟེང་ཆེན་རྫོང་རབ་ཞོལ་ཤང་གི་མྱང་པ་གྲོང་དུ་གཞིས་སྤོས། ཡུན་རིང་ནང་སྒྱུ་རྩལ་ལ་བརྟེན་ནས་ཡུལ་གྱར་གྱི་འཚོ་བ་བསྐྱལ་བའི་བརྒྱུད་རིང་ནང་། ཁོ་ཚོའི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་ཁྱད་ཆོས་དུ་མ་གྲུབ་ཡོད། 
མི་ལོ་༣༧༠ལྷག་གི་ལོ་རྒྱུས་ལྡན་པའི་གསེར་ཚ་རས་པ་ནི་ཆབ་མདོ་ས་ཁུལ་དུ་དར་སོ་ཆེ་བའི་རས་པ་ཞིག་ཡིན། དེ་ལ་རྔ་མོ་གཅིག་རྡུང་དང་གསུམ་རྡུང་། ལྔ་རྡུང་། དྲུག་རྡུང་། དགུ་རྡུང་སོགས་རྡུང་ལུགས་ཀྱི་ཁྱད་པར་དུ་མ་ཡོད། དེའི་སྲོལ་འབྱེད་སྐུ་དངོས་ཀྱིས་བཟོས་པའི་བྲམ་ཟེ་དང་ཡིད་འཕྲོག་ལྷ་མོ་དང་ཚོང་དཔོན་ནོར་བུ་བཟང་པོ་སོགས་ཀྱི་ཞལ་འབག་རྣམས་ད་ལྟའང་སྟེང་ཆེན་རྫོང་གསེར་ཚ་ཤང་དུ་ཉར་ཚགས་བྱས་ཡོད། 
གོང་གི་རས་པ་ལུགས་གསུམ་མ་ཟད་པར། ཆབ་མདོ་ས་ཁུལ་དུ་བྲག་གཡབ་དབྱེན་འདུམ་རས་པ་དང་དཔའ་ཤོད་སྤྱན་ལྔ་རས་པ། རི་བོ་ཆེའི་གྲི་རྩེད་རས་པ། དཔལ་འབར་རྫོང་གི་གོ་ཆེན་རས་པ། ལྷོ་རོང་རས་པ་དང་ཚ་བ་རོང་གི་རས་པ་སོགས་རས་པའི་ལུགས་མི་འདྲ་བ་བཅུ་ཕྲག་ཉེ་བ་ཡོད་དོ།  །
རས་པའི་ལག་ཆ་ལ་རྔ་སྒྲོམ་དང་རྔ་ལྤགས། རྔ་ཡུ་དང་རས་དྲ། (རས་པ་ཚོས་ཁོ་ཚོའི་རྔ་ལྤགས་ནི་གླང་ཆེན་པགས་པ་དང་། རྔ་སྒྲོམ་ནི་གླང་ཆེན་གྱི་རྩིབ་རུས་ཀྱིས་བྱས་པ་དང་། རས་དྲ་ནི་གླང་ཆེན་གྱི་རྒྱུ་མས་བསླས་པ། རྔ་གཡོག་ནི་རང་བཞིན་འགུག་པའི་འཁྲི་ཤིང་གིས་བྱས་པར་བཤད།)  གཤང་དང་རལ་གྲི རྔ་ཐག་སོགས་འདུས། བརྩམས་ཆོས་གཙོ་བོ་ནི་《བཀྲ་ཤིས་རས་པ》་དང་། 《གནའ་བོའི་སྟེང་ཆེན་རས་པ།》 《ཁམས་ཕྱོགས་རྔ་རྡུང་། 《ཁང་གསར་རས་པ།》 《རྔ་དང་གཤང་།》སོགས་ཡོད།
ཁང་གསར་རས་པ་འཁྲབ་སྟོན་གྱི་གོ་རིམ་ནི། དང་པོར་འབྲས་དཀར་གྱི་རྣམ་པས་རང་ཉིད་ངོ་སྤྲོད་བྱེད་པ་སྟེ། རས་པའི་བྱུང་བ་དང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་སོགས་ངོ་སྤྲོད་བྱེད་པའོ། ། གཉིས་པར་འཁྲབ་ཚན་ངོ་སྤྲོད། གསུམ་པར་སྔོན་འགྲོའི་འཁྲབ་ཚན། བཞི་པར་རྔ་རྡུང་ཞིང་གཤང་དཀྲོལ་གྱིན་རས་པའི་འཁྲབ་ཚན་གྱི་མཐོ་རླབས་འཕྱུར་བ། ལྔ་པར་བྲོ་དང་པི་ཝང་གཞས་བར་གསེང་དུ་བཅུག་ཅིང་འཁྲབ་པ། དྲུག་པ་ནི་རས་པ་ཕོ་མོ་ཕན་ཚུན་དགོད་བྲོ་བའི་ཁ་ཤགས་འགྱེད་ཅིང་མཇུག་བསྡུ་བའོ། །
རས་པ་དཔེ་བླང་སའི་ཁུངས་ནི་བོན་གྱི་ཆོ་ག་དང་འཆམ་ལ་གཏུགས་ཤིང་། ལོ་རྒྱུས་རིང་ལ་བརྗོད་གཞི་ཕུན་སུམ་ཚོགས་པ། རྣམ་པ་ཐུན་མོང་མ་ཡིན་ལ་འཁྲབ་རྩལ་ཚད་མཐོ་བ། གཏམ་བཤད་དགོད་བྲོ་ལ་ངོ་འབག་ཡ་མཚན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན། དེས་གནའ་བོའི་ཞང་ཞུང་ཤེས་  རིག་དང་ཆོས་ལུགས་རིག་གནས་དང་དམངས་ཁྲོད་སྒྱུ་རྩལ་བཅས་ཀྱི་ཉིང་བཅུད་བསྡུས་ཏེ་བོད་ཀྱི་གནའ་རབས་རིག་གནས་སྒྱུ་རྩལ་གྱི་ནོར་བུ་རྩ་ཆེན་ཞིག་ཏུ་ཆགས་ནས། སྒྱུ་རྩལ་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད། ཀྲུང་གོ་གྲངས་ཉུང་མི་རིགས་རོལ་དབྱངས་ལྷན་ཚོགས་གྱི་དྲུང་ཡིག་གཞོན་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་སློབ་གླིང་གི་ཡོན་ཀྲང་གཞོན་པ་སློབ་དཔོན་ཝང་ཧྭ་ཡིས་རས་པ་འཁྲབ་སྟོན་གཟིགས་རྗེས། དེང་རབས་སྤྱི་ཚོགས་ནང་འདི་ལྟར་ལོ་རྒྱུས་རིང་བའི་སྲོལ་རྒྱུན་ཟློས་གར་རྒྱུན་འཛིན་བྱེད་ཐུབ་པ་ནི་ཧ་ལས་དགོས་པ་ཞིག་ཡིན་པར་མ་ཟད། རས་པ་ལ་ངོ་མཚར་ལྟད་མོའི་མཛེས་པ་དང་། ལོ་རྒྱུས་དང་རྩོམ་རིག་གི་རང་བཞིན། ཐུན་མིན་དང་བྱ་དཀའ་བའི་རང་བཞིན་དུ་མ་འདུས་པ་ནི་དེ་བས་ཧ་ལས་དགོས་པ་ཞིག་རེད་ལ། དེས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་གྱི་རྒྱ་ཆེན་གཏིང་ཟབ་རང་བཞིན་མངོན་ཐུབ་པར་མ་ཚད། བོད་རིགས་མི་དམངས་ཚོའི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཀྱང་མཚོན་གྱིན་འདུག་གོ་ཞེས་བསྔགས་བརྗོད་གནང་། 
གསེར་ཚ་རས་པའི་སྲོལ་འབྱེད་སྐུ་དངོས་ཀྱིས་བཟོས་པའི་བྲམ་ཟེ་དང་ཡིད་འཕྲོག་ལྷ་མོ་དང་ཚོང་དཔོན་ནོར་བུ་བཟང་པོ་སོགས་ཀྱི་ཞལ་འབག་རྣམས་ད་ལྟའང་སྟེང་ཆེན་རྫོང་གསེར་ཚ་ཤང་དུ་ཉར་ཚགས་བྱས་ཡོད་ལ། རིག་གནས་ཀྱི་རིན་ཐང་ཆེན་པོ་ལྡན། 
ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་མཉམ་པོས་རྫོང་ལ་བཀའ་ཡིག་ཕབ་ནས། སྟེང་ཆེན་རྫོང་གཙོས་པའི་རྫོང་ཁག་སོ་སོས་ནུས་པ་ཐོན་པའི་སྒོ་ནས་སྲོལ་རྒྱུན་རས་པ་སྒྱུ་རྩལ་སྲུང་སྐྱོབ་མྱུར་སྐྱོབ་བྱེད་དགོས་པའི་མངགས་བྱ་ནན་པོ་བཏོན། ཉེ་བའི་ལོ་འགར། སྟེང་ཆེན་རྫོང་རིག་གནས་ཅུས་དང་ཆབ་མདོ་ས་ཁུལ་རིག་གནས་ཅུས་དང་ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་སློབ་གླིང་གི་སློབ་དཔོན་ཝང་ཧྭ་བཅས་ས་གནས་སུ་ཐེངས་མང་བཅར་ཏེ། ཕྱོགས་ཡོངས་ནས་འཚོལ་ཞིབ་དང་ཕྱོགས་སྒྲིག་དང་ཕབ་ལེན་སོགས་བྱས། ༢༠༠༠ལོར། སྟེང་ཆེན་རྫོང་གིས་ལོ་རེའི་ཟླ་༨པར་རས་པ་སྒྱུ་རྩལ་དང་ཚོང་འདུས་དུས་ཆེན་འཚོག་རྒྱུར་ཐག་བཅད་དེ། རས་པ་གཙོས་པའི་འཁྲབ་སྟོན་སྣ་ཚོགས་སྤེལ། སྒྱུ་རྩལ་དུས་ཆེན་གྱིས་ཁམས་ཕྱོགས་དམངས་ཁྲོད་སྒྱུ་རྩལ་གྱི་ནོར་བུ་རྩ་ཆེན་དེའི་འོད་མདངས་ཕྱོགས་བཅུར་འཕྲོས་པར་མ་ཟད། སྟེང་ཆེན་གྱི་ཉམས་འགྱུར་ཡང་ཕྱི་ཕྱོགས་སུ་ཁྱབ་བསྒྲགས་བྱས་ཡོད། 
རས་པ་ལ་ལོ་རྒྱུས་རིང་ཞིང་བརྗོད་གཞི་ཕུན་སུམ་ཚོགས་པ། རྣམ་པ་ཐུན་མོང་མ་ཡིན་ལ་འཁྲབ་རྩལ་ཚད་མཐོ་བ། གཏམ་བཤད་དགོད་བྲོ་ལ་ངོ་འབག་ཡ་མཚན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། རས་པ་སྲུང་སྐྱོབ་བྱ་རྒྱུ་ནི་ལོ་རྒྱུས་དང་དུས་རབས་ཀྱི་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡིན། སྲུང་སྐྱོབ་ཀྱི་ནང་དོན་གཙོ་བོ་ནི། 
༡ རས་པའི་ཐུན་མོང་མ་ཡིན་པའི་ཞབས་བྲོའི་སྒྱུ་རྩལ། ཆབ་མདོ་ས་ཁུལ་གྱིས་རས་པའི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་ཞབས་བྲོའི་སྒྱུ་རྩལ་མི་ཉམས་པའི་ཆེད་དུ། ས་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་གཞུང་རྩོམ་སྒྲིག་དང་འཁྲབ་འཁྲིད་པ། ཞབས་བྲོ་རུ་དཔོན་སོགས་རྩ་འཛུགས་བྱས་ནས་ས་གནས་དངོས་སུ་བཅར་ཏེ། དམངས་ཁྲོད་སྒྱུ་རྩལ་པ་དང་མཉམ་དུ་སློབ་སྦྱོང་དང་ཉམས་མྱོང་སྤེལ་རེས་བྱེད་ཡོད།  ༢ རས་པའི་རིག་གནས་ཀྱི་ལོ་རྒྱུས་རྒྱུ་ཆ་རྩ་ཆེན་སྲུང་སྐྱོབ་དང་མྱུར་སྐྱོབ་བྱེད་པ། 
ཀྲུང་གོའི་གྲངས་ཉུང་མི་རིགས་རོལ་དབྱངས་ལྷན་ཚོགས་ཀྱི་དྲུང་ཡིག་གཞོན་པའམ་ཀྲུང་དབྱང་མི་རིགས་སློབ་ཆེན་རོལ་དབྱངས་སློབ་གླིང་གི་སློབ་དཔོན་ཝང་ཧྭ་གདན་དྲངས་ཤིང་། ཆེད་ལས་མི་སྣ་ལྷན་དུ་མངགས་ཏེ། རྫོང་རིག་གནས་ཅུས་དང་མཉམ་དུ་དམངས་ཁྲོད་སྒྱུ་རྩལ་པ་སྐུ་དངོས་ཀྱི་གམ་དུ་བཅར་ནས། དཔར་ལེན་དང་བརྙན་ཕབ། སྒྲ་ཕབ། ཡིག་ཐོག་བཀོད་པ་སོགས་རྒྱུ་ཆ་ཕྱོགས་སྒྲིག་གི་ལས་པ་མང་པོ་བསྒྲུབས་ཡོད། ༣ རས་པ་སྒྱུ་རྩལ་མི་སྣ་སྲུང་སྐྱོབ་བྱེད་པ། ཆབ་མདོ་ས་ཁུལ་རིག་གནས་ཅུས་དང་རྫོང་རིག་གནས་ཅུས་ཀྱིས་རང་ཉིད་མཐུན་རྐྱེན་བཟང་པོ་མེད་ནའང་། ཐབས་ཤེས་གང་དྲག་གིས་སྒྱུ་རྩལ་མི་སྣ་རྒན་རབས་རྣམས་སྲུང་སྐྱོབ་བྱེད་ཀྱི་ཡོད། དཔེར་ན། ཆབ་མདོ་ས་ཁུལ་རིག་གནས་སྒྱུ་རྩལ་ཚོགས་འདུའི་ཐོག་དམངས་ཁྲོད་སྒྱུ་རྩལ་འཛིན་སྤེལ་གྱི་སྔོན་ཐོན་བྱ་དགའ་བསྩལ་ཞིང་། དངོས་པོའི་བྱ་དགའ་གནང་ལྟ་བུའོ། ། ༤ རས་པའི་དམངས་ཁྲོད་སྒྱུ་རྩལ་གྱི་འཕེལ་རྒྱས་སྲུང་སྐྱོབ་བྱེད་པ། ཆབ་མདོ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ནས་རས་པའི་དམངས་ཁྲོད་སྒྱུ་རྩལ་གོང་འཕེལ་འགྲོ་བའི་ཆེད། མི་སྣ་རྩ་འཛུགས་ཀྱིས་རྒྱས་པའི་ཞབས་བྲོའི་འཁྲབ་ཚན་《རས་པའི་རྣམ་ཤེས།》ཞེས་པ་ཞིག་འཁྲབ་རྒྱུར་ཐག་བཅད། དུས་མཚུངས་སུ། རས་པ་སོགས་དམངས་ཁྲོད་སྒྱུ་རྩལ་སྔར་བས་གོང་འཕེལ་ཡོང་ཕྱིར། སློབ་གྲྭ་ཁག་ཏུ་དམངས་ཁྲོད་ཞབས་བྲོ་ཁྱབ་གདལ་བཏང་ནས་སྒྱུ་རྩལ་མི་སྣ་གསོ་སྐྱོང་བྱེད།  ༥ རས་པའི་ཐུན་མོང་མ་ཡིན་པའི་རིག་དངོས་སྲུང་སྐྱོབ་བྱེད་པ།  རས་པའི་ལོ་རྒྱུས་རིང་བས་དེའི་འཁྲབ་ཆས་ལའང་ལོ་རྒྱུས་རིན་ཐང་ངེས་ཅན་ལྡན། ཆབ་མདོ་ས་ཁུལ་རིག་གནས་ཅུས་ཀྱིས་ས་གནས་སུ་བཅར་བའི་གོ་སྐབས་དང་བསྟུན་ནས། དམངས་ཁྲོད་དུ་ཡོད་པའི་སྔ་དུས་རས་པའི་འཁྲབ་ཆས་ལ་དཔར་ལེན་དང་ཐོ་འགོད་སོགས་ལས་དོན་སྤེལ་ཡོད། 
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།