སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྤྱི་ཕན་གློག་བརྙན༼དར་སྐུད་དམར་པོ༽ཞེས་པ་ཟི་ལིང་ནས་རིན་མེད་གཟིགས་འབུལ་གནང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Michung དུས་ཚོད། 2017-2-23 9:40:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས།
 
སྤྱི་ཕན་གློག་བརྙན༼ དར་སྐུད་དམར་པོ ༽ཞེས་པ་ཟི་ལིང་ནས་རིན་མེད་གཟིགས་འབུལ་གནང་།
     སྤྱི་ཟླ2པའི་ཚེས20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞིའི་སྟེང་།  ན་གཞོན་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱི་སྤྱི་ཕན་གློག་བརྙན༼དར་སྐུད་དམར་པོ༽ཞེས་པ་ཟི་ལིང་ཨོ་སི་ཁཱ་གློག་བརྙན་འགྲེམ་སྟོན་ཁང་ནས་ཐོག་དང་པོར་རིན་མེད་གཟིགས་འབུལ་གནང་། ཚོགས་ཐོག་ཏུ་འབྲེལ་ཡོད་མགོ་ཁྲིད་དང་། གདན་ཞུའི་སྐུ་མགྲོན། ཆེད་མཁས་པ། སྒྱུ་རྩལ་པ། ཕྱོགས་སོ་སོ་ནས་ཕེབས་པའི་ལྟད་མོ་བ་སོགས་མི་ལྔ་བརྒྱ་ལྷག་འཚང་ཁ་ཤིག་ཤིག་གིས་རེབ་འདིའི་གློག་བརྙན་འགྲེམ་སྟོན་སྟེང་ཞུགས།
སྤྱི་ཕན་གློག་བརྙན༼དར་སྐུད་དམར་པོ༽འི་འགྲེམས་བརྡ།
     གློག་བརྙན་འདི་ནི་སྤྱི་ཕན་གློག་བརྙན་ཞིག་སྟེ། འདིའི་ནང་དུ་གཙོ་བོ་ཨེ་ཛིའི་འགོས་ནད་སྔོན་འགོག་གི་ཤེས་བྱ་དྲིལ་སྒྲོག་ཏུ་ཆས་པའི་དང་བླངས་པ་གཉིས་ཀྱིས་གྲོང་ཚོ་སོ་སོ་དང་སྡེ་བ་སོ་སོར་བརྒྱུད་དེ་ཨེ་ཛིའི་ནད་རིགས་ཕྱོགས་ཀྱི་ཤེས་བྱ་དྲིལ་སྒྲོག་གི་བྱ་འགུལ་ཤུགས་ཆེར་སྤེལ་ནའང་། གཞི་རིམ་མང་ཚོགས་ཀྱིས་དེ་དང་ལེན་བྱེད་མ་ཐུབ་པ་དང་། ཨེ་ཛིའི་ནད་རིགས་འདི་ནི་འཇིགས་ཡེར་བའི་ནད་རིགས་ཤིག་ཡིན་པ་གཞི་ནས་རྟོགས་ཀིན་མི་འདུག མཐར་མེ་ཏོག་ཟེར་བའི་བུད་མེད་སྦྲུམ་མ་ཅིག་ལ་ཨེ་ཛིའི་ནད་དུག་འགོས་ཤིང་ཁོ་མོའི་ཁྱོ་གས་ཀྱང་མོ་ལ་བདག་སྐྱོང་གི་ཚུལ་དོར་བ་དང་། སྡེ་བའི་རྒན་དར་གཞོན་གསུམ་ཀུན་གྱིས་ཀྱང་མོ་རང་མཐོང་མ་ཐག་ཏུ་ཁ་ལག་པས་བཀབ་ཅིང་། མཐོང་ཆུང་དང་དམའ་འབེབས་ཀྱིས་བས་མཐར་དེད་དེ། མཇུག་མཐར་མོ་རང་ཁེར་རྐྱང་དུ་ལུས་པའི་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་ཡོད་ལ། དུས་མཚུངས་སུ་ཁེར་ཧྲེང་དུ་ལུས་པའི་བུ་མོ་མེ་ཏོག་ལ་དང་བླངས་པ་གཉིས་ཀྱིས་བདག་སྐྱོང་བྱས་ཏེ་སྨན་ཁང་དུ་བསྐྱལ་ནས་མངལ་དུ་སྦྲུམས་ཡོད་པའི་ཚེ་སྲོག་ཆུང་ཆུང་དེ་བདེ་བླག་ངང་བསྐྱབས་པ་དང་། ནད་གདོན་གྱི་འཇིགས་ཉེན་ལས་ཐར་བའི་བུ་ཆུང་རྡོ་རྗེ་རང་གི་ཨ་མའི་ཕུ་བོ་སྟེ། ཨ་ཞང་དབང་རྒྱལ་གྱིས་རང་ཁྱིམ་དུ་ཁྱེར་ནས་གཉོར་སྐྱོང་བྱས་པ་དང་། མཐར་བུ་མོ་མེ་ཏོག་གིས་ཀྱང་གཞན་གྱི་འཕྱ་སྨོད་དང་སེམས་ཀྱི་གདུང་བ་ལྕི་མོར་གཡུལ་འཐབ་བྱེད་པ་ལས་རྣམ་པར་རྒྱལ་ནས་སྤོབས་པ་ཆེར་བསྐྱེད་ཀྱིས་རང་ཉིད་ཀྱི་ཉམས་མྱོང་དངོས་ཀྱི་སྟེང་ནས་སྡེ་མི་ཡོངས་ལ་རང་སེམས་ཀྱི་ཆེས་བཤད་འདོད་པའི་སྐད་ཆ་དག་བཤད་ཐུབ་སོང་བ་དང་། སྡེ་མི་དག་གིས་ཀྱང་སྔ་མ་བཞིན་ཨེ་ཛིའི་ནད་པ་མཐོང་མ་ཐག་ཁ་སྣ་ལག་པས་འགེབས་པ་སོགས་ཀྱི་རྣམ་འགྱུར་བསྐྱུར་ནས་བུ་མོ་མེ་ཏོག་ལ་བྱམས་སྐྱོང་དང་ཤ་ཚའི་མིག་ཟུང་གིས་བལྟ་བཞིན་པའི་ཚུལ་དག་མཐོང་འོངས་སྐབས་སེམས་ལ་དྲོད་ཐིག་ཅིག་རྒྱས་འོངས།

གདན་ཞུའི་སྐུ་མགྲོན་རྣམས་ཀྱིས་མིང་རྟགས་འགོད་བཞིན་པ།

འཁྲབ་ཁྲིད་པ་བདྨ་ཚེ་བརྟན་གྱིས་རང་གི་མྱོང་སྣང་བརྗོད་བཞིན་པ།

གློག་བརྙན༼ དར་སྐུད་དམར་པོ ༽འི་འཁྲབ་ཁྲིད་པ་དར་རྒྱས་བསྟན་འཛིན་གྱིས་འདི་ལྟ་བུའི་གློག་བརྙན་ཞིག་ཕབ་སྐྲུན་བྱེད་དགོས་པའི་དགེ་མཚན་གླེང་བཞིན་པ།

བརྙན་སྐྲུན་ཚན་ཆུང་།

གློག་བརྙན་ལ་རོལ་མྱོང་བྱེད་བཞིན་པའི་ཟུར་ཞིག

ལྟད་མོ་བས་དྲི་བ་འདོན་བཞིན་པ།
     གློག་བརྙན་འདིའི་མཇུག་ཏུ་འདས་པོ་མེ་ཏོག་ལ་སྐྱེལ་མ་བྱེད་ཀྱིན་པའི་བརྙན་རིས་བརྗིད་པོ་དེས་གློག་བརྙན་གྱི་ཟབ་ཚད་མཐོ་ནས་མཐོ་རུ་བཏེགས་ཡོད་ཅིང་། ཆེས་སྙིང་ཉེ་བའི་ཚེ་སྲོག་ཅིག་ལ་སྐྱེལ་མ་བྱེད་པ་ལས་གཞན། གཡུལ་ས་ཆེན་པོ་ཞིག་ཏུ་དཔའ་ངར་དང་བཅས་ཏེ་སྐུ་གཤེགས་པའི་མི་ཕོ་ཞིག་ལ་སྐྱེལ་མ་བྱེད་པ་དང་ཡང་མཚུངས་པས། གློག་བརྙན་འདིར་གཟིགས་པའི་སྐལ་བ་དང་ལྡན་པའི་ལྟ་མཁན་སུ་ཡིན་ཡང་། གློག་བརྙན་ལ་བལྟས་ནས་མཚམས་འདིར་ཐོན་སྐབས་རང་གིས་ཀྱང་འདས་པོ་གང་དེར་སྐྱེལ་མ་ཡག་པོ་ཞིག་བྱས་སོང་སྙམ་པའི་གདེང་དེ་རྙེད་ཡོང་ངེས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...