སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ལྗོངས་དམངས་སྲོལ་ཉིང་བཏུས》པར་བསྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-3-27 9:54:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《བོད་ལྗོངས་དམངས་སྲོལ་ཉིང་བཏུས》།

     ཉེ་ལམ། 《བོད་ལྗོངས་དམངས་སྲོལ་ཉིང་བཏུས》ཞེས་པའི་དཔེ་དེབ་འདི་སྒྲིག་གཙོ་ཕུན་ཚོགས་བཀྲ་ཤིས་དང་། རྩོམ་སྒྲིག་པ་ར་ས་བསྟན་འཛིན་ཆོས་གྲགས་དང་སྐྱིད་ཆུ་བསྟན་འཛིན་ཉི་མ། ཚེ་བརྟན་རྡོ་རྗེ་བཅས་ཀྱི་འབད་བརྩོན་འོག  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་ལ། དཔེ་དེབ་འདི་གཙོ་ཆེར་འཚོལ་སྡུད་དང་ལེགས་སྒྲིག  བཅར་འདྲི་སོགས་ཀྱི་རྣམ་པ་སྤྱད་དེ་བོད་ལྗོངས་ཀྱི་ས་ཁུལ་སོ་སོའི་དམངས་སྲོལ་རིག་གནས་ཕྱོགས་ཡོངས་སུ་སྒྲིག་རྩོམ་བྱས་པ་ཞིག་ཡིན།
     དཔེ་དེབ་འདི་ལེའུ23ལས་གྲུབ་ཅིང་། ནང་དོན་གཙོ་བོ་ལ་བོད་ཀྱི་རྒྱན་གོས་དང་། དུས་སྟོན།  འཛུགས་སྐྲུན། དད་མོས། ཆོས་ལུགས་ཡོ་ཆས། བཟའ་བཏུང་། གུས་སྲོལ། བག་སྟོན། འཛེམ་བྱ། དུར་མཆོད། གླུ་གར། རོལ་མོའི་ཡོ་ཆས། རྩེད་འཇོ། རི་མོ། དུས་དཔྱད། དུས་བརྟག འཚོ་བའི་ཡོ་ཆས། ནུས་རྩལ། རྒྱུན་ཤེས། ཞིང་ལས། དཔེ་རིས་སོགས་དམངས་སྲོལ་རིག་གནས་འདུས།
     དཔེ་དེབ་འདི་སྒྲིག་རྩོམ་བྱེད་པའི་གོ་རིམ་ཁྲོད། འདི་ནི་བོད་ལྗོངས་ལ་བསྐོར་བའི་ཀློག་དེབ་གལ་ཆེན་ཞིག་ཏུ་འགྱུར་བར་གང་ནུས་ཀྱིས་དབང་གྲགས་དང་ཡིད་རྟོན་ཆེ་བའི་རྒྱུ་ཆ་འཚོལ་སྡུད་བྱས་ཏེ་དཔེ་དེབ་འདིའི་ཀློག་ནུས་རང་བཞིན་དང་ཤེས་བྱའི་རང་བཞིན་གྱི་ཁྱད་ཆོས་ཐོན་པར་བྱས་ཡོད་ལ། ཡང་གཅིག་བཤད་ན་འདི་ནི་བོད་ལྗོངས་དམངས་སྲོལ་ཞིབ་འཇུག་བྱེད་མཁན་དག་ལ་མཚོན་ན་དཔྱད་གཞིའི་རྒྱུ་ཆ་ལེགས་པོ་ཞིག་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...