སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་གཙོ་གནད་ཕྱོགས་བསྒྲིགས》དཔར་ཐེངས་གཉིས་པ་འགྲེམ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-8 9:27:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་གཙོ་གནད་ཕྱོགས་བསྒྲིགས》
དཔར་ཐེངས་གཉིས་པ་འགྲེམ་སྤེལ།

     སྙན་བཟང་པདྨ་རིན་ཆེན་གྱིས་སྒྲིག་རྩོམ་བྱས་པའི《དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་གཙོ་གནད་ཕྱོགས་བསྒྲིགས》ཞེས་པའི་དེབ་འདི་ནི2002ལོར་པར་སྐྲུན་འགྲེམས་སྤེལ་བྱས་པ་ནས་བཟུང་ཁྱུང་མཆུ་རྫོང་བོད་ཡིག་སློབ་འབྲིང་གཙོ་བྱས་པའི་བོད་ཁུལ་གྱི་དགེ་སློབ་མང་པོ་ཞིག་གིས་དེབ་འདི་བེད་སྤྱོད་བྱས་ཏེ་དགའ་བསུ་ཆེན་པོ་ཐོབ་ཕྱིར། ད་ལོ་ཡང་བསྐྱར་ནང་དོན་ལ་ཁ་གསབ་བྱས་ཏེ་དཔར་ཐེངས་གཉིས་པ་པར་སྐྲུན་ལེགས་འགྲུབ་བྱུང་།
     དེབ་འདིའི་ནང་དུ་དམའ་འབྲིང་ལོ་རིམ་དང་པོའི་སྟོད་ཆ་ནས་དམའ་འབྲིང་ལོ་རིམ་གསུམ་པའི་དེབ་ཆ་ཚང་གི་བར་སྟེ། བསྡོམས་པས་དམའ་འབྲིང་ཀུན་སྤྱོད་དེབ་ལྔ་གཞིར་བཟུང་ནས་དེབ་རེ་རེའི་ཁྲོད་ཀྱི་གཙོ་གནད་དང་བློ་འཛིན་གྱི་སྐོར་གོ་རིམ་ཡོད་པའི་སྒོ་ནས་མགོར་ཨང་རྟགས་བཀོད་དེ་བསྒྲིགས་ཡོད་ལ། འབྲེལ་ཡོད་ནང་དོན་ལ་བོད་ཀྱི་དམངས་ཁྲོད་གཏམ་དཔེ་དང་གླུ་ཚིག  གཟུར་གནས་མཁས་པའི་ལེགས་བཤད་སོགས་ཀྱིས་ཟུར་བརྒྱན་བྱས་ཡོད་པར་མ་ཟད། 2007ལོ་ནས2013ལོའི་བར་གྱི་འབྲིང་རྒྱུགས་རྒྱུགས་ཤོག་སོགས་ཀྱང་བཀོད་ཡོད་པས། རྒྱ་ཆེའི་དགེ་སློབ་དག་ལ་སློབ་སྦྱོང་གི་རྒྱུ་ཆ་མེད་མི་རུང་བ་ཞིག་མཁོ་འདོན་བྱས་འདུག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...