སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《དག་ཡིག་གསར་བསྒྲིགས་དག་བཅོས་མ》པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་བསྡུས་པ།
རྩོམ་པ་པོ། དབང་རྒྱལ་ཚེ་རིང་དང་བན་དེ་སྐྱབས རྩོམ་སྒྲིག་པ། Lhamo དུས་ཚོད། 2015-4-13 9:57:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། ཀློག་གྲངས།


《དག་ཡིག་གསར་བསྒྲིགས་དག་བཅོས་མ》པར་སྐྲུན་འགྲེམ་སྤེལ་མཛད་སྒོ་ཞིན་ཧྭ་དཔེ་ཁང་དུ་བསྡུས།

     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྔོན་གྱི་རྩོམ་སྒྲིག་པ། དེང་རབས་བོད་ཀྱི་མཁས་པ། བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་འདིང་མཁན། རྒྱ་བོད་རིག་གཞུང་སྨྲ་བའི་ཁྱུ་མཆོག བོད་ཀྱི་རྩོམ་རིག་གི་ཞིང་ས་གཤིན་པོ《སྦྲང་ཆར》དུས་དེབ་གསར་འདོན་བྱེད་མཁན་ཨ་ཁུ་འགྱུར་མེད་ཀྱིས་ལོ་ངོ་དུ་མར་སེམས་ཤུགས་ཡོད་རྒུ་རྩལ་དུ་སྦྲུག་ནས་ལེགས་འགྲུབ་བྱུང་བའི《དག་ཡིག་གསར་བསྒྲིགས་དག་བཅོས་མ》ཐེངས་དང་པོར་པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་དེ་ཟླ4བའི་ཚེས11ཉིན་གྱི་ཆུ་ཚོད10:30སྟེང་ཟི་ལིང་བཞི་མདོ་ཆེན་མོའི་ཞིན་ཧྭ་དཔེ་ཁང་ནས་དངོས་སུ་བསྡུས།


མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་
བསོད་ནམས་ཚེ་རིང་གིས་ཤིས་ཚིག་འབུལ་བཞིན་པའི་ཚུལ།


དེབ་འདིའི་ལེགས་བཅོས་མཛད་པ་པོ་ཨ་ཁུ་འགྱུར་མེད་མཆོག་གིས་མཛད་སྒོའི་ཤིས་དར་གཅོད་ཀྱིན་པ།

     ཐེངས་འདིའི་པར་སྐྲུན་འགྲེམ་སྤེལ་མཛད་སྒོའི་སྟེང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཆིས་ཀྲིན་ཞན་དང་། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་དཔེ་ཁང་གི་མགོ་གཙོ་ཝང་ཅིན་ཧེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས། བོད་ཀྱི་མཁས་པ་ཆེན་པོ། «སྦྲང་ཆར»དུས་དེབ་སྔོན་ཆད་ཀྱི་གཙོ་སྒྲིག་པ་ཟླ་བ་བློ་གྲོས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ། བོད་ཀྱི་མཁས་པ་གྲགས་ཅན། 《དག་ཡིག་གསར་བསྒྲིགས་དག་བཅོས་མ》ལེགས་བཅོས་མཛད་པ་པོ་ཨ་ཁུ་འགྱུར་མེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་བཅས་མཛད་སྒོའི་སྟེང་ཞུགས་པ་མ་ཟད། ད་དུང་ཟི་ལིང་ན་ཡོད་པའི་བོད་ཀྱི་ལས་ཁུངས་ཁག་གི་གསར་འགོད་པ་དང་སྤྱི་ཚོགས་སྟེང་གི་རིག་གནས་གཉེར་མཁན་མི་ཉུང་བ་ཞིག་ཀྱང་ཟབ་ཞུགས་བྱས་ཡོད།


མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་
གསར་བྱུང་ཚིག་མཛོད་འདིའི་དགེ་མཚན་གླེང་བཞིན་པ།

     《དག་ཡིག་གསར་བསྒྲིགས》1979ལོར་པར་དུ་བསྐྲུན་པ་ནས་བཟུང་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་མཛད་ཅིང་། ད་ལྟའི་བར་དེབ་གྲངས་ཁྲི60ལྷག་འགྲེམ་སྤེལ་བྱས་པ་རེད། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་ཀློག་པ་པོའི་དགོངས་འཆར་ལྟར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ནས་དག་ཡིག་འདིར་དག་བཅོས་ལེགས་པར་བགྱིས་ཏེ《དག་ཡིག་གསར་བསྒྲིགས་དག་བཅོས་མ》ཁྲོད་རྒྱུན་སྤྱོད་ཐ་སྙད1900ལྷག་གསར་དུ་བསྣན་ཡོད།


མཛད་སྒོའི་སྟེང་ཕེབས་པའི་མཁས་དབང་དང་འགོ་ཁྲིད་རྣམ་པ།


དཔེ་དེབ་འདིའི་ཁྲོད་མཉམ་ཞུགས་གནང་མཁན་གྱི་ལག་བསྟར་རྩོམ་སྒྲིག་པ་ལྷན་རྒྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...