སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《དོན་གྲུབ་རྒྱལ་གྱི་མི་ཚེ་དང་གསར་རྩོམ་སྐོར་གླེང་བ》ཞེས་པའི་རིག་གཞུང་བརྩམས་ཆོས་པར་བསྐྲུན་འགྲེམ་སྤེལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-5-13 10:43:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《དོན་གྲུབ་རྒྱལ་གྱི་མི་ཚེ་དང་གསར་རྩོམ་སྐོར་གླེང་བ》།

     ཉེ་ལམ། བོད་ཀྱི་ན་གཞོན་ཤེས་ཡོན་པའམ་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་གྱིས་བརྩམས་པའི《དོན་གྲུབ་རྒྱལ་གྱི་མི་ཚེ་དང་གསར་རྩོམ་སྐོར་གླེང་བ》ཞེས་པའི་རིག་གཞུང་བརྩམས་ཆོས་འདི་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
     བརྩམས་ཆོས་འདིར་རྩོམ་པ་པོས་རྩོམ་རིག་མིའི་རིགས་རིག་པའི་ལྟ་ཚུལ་ལས་རྒྱལ་ཁབ་ཕྱི་ནང་དུ་དཔལ་དོན་གྲུབ་རྒྱལ་ཞིབ་འཇུག་བྱེད་པའི་ད་སྔའི་གནས་ཚུལ་དང་པིར་མིང་འདོགས་སྟངས། མི་ཚེ་དང་ཁོང་གི་གསར་རྩོམ་གྱི་ལམ་བུ་སོགས་ཀྱི་ཐད་ནས་དབྱེ་ཞིབ་དང་སྤྱི་བསྡོམས་བྱས་པ་དང་། 《སྤྲུལ་སྐུ》དང《ལང་ཚོའི་རྦབ་ཆུ》། 《རྐང་ལམ་ཕྲ་མོ》སོགས་བརྩམས་ཆོས་ལ་ཡང་བསྐྱར་གསལ་འགྲེལ་གནང་ཞིང་། སྔར་གྱི་ཞིབ་འཇུག་ཁྱབ་རྒྱ་སོགས་ལས་བརྒལ་བ་དང་། རིག་གཞུང་གི་རིན་ཐང་དང་དཔྱད་གཞིའི་རིན་ཐང་ངེས་ཅན་ལྡན།
     སྤྲེལ་ནག་པ་རིག་འཛིན་གྲགས་ལྡན་ནི1980ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་སྤྲེའུ་ནག་ཡུལ་ཚོ་རུ་སྐྱེས། 2004ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དུ་དངོས་གཞི་མཐར་ཕྱིན་རྗེས་བོད་རང་སྐྱོང་ལྗོངས་ཆབ་མདོ་གོ་འཇོ་རྫོང་སློབ་འབྲིང་དུ་སློབ་གསོའི་བྱ་ལས་སྒྲུབ་བཞིན་ཡོད། 2007ལོར་བོད་ལྗོངས་སློབ་ཆེན་དུ་རབ་འབྱམས་པའི་སློབ་གཉེར་བྱེད་པ་མ་ཟད། 《དོན་གྲུབ་རྒྱལ་གྱི་མི་ཚེ་དང་གསར་རྩོམ་སྐོར་གླེང་བ》ཞེས་པའི་མཐར་ཕྱིན་དཔྱད་རྩོམ་སྤེལ་བ་དང་། དེའི་མཚུངས་སུ《དཔལ་དོན་གྲུབ་རྒྱལ་ཞིབ་འཇུག་གི་དཔྱད་རྩོམ་ཕྱོགས་བསྒྲིགས》ཞེས་པའི་དཔེ་དེབ་ཀྱི་གཙོ་སྒྲིག་གི་འགན་ཁུར་ཏེ་དཔེ་སྐྲུན་བྱས། 2013ལོ་ནས་བཟུང་ལྷོ་ནུབ་མི་རིགས་སློབ་ཆེན་མི་རིགས་རིག་པའི་ཆེད་ལས་སུ་འབུམ་རམས་པའི་སློབ་གཉེར་གནང་། སྔ་གཞུག་ཏུ་སྙན་ངག་དང་། ལྷུག་རྩོམ། བརྩམས་སྒྲུང་། ཡིག་བསྒྱུར་བརྩམས་ཆོས། དེ་མིན་རིག་གཞུང་དཔྱད་རྩོམ་སོགས30ལྷག་སྤེལ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...