སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས《ཇོ་མོ་གླང་མ》དུས་དེབ་བསྐྱར་འགྲེམ་བྱས་པ།
རྩོམ་པ་པོ། རྒོད་རྒྱལ་བློ་ཕུན། གངས་གཡག་དཔལ་ལྷུན། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-12-14 11:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས《ཇོ་མོ་གླང་མ》དུས་དེབ་བསྐྱར་འགྲེམ་བྱས་པ།

གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས《ཇོ་མ་གླང་མའི》དུས་དེབ་བསྐྱར་འགྲེམ་བྱས་པ།
གཙང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས《ཇོ་མོ་གླང་མ》དུས་དེབ་བསྐྱར་འགྲེམ་བྱས།


ཡུལ་དངོས་ཀྱི་རྣམ་པ།

     སྤྱི་ཟླ12པའི་ཚེས9ཉིན། གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཨུ་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་རིག་རྩལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་འོག  ལོ་ངོ30ལྷག་ལ་འགྲེམ་སྤེལ་བྱས་མེད་པའི་བོད་ཡིག་རྩོམ་རིག་དུས་དེབ《ཇོ་མོ་གླང་མ》བསྐྱར་འདོན་དང་སྣེ་རགས་བཀྲ་ཤིས་ཟླ་བའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྤེལ་ཚོགས་འདུ་བསྐོང་འཚོག་བྱས།
     ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདི་ནི་གཞིས་རྩེའི་ཇོ་རིའི་སྨྱུག་ཚོགས་ཐེངས་གསུམ་པ་ཡིན་ཞིང་། ཚོགས་འདུའི་ཐོག་ནམ་མཁའ་བཀྲ་ཤིས་དང་བུ་ཚེ་རིང་རྒན་པ།  ཁྲི་སྤེལ་པ་སངས་ཚེ་རིང་། གཙང་སྡིངས་དར་རྒྱས། ས་ལུ་ཤེའུ་ཉི་ཚེ། རིག་ཞེན་སྲིད་ཐར། འབྲོག་བུ། སྐལ་བཟང་བསྟན་འཛིན། མདོ་གཞུང་ཚེ་དབང་དངོས་གྲུབ། གངས་གཡག་དཔལ་ལྷུན། གཉལ་ཨ་བཀྲས། གཏམ་བརྗོད་པ་བསོད་རྡོར།  བཀྲ་ཤིས་བུ་ལགས། མདོ་སྡེ་བ་སྐལ་བཟང་དགྲ་འདུལ་སོགས་བཞུགས་ཡོད་ཅིང་། ཚོགས་ཐོག་ཏུ་ནམ་མཁའ་བཀྲ་ཤིས་ནས《ཇོ་མོ་གླང་མ》དུས་དེབ་ཀྱི་འདས་མ་ད་ལྟའི་སྐོར་ཕྱོགས་བསྡོམས་དང་། བུ་ཚེ་རིང་རྒན་པའི་བརྩམས་སྒྲུང་རིང་གྲས《ཆུ་མིག་དགུ་སྒྲིལ》དང་མདོ་སྡེ་བ་སྐལ་བཟང་དགྲ་འདུལ་གྱི་བརྩམས་སྒྲུང་རིང་གྲས《ཇག་པ་གཡང་སྐྱབས་དང་སྲས་མོ་མེ་ཏོག་ལྷ་མཛེས》 གཉིས་ལ་རྩོམ་པ་པོ་སོ་སོས་དགེ་སྐྱོན་དང་མ་འོངས་གསར་རྩོམ་ཐད་བསམ་ཚུལ་བརྗོད་ལ། དེ་བཞིན་གཏམ་བརྗོད་པ་བསོད་རྡོར་གྱིས་དགོད་བྲོའི་གཏམ་གླེང་གསར་རྩོམ་སྐབས་ཇི་ལྟ་བུའི་རྒྱུ་ཆ་གསོག་འཇོག་བྱ་དགོས་ཚུལ་སོགས་རང་རང་གི་ཉམས་མྱོང་དང་སྦྲགས་ནས་གཏམ་གླེང་ལྷུག་བརྗོད་བྱས།
     ཇོ་མོ་གླང་མའི་དུས་དེབ་ནི་སྤྱི་ལོ1985ལོར་ཐོག་མར་དཔར་འགྲེམས་བྱས་ཀྱང་འགལ་རྐྱེན་དུ་མའི་དབང་གིས་ད་བར་འགྲེམས་མཚམས་ཆད། ཧ་ལམ་བགྲང་བྱ30ཙམ་གཉིད་དུ་ཡུར་བའི་བོད་ཡིག་ཇོ་མོ་གླང་མའི་དུས་དེབ་འདི་ད་ཆ་གཞིས་ཀ་རྩེ་གྲོང་ཁྱེར་གྲོང་ཨུ་དྲིལ་བསྒྲགས་པུའུ་དང་རྩོམ་ལྷན་གྱི་དབུ་ཁྲིད་རྣམ་པའི་རྒྱབ་སྐྱོར་དང་ནམ་མཁའ་བཀྲ་ཤིས་གཙོས་པའི་རྩོམ་སྒྲིག་ལྷན་རྒྱས་ཀྱི་དཀའ་སྤྱད་འོག  ད་གཟོད་སླར་ཡང་ལོངས་སྤྱོད་ཀྱི་དགའ་སྟོན་དུ་འགྱུར་ཡོད།
     ད་ཐེངས་གཙང་གཞིས་ཀ་རྩེས《ཇོ་མོ་གླང་མ》དུས་དེབ་བསྐྱར་འགྲེམས་བྱས་པ་འདི་རྩོམ་རིག་ལ་དགའ་བའི་མི་བུ་ཀུན་དང་མི་རིགས་རང་ཉིད་ཀྱི་སྐད་དང་ཡི་གེ་གོང་འཕེལ།  དེ་བཞིན་མི་རིགས་རིག་གནས་བསྐྱར་དར་སླད་དུ་གོམ་པ་ཆེན་པོ་ཞིག་སྤོས་པ་མངོན་སུམ་དུ་སྣང་།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...