སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཁམས་པའི་འཛུམ་རིས》སྤྱིའི་འདོན་ཐེངས་བཅུ་གཅིག་པ་པར་བསྐྲུན་འགྲེམ་སྤེལ་བྱས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-1-29 10:07:00 རྩོམ་ཁུངས། ཁམས་པའི་དྲ་བ། ཀློག་གྲངས།

《ཁམས་པའི་འཛུམ་རིས》
《ཁམས་པའི་འཛུམ་རིས》སྤྱིའི་འདོན་ཐེངས་བཅུ་གཅིག་པ་པར་བསྐྲུན་འགྲེམ་སྤེལ།


《ཁམས་པའི་འཛུམ་རིས》།

     ཉེ་ཆར། 《ཁམས་པའི་འཛུམ་རིས》སྤྱིའི་འདོན་ཐེངས་བཅུ་གཅིག་པ་སྟེ་སྤྱི་ལོ2015ལོའི་འདོན་ཐེངས་གཉིས་པ་པར་བསྐྲུན་འགྲེམ་སྤེལ་བྱས།
     ཐེངས་འདིའི་ཆེད་དེབ་འདིའང་སྔོན་གྱི་ཆེད་བསྒྲིགས་ཀྱི་དུས་དེབ་བཅུ་པོ་ལྟར་ཁམས་སྟོད་སྒ་སྐྱེ་རྒུ་མདོའམ་ཡུལ་ཤུལ་ས་ཁུལ་གྱི་དམངས་ཁྲོད་ན་ལུས་ཤིང་རིམ་བཞིན་ནུབ་ལ་ཉེ་བའི་ཡུལ་སྲོལ་གོམས་གཤིས་གང་མང་ཞིག་སྔོག་འདོན་དང་རྒྱུད་འཛིན་ཐུབ་པའི་ཆེད་དང་། ལོ་རྒྱུས་རིག་གནས་ཀྱི་ལམ་ཆེན་ལ་ལེགས་པར་འཇུག་རྒྱུའི་སྐུལ་སློང་བཟང་པོ་ལ་བརྟེན་ནས་ས་ཁུལ་རང་གི་ལོ་རྒྱུས་རིག་གནས་དང་དམངས་ཁྲོད་ཀྱི་དུས་ཆེན། གནས་རི་འགངས་ཆེན། ཡུལ་ཤུལ་ས་ཁུལ་དུ་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་ཀྱི་ལས་ལ་བྱས་རྗེས་ཆེ་བའི་མི་སྣ་དང་རྒྱལ་སྤྱིའི་སྒང་ལ་ཤུགས་རྐྱེན་ཟབ་པའི་གསར་བྱུང་གི་ཉེ་རབས་མི་སྣ། ཡུལ་ཤུལ་ས་ཁུལ་གྱི་གླིང་གེ་སར་རིག་གནས་སོགས་གཙོ་བོར་བྱས་ནས་པར་དུ་བསྡེབས་པའི་དམངས་ཁྲོད་རིག་གནས་དང་ལོ་རྒྱུས་རིག་གནས་རང་བཞིན་གྱི་ཆེད་དེབ་ཅིག་ཏུ་བསྒྲིགས་ཏེ་པར་དུ་བསྐྲུན་ཡོད་ལ། རྒྱ་ཆེའི་ཀློག་པ་པོ་རྣམ་པས་གཟིགས་ཀློག་དང་མི་འདང་བའི་ཆ་ནས་སྐྱོན་བརྗོད་ལྷུག་པོ་ཡོད་པར་འཚལ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...