སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ལུང་རིན་ཆེན་གྱི《བོད་ཡུལ་གཅེས་བསྡུས》ཞེས་དེབ3པར་དུ་བསྐྲུན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-5-3 11:02:00 རྩོམ་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས།
     ཉེ་ལམ། རྩོམ་པ་པོ་དང་ལོ་ཙཱ་བ་གྲགས་ཅན་ལུང་རིན་ཆེན་གྱི《བོད་ཡུལ་གཅེས་བསྡུས》ཞེས་པའི་དཔེ་དེབ་གསུམ་ཧྭ་ཁྲིན་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།
     ལུང་རིན་ཆེན་ནི་མཚོ་སྔོན་གྱི་རྩོམ་སྟེགས་སྟེང་གསོན་ཤུགས་ཀྱིས་བརྟས་པའི་སྒྲུང་གཏམ་པ་དང་ལོ་ཙཱ་བ་ཞིག་རེད། ཁོས1991ལོ་ནས་བཟུང་རྩོམ་རིག་གསར་རྩོམ་དང་ཡིག་སྒྱུར་གྱི་ལས་ལ་གཞོལ་ནས། བརྩམས་ཆོས་མང་པོ་དུས་དེབ་སོ་སོ་དང་རྩོམ་རིག་ཕྱོགས་བསྒྲིགས་དཔེ་དེབ་སོགས་ཀྱི་སྟེང་དུ་བཀོད། གསར་རྩོམ་བྱས་ཟིན་པའི་བརྩམས་ཆོས་ལ《གཟི་བརྗིད་ཀྱི་རྩྭ་ཐང》དང《སྐོར་བྲོ》སོགས་ཡོད་ལ། ལོ་ཙཱ་བྱས་ནས་པར་དུ་བསྐྲུན་པ《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བསྒྲིགས》དང་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར་སྒྲུང》སོགས་ཡོད། ཁོའི་བརྩམས་ཆོས་ལ་ཀྲུང་གོ་རྒྱ་ཡིག་རྩོམ་རིག་བུད་མེད་དཔྱད་འདེམ་པའི་བྱ་དགའ་དང་། མཚོ་སྔོན་པོའི་རྩོམ་རིག་བྱ་དགའ་སོགས་ཐོབ་ལ། སྐབས་ལྔ་བའི་ལུའུ་ཞུན་རྩོམ་རིག་བྱ་དགའི་དཔྱད་འདེམ་བརྩམས་ཆོས་གྱི་གྲས་སུ་ཚུད།
     ལུང་རིན་ཆེན་གྱི《བོད་ཡུལ་གཅེས་བསྡུས》ནི་བརྩམས་སྒྲུང་དེབ《ཚིག་ཇ་དང་འབྲི་ཞོ》། ལྷུག་རྩོམ་དེབ《རྟ་གོང་ན་ཆགས་པའི་མཚོ་སྔོན》། ལོ་ཙཱའི་དེབ《ལམ་གྱི་ཉི་འོད》བཅས་རེད་ལ། དེ་ནི་ཁོས་སྔོན་ལ་པར་བསྐྲུན་བྱས་པའི་བརྩམས་སྒྲུང་གཉིས་ཀྱི་རྗེས་སུ། ཆེས་ཐོག་མར་རྒྱལ་ཡོངས་དུས་དེབ་སྟེང་སྤེལ་བའི་བརྩམས་ཆོས་གསར་བ་ཞིག་རེད།
     ལུང་རིན་ཆེན་གྱི་བརྩམས་ཆོས《བོད་ཡུལ་གཅེས་བསྡུས》དཔེ་སྐྲུན་བྱས་པར། ཞིང་ཆེན་ཕྱི་ནང་གི་རྩོམ་པ་པོ་གྲགས་ཅན་དག་གི་རྒྱབ་སྐྱོར་བླ་མེད་ཐོབ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...