སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་གིས་མི་འགྱངས་པར《གསེར་གྱི་འདབ་གཤོག》ཅེས་པའི་དུས་དེབ་ཅིག་འགྲེམ་རྒྱུ་ཡིན་པ།
རྩོམ་པ་པོ། ཚེ་རིང་འབུམ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-5-30 8:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ6པའི་ཟླ་མགོར། མང་རྫོང་གིས་མི་འགྱངས་པར《གསེར་གྱི་འདབ་གཤོག》ཅེས་པའི་དུས་དེབ་ཅིག་འགྲེམ་རྒྱུ་ཡིན་པ་རེད།
      《གསེར་གྱི་འདབ་གཤོག》ནི་མང་རྫོང་མི་རིགས་སློབ་འབྲིང་གི་སློབ་རའི་རྩོམ་རིག་དུས་དེབ་ཅིག་ཡིན་པ་དང་། སྤྱིའི་འདོན་ཐེངས་ཉེར་བཞིར་ཐོན་ཡོད།
     འདོན་ཐེངས་འདིར་ལྷུག་རྩོམ་ངག་གི་རོལ་མོ་དང་ཁ་བྱང་གཅིག་པའི་འགྲན་རྩོམ། ཁ་བྱང་གཅིག་པའི་དགག་སྒྲུབ་རྩོམ་ཡིག སྙན་རྩོམ་ཚོར་བའི་མེ་ཏོག སྐབས་གཉིས་པའི་དཔེ་ཀློག་དུས་ཆེན་གྱི་ཆེད་སྒྲིག་ལེ་ཚན་ལ་སོགས་ལེ་ཚན་དྲུག་གིས་གྲུབ་ཅིང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་སློབ་འབྲིང་སློབ་མར་སྦྱངས་རྩོམ་གྱི་ཞིང་ས་སྣུམ་པོ་ཞིག་བསྐྲུན་ཡོད།
     འདོན་ཐེངས་རྗེས་མ་ནས་བཟུང་། སློབ་གྲྭའི་སློབ་མ་དང་དགེ་རྒན་གྱི་རྩོམ་ཡིག་མ་ཟད། རི་མོ་དང་ཡིག་གཟུགས། པར་རིས་ལ་སོགས་སྣ་འཛོམས་རང་བཞིན་གྱི་སློབ་རའི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཅིག་ཏུ་བརྩོན་འཆར་ཡོད་དོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...