སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་བསྡུས་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-7-15 20:55:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་བསྡུས་པ།

     སྤྱི་ཟླ7པའི་ཚེས13ཉིན་གྱི་ཕྱི་དྲོར། གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་གནང་བའི《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》འགྲེམ་སྤེལ་མཛད་སྒོ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་དེ་གསེར་ཆེན་རྫོང་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་། མཚོ་ལྷོ་ཁུལ་སྲིད་གྲོས། གསེར་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་དམངས་ཆེན། རྫོང་སྲིད་གྲོས་སོགས་ལས་ཁུངས་ཀྱི་འགོ་ཁྲིད་དང་། ཨ་རིའི་ཧཱ་ཧྥུ་སློབ་ཆེན་དང་། ཀྲུང་དབྱང་མི་རིགས་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་ཀྱི་བོད་རིག་པའི་ཆེད་མཁས་པ་དང་ཤེས་ཡོན་པ། དེ་མིན་འབྲེལ་ཡོད་མི་སྣ་བཅས་བསྡོམས་པས་མི50གདན་ཞུ་ལྟར་གྲོས་ཚོགས་སུ་ཞུགས། གསེར་ཆེན་རྫོང་སྲིད་གཞུང་ཏང་རྩ་འཛུགས་ཀྱི་ཚོགས་མིའམ་གཞུང་སྒྲུབ་ཁང་གི་འགོ་གཙོ་བོ་པན་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད་ཅིང་། གསེར་ཆེན་རྫོང་ཨུའི་རྒྱུན་ཨུའམ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། དྲིལ་སྒྲོག་པུའི་འགོ་གཙོ་ཀྲོའོ་ཅིན་ཆོན་གྱིས་ཤིས་ཚིག་ཕུལ།


གཅོད་པ་དོན་གྲུབ།


ཆབ་འགག་རྟ་མགྲིན།

     གསེར་ཆེན་རྫོང་བོད་སྐད་ཨུའི་གཞུང་སྒྲུབ་ཁང་གི་འགོ་གཙོ་སྤེན་པས《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》ལེགས་སྒྲིག་དང་པར་སྐྲུན་གྱི་གནས་ཚུལ་མཚམས་སྦྱོར་བྱས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ་རབ་བརྟན་ཚེ་རིང་གིས་གཏམ་བཤད་གལ་ཆེན་སྤེལ་བ་དང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ་དང་ཤེས་ཡོན་པས་གླེང་མོལ་དཔྱིས་ཕྱིན་པ་གནང་སྟེ། ཚང་མས《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》གྱི་ལེགས་སྒྲིག་དང་པར་སྐྲུན་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་དང་། དངོས་ཡོན་གྱི་དོན་སྙིང་ཆེན་པོ་བདུན་ལ་ཁས་ལེན་ཐོབ་ཅིང་། འགོ་ཁྲིད་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་དང་། འབྲེལ་ཡོད་ལས་ཁུངས་དང་ཤེས་ཡོན་པས་མཐུན་སྦྱོར་དང་རོགས་རམ། དེ་མིན《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》འཚོལ་ཞིབ་ལེགས་སྒྲིག་དང་རྩོམ་སྒྲིག  པར་སྐྲུན་བཅས་ཀྱི་བྱ་བ་སྒྲུབ་མཁན་དག་ལ་གུས་འདུད་དང་བཀའ་དྲིན་ཆེ་བའི་བརྩེ་སེམས་བརྗོད།


མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རབ་བརྟན་ཚེ་རིང་།


རྒྱ་ཡེ་བཀྲ་བྷོ།

     ཉེ་ལམ་འཚོལ་ཞིབ་དང་ལེགས་སྒྲིག་བྱས་པའི《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ཤིང་། བསྡོམས་པས་པོད20དང་བརྩམས་ཆོས85། ཡིག་འབྲུ་ཁྲི800ལྷག་ཡོད་པ་དང་། ནང་དོན་ཐད་ནང་བསྟན་དང་ལོ་རྒྱུས། རྣམ་ཐར། བོད་ཀྱི་རྩོམ་རིག  རྩིས་རིག་པ་དང་བོད་ཀྱི་གསོ་རིག་སོགས་སྣ་འཛོམས་འདུས། འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་མ་ཟད། མཚོ་སྔོན་གྱི་ལོ་རྒྱུས་དཔྱད་གཞི་ཡིག་ཆའི་ཁ་གསབ་དང་འཐུས་ཚང་བར་བྱས་རྗེས་ཆེན་པོ་བཞག  དེར་མ་ཟད་སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱིས་དུས་རབས་བཅོ་བརྒྱད་པར་བོད་བརྒྱུད་ནང་བསྟན་གྱི་མི་སྣ་གལ་ཆེན་དག་དང་འབྲེལ་བ་ཤིན་ཏུ་ཟབ་པས་བོད་སོག་འབྲེལ་བ་དང་མི་རིགས་མཐུན་སྒྲིལ་ཐད་ཀྱང་ཕན་ནུས་ཆེན་པོ་ཐོན་ཡོད།
     《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》པར་སྐྲུན་གནང་བར་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ།  ཤེས་ཡོན་པ་རྣམས་ཀྱིས་གདེང་འཇོག་མཐོན་པོ་གནང་བ་སྟེ། འདིས་ནང་བསྟན་མཁན་པོའི་མི་གཤིས་དང་བློ་གྲོས་ཀྱི་ཉིང་བཅུད་འདུས་པའི་བརྩམས་ཆོས་ལེགས་པོ་ཞིག་དང་། མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ལས་རིགས་ཀྱི་རིག་གནས་རྒྱུན་འཛིན་གྱི་ལས་གཞི་གལ་ཆེན་ཞིག  སྒོས་སུ་མི་རིགས་རིག་གནས་ལས་དོན་ཐད་ཡུན་གཏན་གྱི་དོན་སྙིང་ལྡན་པའི་གྲུབ་འབྲས་ཆེན་པོ་ཞིག་ཡིན། འདི་འཚོལ་སྒྲིག་དང་པར་སྐྲུན་གནང་བ་ནི་སུམ་པ་པཎྜི་ཏ་ཁོང་གི་ཟད་མཐའ་མེད་པའི་གྲུབ་འབྲས་དང་བླ་ན་མེད་པའི་དགེ་བར་རྗེས་དྲན་བྱེད་པ་མ་ཟད། འདིས་བོད་ཀྱི་རིག་གནས་དར་སྤེལ་དང་། གནའ་གཞུང་དཔྱད་ཡིག་ལ་ཞིབ་འཇུག  བོད་བརྒྱུད་ནང་བསྟན་གྱིས་སྤྱི་ཚོགས་གཏན་འཇགས་དང་མི་རིགས་མཐུན་སྒྲིལ་ཡར་སྐུལ། མི་རིགས་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་བའི་ཐད་ལ་དགེ་མཚན་རབ་ཏུ་ཆེ།


དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་ཨ་ཁུ་ལུང་རིགས་རྒྱ་མཚོ།

     གསེར་ཆེན་རྫོང་བོད་སྐད་ཨུས་དུས་ཡུན་ལོ་བཞིའི་རིང་ལེགས་སྒྲིག་དང་པར་སྐྲུན་གནང་བའི《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》ཞེས་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། གསེར་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་། དེ་མིན་ནང་བསྟན་ལས་རིགས་ཀྱི་མི་སྣས་རྒྱབ་སྐྱོར་ཆེན་པོ་གནང་ཞིང་། གསེར་ཆེན་རྫོང་མི་དམངས་སྲིད་གཞུང་གིས་དུས་སྔོན་གྱི་ལེགས་སྒྲིག་མ་དངུལ་བཏང་བ་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་གྱི་ཆེད་དོན་མ་དངུལ་བརྩོན་ལེན་བྱས་པས། ཕྱོགས་སོ་སོ་ནས་མ་དངུལ་གྱི་རྒྱབ་སྐྱོར་མི་དམན་པ་ཐོབ།


ཨ་རིའི་ཧཱ་ཧྥུ་སློབ་ཆེན་གྱི་འབུམ་རམས་པ་ཅིན་ཧན་ཞུང་།


ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པ་གདུགས་དཀར་སྐྱིད།

     《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》ལེགས་སྒྲིག་དང་པར་སྐྲུན་བྱ་བར་ཆེད་དུ་ཆབ་ཆ་དགོན་གསར་བཀྲ་ཤིས་ཐེག་མཆོག་གླིང་གི་དགེ་བཤེས་ལུང་རིགས་རྒྱ་མཚོ་དང་། དེ་སྔའི་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཕུན་ཚོགས་བཀྲ་ཤིས་གཉིས་གདན་འདྲེན་བྱས་ཏེ་རྩོམ་སྒྲིག་གི་འགན་ཁུར་ཏེ། གསུང་འབུམ་ལ་ནན་ཏན་སྒོས་ཞིབ་དག་གནང་། ཆེད་དུ་བླ་བྲང་བཀྲ་ཤིས་འཁྱིལ་དང་རེབ་གོང་རོང་བོ་དགོན་སོགས་སུ་བསྐྱོད་ནས་ཆོས་ལུགས་ཁྱབ་ཁོངས་དང་རིག་གནས་ཁྱབ་ཁོངས། སློབ་གསོའི་ཁྱབ་ཁོངས། དེ་མིན་ཆོས་ལུགས་མི་སྣ་དང་སྤྱི་ཚོགས་ཀྱི་མིང་གྲགས་མི་སྣར་བསམ་འཆར་དང་ལྟ་ཚུལ་རྒྱ་ཆེར་འདོན་དུ་བཅུག་སྟེ། མ་ཟིན་འཐུས་ཚང་དང་དབང་གྲགས་ལྡན་པར་ཁག་ཐེག་བྱས།
     《སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ》པར་སྐྲུན་བྱས་པ་ནི་སུམ་པ་པཎྜི་ཏ་ཡེ་ཤེས་དཔལ་འབྱོར་གྱི་ཞིབ་འཇུག་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་སླེབས་པ་མཚོན་ཞིང་། མི་རིགས་ས་ཁུལ་གྱི་དཔལ་འབྱོར་རིག་གནས་འཛུགས་སྐྲུན་དང་། མི་རིགས་ཀྱི་ཕུལ་བྱུང་རིག་གནས་གྲུབ་འབྲས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ཆབ་སྲིད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེ་ཆེར་ལྡན་པ་རེད།

སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་འབུམ་འགྲེམ་སྤེལ་མཛད་སྒོ་དང་པར་སྐྲུན་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཚོགས་ཞུགས་མི་སྣ་ལྷན་དུ་པར་བསྐྱོན་པ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...