སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ལྗོངས་རྩོམ་རིག》ལོ་འཁོར40ལོན་པའི་བྱེད་སྒོ་རབས་དང་རིམ་པ་སྤེལ་བ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-7-20 11:53:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
    ཉེ་ལམ། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བདེ་བླག་ངང་ཚོགས་པར་བསུ་བའི་གལ་ཆེའི་རྩོམ་རིག་སྒྱུ་རྩལ་བྱ་འགུལ་གྱི་རྣམ་གྲངས་ཤིག་ཡིན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྩ་འཛུགས་བྱས་པའི《བོད་ལྗོངས་རྩོམ་རིག》དུས་དེབ་ལོ་འཁོར40ལོན་པའི་རྩོམ་རིག་བྱ་འགུལ་རབས་དང་རིམ་པ་སྤེལ་བའི་མགོ་བརྩམས་ཤིང་། བསྡོམས་པས་རྒྱལ་ནང་གི་རྩོམ་པ་པོ་དང་རྩོམ་རིག་ཞིབ་འཇུག་ཆེད་མཁས་པ། དེ་མིན《བོད་ལྗོངས་རྩོམ་རིག》གི་རྩོམ་པ་པོ་དང་ཀློག་པ་པོ་བཅས་བསྡོམས་པས་མི50ཐེངས་འདིའི་འབྲེལ་འདྲིས་བྱ་འགུལ་དུ་ཞུགས། འདིར《བོད་ལྗོངས་རྩོམ་རིག》ལོ་ངོ40ཡི་ཁྱད་མཚར་གྲུབ་འབྲས་ལ་ཕྱིར་དྲན་དང་ཆབས་ཅིག 《བོད་ལྗོངས་རྩོམ་རིག》གི་མ་འོངས་ལམ་བུ་ལ་བགྲོ་གླེང་བྱས།
    《བོད་ལྗོངས་རྩོམ་རིག》ཅེས་པའི་དུས་དེབ་འདི་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་སྒྲོག་སྡེ་ཁག་དང་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་རེ་རེའི་འགོ་ཁྲིད་ཀྱི་ཐུགས་ཁུར་འོག  བོད་ལྗོངས་ལ་རྐང་ཚུགས་པ་དང་རྒྱལ་ཡོངས་ལ་ཕྱོགས་པའི་དུས་དེབ་ཀྱི་རྩ་དོན་གཞིར་བཟུང་སྟེ། བོད་ལྗོངས་ཀྱི་ཕུལ་བྱུང་རྩོམ་པ་པོ་སྐོར་ཞིག་གསོ་སྐྱོང་བྱས་པ་དང་ཆབས་ཅིག  མིང་དུ་གྲགས་པའི་ཕུལ་བྱུང་བརྩམས་ཆོས་ཀྱང་མི་ཉུང་བ་སྤེལ་བྱུང་། 
    《བོད་ལྗོངས་རྩོམ་རིག》གི་ད་སྔའི་གཙོ་སྒྲིག་པ་ཚེ་རིང་ནོར་བུས་གསུངས་རྒྱུར། 《བོད་ལྗོངས་རྩོམ་རིག》ལོ་ངོ40ཡི་མཚར་སྡུག་གི་གྲུབ་འབྲས་ལས་སྐབས་སོ་སོའི་གཙོ་སྒྲིག་པ་དང་རྩོམ་སྒྲིག་པའི་དཀའ་སྤྱད་མཚོན་ཡོད་ཅིང་རང་སོ་སོ་འཛེག་སྐས་སུ་བྱས་ཏེ། རྩོམ་པ་པོ་རྣམས་གོམ་པ་རེ་རེ་བཞིན་རྩོམ་རིག་གསར་རྩོམ་གྱི་ཆེས་མཐོ་སར་འཛེག་པར་བྱས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...