སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྒོ་ཡོན་གྱི་དེབ་གསར《སྣང་ཚོར་རོ་མཉམ》ཞེས་པ་མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-29 10:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     རྒྱུས་ལོན་པ་ལྟར་ན།   སྤྱི་ཟླ9བའི་ཡས་ཡོན་དུ་མི་རིགས་དཔེ་སྐྲུན་ཁང་གིས《སྣང་ཚོར་རོ་མཉམ》ཞེས་པའི་དེབ་གསར་པར་དུ་བསྐྲུན་ཏེ། མི་རིང་བར་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་རྒྱུ་ཡིན་འདུག
     ཤེས་རྟོགས་བྱུང་གསལ། ཐེངས་འདིར་མི་རིགས་དཔེ་སྐྲུན་ཁང་གིས་ཁམས་ཀྱི་ན་གཞོན་རྩོམ་པ་པོ་སྒོ་ཡོན་གྱི་སྙན་ཐུང་ལེགས་བསྒྲིགས《སྣང་ཚོར་རོ་མཉམ》ཞེས་པའི་དེབ་ཅིག་དངོས་སུ་དཔར་དུ་བསྐྲུན་པ་དང་། མི་འགྱང་བར་དེ་གའི་དཔེ་སྐྲུན་ཁང་གིས་ཕྱོགས་སོ་སོའི་ཞིན་ཧྭ་དཔེ་ཁང་རྣམས་དང་བོད་ཡུལ་གྱི་དཔེ་ཚོང་ཁང་གཞན་ཁག་ཏུ་འགྲེམ་སྤེལ་བྱ་རྒྱུ་རེད། དེབ་འདིར་རྩོམ་པ་པོས་མི་ལོ་མང་པོར་བྲིས་པའི་ཚིགས་བཅད་སྙན་ངག་རྣམས་ལས་དམིགས་བསལ་བརྩམས་ཆོས30ལྷག་བསྡུས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...