སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བྱིས་པའི་དེབ་ཚོགས«ཀྱ་ཙེ་གོམ་ཙེའི»འགྲེམ་སྤེལ་གནང་བ།
རྩོམ་པ་པོ། རྣམ་རྒྱལ་རིག་འཛིན། གནམ་སྐྱབས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-6 11:31:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀློག་གྲངས།


དེབ་ཕྲེང་དང་པོ«ཁྱིམ་མི་ལྷན་འཛོམས»།


དེབ་ཕྲེང་གཉིས་པ«གྲོགས་པོ་ཆུང་ཆུང་རྩེད་ལ་འགྲོ»།


དེབ་ཕྲེང་གསུམ་པ«ཉ་མོ་ཁྲི་སྡིག»།


དེབ་ཕྲེང་བཞི་བ«རི་བོང་གནམ་རྡིབ་ཀྱི་སེམས་ཁྲལ»།


དེབ་ཕྲེང་ལྔ་བ«ཆུ་ཕྲན་ཆུང་ཆུང»།


དེབ་ཕྲེང་དྲུག་པ«ཨ་བཅུ་ཆ་བཅུ»།


དེབ་ཕྲེང་བདུན་པ«བན་ཕྲུག་དང་རྒོད་ཕྲུག»།

     ཟླ་འདིའི་ཚེས4ཉིན་གྱི་ཞོགས་པར། བྱིས་པའི་དེབ་ཚོགས«ཀྱ་ཙེ་གོམ་ཙེའི»འགྲེམ་སྤེལ་ཚོགས་འདུ་ཟི་ལིང་གཙུག་ལག་ཕྲེང་བ་དཔེ་ཀློག་ཇ་ཁང་དུ་སྤེལ་ཞིང་། འབྲེལ་ཡོད་ཆེད་མཁས་པ་དང་དགེ་རྒན། ཀློག་པ་པོ་ཆུང་ཆུང་བཅས་མི་ལྔ་བཅུ་ལྷག་འགྲེམ་སྤེལ་མཛད་སྒོར་ཞུགས།
    ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་རེ་བ་དང་མི་རིགས་ཀྱི་རྒྱུད་འཛིན་པ་ཡིན་པས། བྱིས་པའི་ཀློག་དེབ་ལ་དོ་སྣང་དང་དང་དོད་མཛད་རྒྱུ་ནི་སྤྱི་ཚོགས་ཧྲིལ་བོའི་འོས་འགན་ཡིན་པར་མ་ཟད། དུས་རབས་དང་ལོ་རྒྱུས་ཀྱིས་བཅོལ་བའི་འགན་འཁྲི་འང་ཡིན། དེ་བས་བྱིས་པའི་ཀློག་དེབ་ཀྱིས་མི་རིགས་དང་རྒྱལ་ཁབ་གང་དེའི་མི་རབས་གསར་བར་བསམ་བློའི་རྒྱགས་ཕྱེ་ག་འདྲ་ཞིག་སྣོན་པར་ཐད་ཀར་འབྲེལ་བ་ཆགས་ཡོད། རང་རེའི་བོད་ཁུལ་ལ་མཚོན་ན་ཉེ་བའི་ལོ་འདི་དག་གི་རིང་བྱིས་པའི་ཀློག་དེབ་མང་པོ་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་བཞིན་གཅིག་རྗེས་གཉིས་མཐུད་དུ་འབྱུང་བའི་སྣང་ཚུལ་ཡག་པོ་ཞིག་མངོན་བཞིན་ཡོད་ནའང་། དེ་དག་གི་ཁྲོད་བྱིས་པའི་བློ་ཁར་མི་འཚམ་པ་དང་། ཐ་སྙད་ཚད་ལྡན་མིན་པ། ཡིག་ཚོགས་མང་བ་སོགས་ཀྱི་རྐྱེན་དབང་གིས་ན་ཆུང་བྱིས་པ་དག་གི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱིན་མེད་པའི་གནས་ཚུལ་མངོན་སུམ་དུ་འབྱུང་བཞིན་འདུག  གོང་གསལ་འགལ་རྐྱེན་དེ་དག་ལ་དམིགས་ནས་རོང་སྐྱེས་དོན་གྲུབ་ཚེ་རིང་ལགས་ཀྱིས་ལོ་ངོ་བདུན་ཙམ་གྱི་ཡུན་ལ་ལས་ཞོར་དུ་བྱིས་སྒྲུང་འཚོལ་སྡུད་དང་དག་སྒྲིག་གི་བྱ་བ་གཉེར་ཞིང་། འདས་སོང་གི་མཉམ་མྱོང་ཕྱོགས་སྡོམ་དང་དེང་གི་བྱིས་སྒྲུང་གྲགས་ཅན་དག་གི་ལེགས་ཆ་སྡུད་ལེན་བྱས་ཏེ«ཀྱ་ཙེ་གོམ་ཙེ»ཞེས་པའི་དེབ་ཆུང་བདུན་གྱི་བདག་ཉིད་ཅན་གྱི་དེབ་ཚོགས་འདི་འགྲེམ་སྤེལ་བྱས། དེབ་ཚོགས་འདི་ནི་ཚིག་ཉུང་དོན་འདུས་ཡིན་ཁར་ཚོན་ཁྲའི་རི་མོ་སྤྱད་པས་ན་ཆུང་བྱིས་པ་དག་འཇུག་སྤྲོ་ལ། ནང་དོན་ཕུན་སུམ་ཚོགས་པ་དང་གནའ་དེང་ཟུང་འབྲེལ་གྱི་འཚོ་བའི་བྲོ་བ་ལྡན་པ། ཁོར་ཡུག་སྲུང་སྐྱོབ་དང་གཞན་ཕན་ལྷག་བསམ། སྤྱི་ཚོགས་ཡར་སྐུལ་གྱི་བསམ་བློས་ཀུན་ནས་ཕྱུག་པས་ན་ཆུང་བྱིས་པ་དག་གི་འཇུག་ངོགས་བླ་ན་མ་མཆིས་པ་ཞིག་ཏུ་འགྱུར་ཐུབ་པར་གདོན་མི་ཟའོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...