སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ལུང་རྟོགས་ཀྱི་གཞས་ཚིག་དེབ《ས་སྲོད་ཀྱི་རོལ་དབྱངས》འགྲེམ་སྤེལ་མཛད་སྒོ་བླ་བྲང་ནས་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-8 10:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཁྲི་ལུང་རྟོགས་ཀྱི་གཞས་ཚིག་དེབ《ས་སྲོད་ཀྱི་རོལ་དབྱངས》འགྲེམ་སྤེལ་མཛད་སྒོ་བླ་བྲང་ནས་བསྡུས།


དཔལ་མགོན་གྱིས་གཏམ་བཤད་གནང་བཞིན་པ།


ཚོགས་ཞུགས་པའི་མཉམ་པར།

     སྤྱི་ཟླ11པའི་ཚེས7ཉིན། ཁྲི་ལུང་རྟོགས་ཀྱི་གཞས་ཚིག་དེབ་གཉིས་པ《ས་སྲོད་ཀྱི་རོལ་དབྱངས》འགྲེམ་སྤེལ་མཛད་སྒོ་ཡུལ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་མྱེ་སྐུ་བླ་མགྲོན་ཁང་ཆེན་མོ་ནས་བསྡུས། རིག་པ་སྨྲ་བ་ཟམ་ཚ་ཚེ་རིང་དོན་གྲུབ་དང་རྡུང་ལེན་མཁན་པོ་དཔལ་མགོན། སྙན་ངག་པ་རི་སྔོན་བླ་མ་ཐར། ཁོ་བསྟན། ཕྱུག་སྐོར་སྐལ་བཟང་སྦྱིན་པ།  ཁ་གྱའི་ཁྱུང་སྔོན། ཞོལ་ཕུག་བནྡེ་མཁར། གཞས་པ་མགོན་པོ་དོན་འགྲུབ་དང་བནྡེ་སྒོམ། ཨ་མཆོག་སྙིང་དཀར། སྒྱིས་ཚང་སྐལ་བཟང་ཚེ་རིང་སོགས་རིག་གཞུང་ཞིབ་འཇུག་པ་དང་རྩོམ་པ་པོ། སྙན་ངག་པ། གཞས་པ་མང་པོ་ཚོགས་འདུར་ཞུགས་ཤིང་། མཚེ་ཀེ་བསོད་དོན་གྱིས་ཚོགས་འདུར་མགོ་འཛིན་བྱས།
     ཚོགས་ཐོག་ཏུ་ཟམ་ཚ་ཚེ་རིང་དོན་གྲུབ་དང་རྡུང་ལེན་མཁན་པོ་དཔལ་མགོན། རི་སྔོན་བླ་མ་ཐར་སོགས་ཀྱིས་གཏམ་བཤད་གལ་ཆེན་གནང་བར་མ་ཟད། ཁྲི་ལུང་རྟོགས་ཀྱིས་རང་གི་གཞས་ཚིག་གསར་རྩོམ་ཀྱི་བརྒྱུད་རིམ་དང་མྱོང་བ་དངོས་རྗེན་པར་བཏོན། ཚོགས་ཞུགས་མི་སྣ་སོ་སོས་ཁྲི་ལུང་རྟོགས་ཀྱི་གཞས་ཚིག་དང་འབྲེལ་ཏེ་བོད་ཀྱི་གཞས་ཚིག་ཐད་ལ་བགྲོ་གླེང་གྱ་ནོམ་པ་བྱས་ནས་རང་རང་སོ་སོའི་འདོད་ཚུལ་ལྷུག་པོར་གྲོལ། དཔལ་མགོན་དང་མགོན་པོ་དོན་གྲུབ། སྙིང་དཀར། སྐལ་བཟང་སྦྱིན་པ་སོགས་གཞས་པ་མང་པོས་ཁྲི་ལུང་རྟོགས་ཀྱི་གཞས་ཚིག་གསར་རྙིང་སྣ་ཚོགས་རྒྱུད་དྲུག་པི་ཝང་གི་རམ་དཀྲོལ་བྱས་ཏེ་སྙན་མོ་ངག་གི་དབྱངས་རྟ་ལ་དྲངས་སྟབས《ས་སྲོད་ཀྱི་རོལ་དབྱངས》འགྲེམ་སྤེལ་མཛད་སྒོ་ཧ་ཅང་འཁྲུག་ཆ་དོད་པོ་བྱུང་།
     《ས་སྲོད་ཀྱི་རོལ་དབྱངས》འགྲེམ་སྤེལ་མཛད་སྒོ་ནི་རྩོམ་པ་པོ་དང་གཞས་པའི་གདན་འཛོམས་ཐེངས་ཤིག་རེད། བོད་ཀྱི་རྡུང་ལེན་སྒྱུ་རྩལ་པ་རྒན་དར་གཞོན་གསུམ་གྱི་དགྱེས་འཛོམས་ཐེངས་ཤིག་རེད། མདོར་ན་གཞས་ཚིག་གིས་སྔར་ལས་ལྷག་པར་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་མངོན་ཚུལ་ཞིག་རེད། ཁྲི་ལུང་རྟོགས་ལྟ་བུའི་གཞས་ཚིག་རྩོམ་པ་པོ་མང་པོ་ཆར་རྗེས་ཀྱི་ཤ་མོ་ཇི་བཞིན་འབྱོན་པར་གྱུར་ཅིག་གུ།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...