སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཀླུ་རྒྱལ་རཱ་ཏི་དང་ཁོང་གི་གློག་བརྙན་སྒྱུ་རྩལ་སྐོར་གྱི་དེབ་གསར་པ་གཉིས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-12-14 10:01:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།


《གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ》དང《ཁུངས་ལུང་མེད་པའི་ཟློས་གར》གཉིས།

     《གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ》ཞེས་པའི་དེབ་འདི་ནི་ཀླུ་རྒྱལ་རཱ་ཏིས་བརྩམས་པ་དང《ཁུངས་ལུང་མེད་པའི་ཟློས་གར》ཞེས་པའི་དེབ་འདི་ཀླུ་རྒྱལ་རཱ་ཏིས་བོད་ཡིག་ཏུ་བསྒྱུར་བ་ཡིན་ལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
     《གློག་བརྙན་སྒྱུ་རྩལ་ལ་འཇུག་པའི་སྒོ》ཞེས་པའི་དེབ་དེ་ནི་བོད་ལ་གློག་བརྙན་གཞུང་ལུགས་མེད་པའི་སྟོང་ཆ་བསྐང་ཆེད་དང་། གློག་བརྙན་སྒྱུ་རྩལ་ལ་དུངས་ཞེན་ཆེ་བའི་བོད་རིགས་སྒྱུ་རྩལ་པ་དག་ལ་དམིགས་ནས་སློབ་དེབ་ཀྱི་སྒྲིག་གཞི་ལྟར་བྲིས་པ་ཞིག་རེད། དེབ་དེའི་ནང་དོན་ནི་ཕྱོགས་གསུམ་ནས་ཇུས་འགོད་བྱས་ཡོད་དེ། གཅིག རིག་གནས་གསར་པ་བདེ་བླག་ངང་དང་ལེན་བྱ་ཆེད་བོད་པའི་རིག་གནས་ཀྱི་ཁྱད་ཆོས་ཅན་དུ་བཏང་ཡོད་པ། གཉིས། རྩོམ་པ་པོས་པེ་ཅིང་གློག་བརྙན་སློབ་གླིང་ནས་སློབ་སྦྱོང་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་ཐོག་བྲིས་ཡོད་པ། གསུམ། བོད་ཀྱི་གློག་བརྙན་སྒྱུ་རྩལ་པ་དག་གློག་བརྙན་ལ་འཇུག་བདེ་བའི་ཆེད་དུ། གློག་བརྙན་གྱི་ལོ་རྒྱུས་དང་། གློག་བརྙན་གྱི་གཞུང་ལུགས། གློག་བརྙན་གྱི་འཁྲབ་གཞུང་། གློག་བརྙན་གྱི་འཁྲབ་ཁྲིད། གློག་བརྙན་གྱི་བརྙན་ལེན། གློག་བརྙན་གྱི་སྒྲ། གློག་བརྙན་གྱི་འཁྲབ་སྟོན། གློག་བརྙན་གྱི་དོ་དམ། གློག་བརྙན་གྱི་སྒྲིག་སྦྱོར། གློག་བརྙན་གྱི་གྲུབ་མཐའ་ཁག་ཅིག་གི་མཚམས་སྦྱོར། གློག་བརྙན་དཔྱད་བརྗོད་ཀྱི་སྐོར་བཅས་ཡོད་པས་གློག་བརྙན་སྒྱུ་རྩལ་ལ་འཇུག་འདོད་པ་རྣམས་ཀྱིས་ཕྱོགས་ཡོངས་ནས་རྒྱུས་ལོན་དང་སློབ་སྦྱོང་བྱེད་བདེ་བ་ཞིག་རེད།
     《ཁུངས་ལུང་མེད་པའི་ཟློས་གར》ཞེས་པ་རུ། འཛམ་གླིང་ན་མིང་དུ་གྲགས་པའི་ཁུངས་ལུང་མེད་པའི་ཟློས་གར་གྱི་གྲུབ་མཐའ་འཛིན་མཁན་ཞའོ་པོ་ན་དང་སའེ་མིའོ་ཨེར་པོ་ཁོ་ཐེ་ཁོང་རྣམ་པ་གཉིས་ཀྱི་ཟློས་གར་གྲགས་ཅན《འཕགས་མ་ཀྲེན་ཏེ》དང《ཀོ་ཏུའོ་ལ་སྒུག་པ》ཞེས་པ་བསྒྱུར་ཡོད་ཅིང་། ཟློས་གར་འདི་གཉིས་ལ་ནོ་པེར་རྩོམ་རིག་བྱ་དགའ་ཐོབ་མྱངས། དེ་ཡང་བོད་རང་ལ་ཁུངས་ལུང་མེད་པའི་ཟློས་གར་གྱི་གྲུབ་མཐའ་མེད་པའི་རྐྱེན་གྱིས་བོད་ཡིག་ཏུ་བསྒྱུར་པ་རེད།


ཀླུ་རྒྱལ་རཱ་ཏི།

      ཀླུ་རྒྱལ་རཱ་ཏི། དངོས་མིང་ལ་ཀླུ་རྒྱལ་ཟེར། གློག་བརྙན་འཁྲབ་ཁྲིད་པ་དང་། འཁྲབ་གཞུང་རྩོམ་པ་པོ། གློག་བརྙན་སྒྲིག་སྦྱོར་པ་བཅས་ཡིན། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་རྡོ་སྦིས་དམག་དཔོན་སྡེ་བའི་དཔའ་ཚང་ཚོ་བ་ནས་སྐྱེས་ལ། སྔ་རྗེས་སུ་མཚོ་སྔོན་མི་རིགས་དགེ་འོས་སློབ་ཆེན་གྱི་བོད་ཡིག་སྡེ་ཁག་དང་། པེ་ཅིང་གློག་བརྙན་སློབ་གླིང་གི་འཁྲབ་ཁྲིད་པའི་སྡེ་ཁག་ནས་སློབ་སྦྱོང་བྱས། ཀྲུང་གོའི་ཁྲང་ཁྲིན་རིག་གནས་སྒྱུ་རྩལ་ལྟེ་གནས་སུ་ཡིག་སྒྱུར་གྱི་འགན་ཁུར་མྱོང་ལ། ད་ལྟ་མཆོད་རྟེན་དཀར་པོ་རིག་གནས་སྒྱུ་རྩལ་ཁྱབ་སྤེལ་ཀུང་ཟིའི་སྤྱི་གཉེར་པ་དང་འཁྲབ་གཞུང་རྩོམ་པ་པོ། འཁྲབ་ཁྲིད་པ། སྒྲིག་སྦྱོར་པ་བཅས་ཀྱི་འགན་ཁུར་ཡོད། གློག་བརྙན་བརྩམས་ཆོས་སུ《འབྲི་མོ་དུང་ཆུང་དཀར་མོ》དང《ཉེས་དམིགས》 《གངས་རིའི་རྔ་སྒྲ》སོགས་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...