སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་བོད་ཡིག་བརྙན་གཟུགས་དཔེ་ཚོགས་ཐོག་མ་དངོས་སུ་པར་དུ་བསྐྲུན་པ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-18 10:16:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་བའི་ལོ་འགའི་ནང་། མཚོ་ལྷོ་ཁུལ་གྱི་རྒྱ་ཆེ་བའི་བརྙན་འཕྲིན་སྒྱུ་རྩལ་ལས་སྒྲུབ་པས་བྱ་བའི་དངོས་དང་བསྟུན་ཏེ་མང་ཚོགས་ཀྱིས་ཉན་པར་སྤྲོ་བའི་བརྙན་འཕྲིན་ཆེད་དོན་ལེ་ཚན་ཕབ་སྐྲུན་དང་སྒྲིག་བཟོ་བྱས་ནས་བརྩམས་ཆོས་ལེགས་པོ་མི་ཉུང་བ་གསར་རྩོམ་གནང་། སྲོལ་རྒྱུན་དང་བདེ་ཐང་། མི་རིགས་ཀྱི་ཁྱད་ཆོས་དང་ས་ཁོངས་རིག་གནས་ཀྱི་རྣམ་པ་དོད་པོའི་བརྙན་འཕྲིན་སྒྱུ་རྩལ་དག་མང་ཚོགས་ཀྱིས་ཀློག་པར་བརྒྱུད། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བར་སྔར་ལས་ཉེ་རུ་བཅར་བར། ལེ་ཚན་གྱི་གཙོ་འདོན་མི་སྣས་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་འགུལ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་བཅས་ཀྱི་རྒྱབ་སྐྱོར་ཆེན་མོའི་འོག  སེམས་ཞིབ་མོས《ཤགས་ནག་སྟག་མོའི་ངར་གླུ》དང《ནད་རིགས་སྔོན་འགོག》《ཁྲིམས་ལུགས་བྱམས་སྐྱོང》བཅས་ནང་དོན་སྒྲིག་ཕབ་བྱས་ཏེ། བརྙན་འཕྲིན་ལེ་ཚན་གྱི་ནང་དོན་དེ་ཡི་གེ་དང་དཔེ་རིས་སྤེལ་མའི་དཔེ་དེབ་ཏུ་བསྒྱུར་ནས་རྒྱ་ཆེ་བའི་བོད་སྐད་ཀློག་པ་པོ་རྣམས་ལ་ཕུལ་བ་རེད།
      དཔེ་ཚོགས་འདིར་བསྡོམས་པས་དེབ་གསུམ་ཡོད་ཅིང་། ཉེ་ཆར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...