སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ནོར་བུ་རྣམ་རྒྱལ་གྱི་སྙན་རྩོམ་ཕྱོགས་སྒྲིག《དར་ལྕོག་སྔོན་པོ》པར་དུ་བསྐྲུན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-13 11:29:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

      ཉེ་ཆར། བོད་ཀྱི་སྙན་ངག་པ་ནོར་བུ་རྣམ་རྒྱལ་གྱི་སྙན་རྩོམ་ཕྱོགས་སྒྲིག《དར་ལྕོག་སྔོན་པོ》ཞེེས་པ་རྩོམ་པ་པོ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས།
      《དར་ལྕོག་སྔོན་པོ》ནི་ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་རོགས་སྒྲུབ་ལས་གཞི་གཙོ་གྲས་ཏེ"ཀྲུང་གོའི་མི་རིགས་མང་པོའི་རྩོམ་རིག་དཔེ་ཚོགས"འདོན་ཐེངས་ལྔ་བར་བདམས། སྐྱབས་རྗེ་བསེ་ཚང་སྐུ་འཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ཚང་ནས་སྙན་ངག་ཕྱོགས་སྒྲིག་ལ་བོད་ཡིག་ཁ་བྱང་ཕྱག་བྲིས་གནང་། སྙན་ངག་པ་གྲགས་ཅན་ཝང་ཞའོ་ཉིས་རྒྱ་ཡིག་གི་ཁ་བྱང་བྲིས། སྙན་ངག་ཕྱོགས་སྒྲིག་ཏུ་བདམས་པའི་སྙན་ངག་དག་ནི་ཚོར་འདུ་ཕུན་སུམ་ཚོགས་ལ་ནང་དོན་གཏིང་ཟབ། གོ་དོན་ཧ་ཅང་རྒྱ་ཆེ་བ། སྐད་ཆ་རྣམ་དག་དང་གསོན་ཤུགས་ལྡན་པ། ལང་ཚོའི་བསུང་ཞིམ་ངང་གིས་འཐུལ་ཡོང་། འཚར་ལོངས་ཀྱི་བཀྲག་མདངས་ཀྱང་ཀུན་ནས་འཚེར། མངོན་པར་དོད་པའི་མི་རིགས་ཀྱི་བག་ཆགས་གསལ། སྐད་ཆ་གཙང་ཞིང་ལྷོད་ཆགས་པ། མཛེས་བར་སྣང་ཡང་དམ་པའི་ཆ་ལྡན། སྲོལ་རྒྱུན་དང་དེང་རབས། ལྷ་གཤིས་དང་འཇིག་རྟེན་གྱི་འགལ་འདུ་སྣ་མང་ཁྲོད། ཕ་སྐད་ལ་གུས་ཕྱག་དང་རང་མི་རིགས་ལ་གུས་འདུད་ཕུལ།

     སྙན་རྩོམ་ཕྱོགས་སྒྲིག་ལ་འགོ་བརྗོད་དང་གླེང་གཞི། མཇུག་བྱང་སོགས་གང་ཡང་མེད་པའི་རྩ་དོན་འོག གཟབ་ནན་སྒོས་ཉེ་བའི་བགྲང་བྱ་ལྔའི་རིང་གི་ཕུལ་བྱུང་བརྩམས་ཆོས་དག་བདམས་ཏེ། ཕྱོགས་ཡོངས་ནས་ནོར་བུ་རྣམ་རྒྱལ་གྱི་ཉེ་བའི་ལོ་དུ་མའི་རིང་གི་སྙན་ངག་གསར་རྩོམ་གྱི་རྣམ་པ་མངོན་པར་བསྟན་ཡོད། བདམས་བྱའི་སྙན་ངག་དག་ནི་བོད་ཡུལ་གྱི་རང་བྱུང་སྐྱེ་ཁམས་དང་ལོ་རྒྱུས་དངོས་ཡོད། ཡུལ་སྲོལ་གོམས་གཤིས་སོགས་བོད་རིག་གནས་ཀྱི་ཡང་སྙིང་ཐ་དག་སྔོག་འདོན་དང་གསལ་བར་སྟོན་པ། དེ་ལ་སྙན་ངག་པས་ཚེ་སྲོག་ལ་བཅངས་བའི་ཐུན་མིན་གྱི་འདུ་ཤེས་དང་བསམ་གཞིག འཚོལ་རྟོག གྱེར་ཀློག་སོགས་འདུས་ལ། ད་དུང་ཕ་ཡུལ་དང་བོད་ཀྱི་རིག་གནས་སྙིང་སྟོབས་ཀྱི་ཕྱིར་རྟོག་ཀྱང་འདུག དེའི་ཁྲོད་ཀྱི་སྙན་ངག་ཐུང་གྲས《རྒོད་པའི་བགྲོ་བ》ནི་རྒྱའི་རོལ་ཚོགས་ཧྲི་མུ་ཉུན་ཧའི་གཙོ་ལེན་པ་ལུའུ་ཀུན་ཞུའི་བློར་བབས་ནས་དམངས་ཁྲོད་གླུ་གཞས་སུ་སྒྱུར་བཅོས་གནང་སྟེ《ས་ལ་ལྷུང་བའི་བྱེའུ》ཅེས་པར་བཏང་།
     ནོར་བུ་རྣམ་རྒྱལ་ནི1989ལོར་ཀན་སུའུ་ཀན་ལྷོ་ནས་སྐྱེས་ཤིང། ཁོའི་རྩོམ་རིག་བརྩམས་ཆོས་དག《སྙན་ངག་འཚོལ་ཞིབ》《འབྲི་ཆུ》《ལྷུག་རྩོམ་སྙན་ངག》《དམིགས་བསལ་ས་ཁུལ་གྱི་རྩོམ་རིག》《བརྩམས་ཆོས》《མི་རིགས་རྩོམ་རིག》《ཧུའུ་ནན་རྩོམ་རིག》《སྙན་ངག་དུས་དེབ》《སྐར་ཕྲན》སོགས་སུ་བཀོད་ཡོད་ལ། བརྩམས་ཆོས་ཁ་ཤས་ལ་རྒྱལ་ཡོངས་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པར་མ་ཟད། གཅེས་བསྒྲིགས་དཔེ་དེབ་མང་པོར་བདམས།
     སྙན་ངག་བརྩམས་ཆོས། 《འདི་ལྟར་རྒས་པ》2015ལོའི་ཝེ་ཧྥང་གྲོང་ཁྱེར་གྱི་མཐོ་གཅིག་རྒྱའི་སྐད་ཡིག་གི་བར་རྒྱུགས་ཀྱི་རྒྱུགས་ཤོག་ཏུ་བཀོད། སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་ལྷུག་རྩོམ་སྙན་ངག་རྩོམ་པ་པོའི་ཚོགས་འདུ་ལ་ཞུགས། ལུའུ་ཞུན་རྩོམ་རིག་སློབ་གླིང་གི་སྐབས29བའི་མི་རིགས་གྲངས་ཉུང་གི་རྩོམ་རིག་གསར་རྩོམ་གྱི་གསབ་སྦྱོང་འཛིན་གྲྭའི་སློབ་མ་ཡིན།
འོས་སྦྱོར་གྱི་གཏམ།
     ནོར་བུ་རྣམ་རྒྱལ་གྱི་སྙན་ངག་ནི་དེང་རབས་རྒྱ་ཡིག་གི་གསར་རྩོམ་གནང་བ་ཡིན་ཡང་། དེར་མངོན་གསལ་དོད་པའི་མི་རིགས་ཀྱི་རྟགས་མཚན་ལྡན། ཁོའི་སྙན་ངག་ཁྲོད་ཀྱི་བོད་པ་དང་དེང་རབས་གྲོང་ཁྱེར་གྱི་འགལ་འདུའི་ཁེངས་ཡོད། སྐད་ཆ་དག་གཙང་དང་ལྷོད་ཆགས། མཛེས་བར་སྣང་ཡང་དམ་པའི་ཆ་ལྡན། སྲོལ་རྒྱུན་དང་དེང་རབས། ལྷ་གཤིས་དང་འཇིག་རྟེན་གྱི་འགལ་འདུ་སྣ་མང་ཁྲོད། ཕ་སྐད་ལ་གུས་ཕྱག་དང་རང་མི་རིགས་ལ་གུས་འདུད་ཕུལ་བ། ལྷིང་འཇགས་ངང་ནང་སེམས་ཀྱི་ཟབ་སར་བགྲོད་པ་ནི་རྣམ་དག་དང་བསྡུས་བརྗོད།  ཟོལ་མེད་ཀྱི་གསར་རྩོམ་ལ་གཏོགས།

-----ལུའུ་ཀུན་ཞུ།(གླུ་བ། འཁྲབ་ཁྲིད་པ)

     ནོར་བུ་རྣམ་རྒྱལ་གྱི་སྙན་ངག་མང་ཤས་ནི་ཐུང་ཞིང་སྙིང་བསྡུས་ཀྱི་ཡི་གེའི་བརྗོད་པར་དྲངས་ཡོད། ཁོ་རང་ཕལ་ཆེར་གསོལ་འདེབས་ཀྱི་རྣམ་པས་གསང་བའི་གནས་ཆེ་གེ་མོ་ཞིག་ལ་རེ་སྙེག་དང་རྒྱང་གཟིགས་འཕེན་པར་གོམས་ཡོད། ཁོར་མཚོན་ན། མིའི་ལུས་རྟེན་ནི་སྒེའུ་ཁུང་ལྟ་བུ་ཞིག་ཡིན་ལ། འཇིག་རྟེན་གྱི་ངོ་མཚར་ལྟད་མོ་སྣ་ཚོགས་སྒེའུ་ཁུང་ཕྱི་རོལ་དུ་བཤམས་པ་དང་ཀུན་ནས་མཚུངས། སྐད་ཆ་ནི་སྙིང་སྟོབས་རང་བཞིན་གྱི་རྣམ་པ་ལྡན་པས། གང་ཟག་གི་འཚོ་གནས་འཕེལ་བར་བྱེད་ནུས། དངོས་པོའི་འཇིག་རྟེན་གྱི་ཕ་མཐའ་རུ་རིང་དུ་བསྲིངས་ནས་ཡོད། འདི་ཙམ་ཤེས་རྟོགས་ཐུབ་ཚེ། ང་ཚོས་ཀྱང་ཁོའི་འདར་གསིག་གིས"རང་ཉིད་བསླུ་བཞིན"་འཚོ་བའི་སྙན་ངག་པའི་ལས་འགན་ཡང་རྟོགས་ཐུབ།

------ཝང་ཀྲན་ཀྲའོ།(ལོ་ཙཱ་བ།  དཔྱད་བརྗོད་པ)

     མཐོ་སྒང་ནི་སྙན་ངག་གི་སྲོག་ཤིང་ཏུ་ཟད་ལ། རང་བྱུང་དང་ཚེ་སྲོག་ཐ་དག་དེའི་འདུ་ཤེས་ཀྱི་ཡང་རྩེ་རུ་འཁོར་བཞིན་ཡོད། ནོར་བུ་རྣམ་རྒྱལ་གྱི《དར་ལྕོག་སྔོན་པོ།》ནི་རི་སྒང་མཐོན་པོ་དེ་རུ་བསྒྲེངས་འདུག ཁོས་འབྲོང་རྭའི་སྒྲ་སྙན་གྱི་རྒྱུད་སྐུད་རྡུང་བ་ལྟ་བུའི་ཚེ་སྲོག་གི་དབྱངས་རྟ་དཀྲོལ་བཞིན། སྨུག་ཕྱིའི་ཐིག་གི་ཡིག་ཕྲེང་། འཁྱགས་རོམ་གྱི་དཔེ་སྒྲོམ། གཙང་བོའི་དྲག་རླབས་ཀྱིས་རྩྭ་ཐང་དང་རི་རྒྱུད་ཀྱི་བརྗོད་བྱ་འབྲི་བཞིན། མཐིང་སྨུག་སྦྲ་ཆུང་དང་རྫི་གླུ་སིང་སིང་གི་དབྱངས་རྟ་གཏོར།  གནམ་སའི་མཚམས་དང་ལོ་ཟླའི་ཁུད་དུ་འཕྱོ་བཞིན་ཡོད།

------ངག་དབང་གཡང་དྲུང་།(གཞས་ཚིག་རྩོམ་མཁན)

     སྙན་ངག་པའི་བླ་སྲོག་གི་འབྲི་བཞེངས་ནི་སྟོང་བའི་འཇིག་རྟེན་གྱི་ཕྲ་ཞིབ་དང་འཇམ་ཤ་རགས་བྲིས་གནང་བའི་ངེས་བ་མེད་པར། སྤྱིར་བཏང་བའི་འཇིག་རྟེན་གྱི་འོད་སྣང་དང་གཏིང་ཟབ་འཁྱེར་སོང་།  ནོར་བུ་རྣམ་རྒྱལ་ནི་བོད་ཁུལ་གྱི་མཐའ་མཚམས་ནས་ལང་ཚོའི་གཉོམ་ལག་རྒྱས་པའི་གཞུང་དྲང་གི་མི་བུ་ཞིག་ཡིན་པའི་ཆ་ནས། ཁོའི་ལུས་སྟེང་དུ་རིག་གནས་རུས་རྐང་ཉམས་ཉེན་དེ་དག་ཁོའི་སྙན་ངག་གི་ཁྲོད་དུ་སིམ་པའི་མངལ་རྟགས་ལས་མ་འདས།  སྡུག་བསྔལ་གྱི་དྲན་པ་ཙམ་མ་ཡིན་པར། རང་ཉིད་ཀྱི་རྨ་ཁ་གསོ་བའི་ནང་སེམས་ཀྱི་རྣམ་པར་ངེས། དགའ་སྣང་དང་སྐྱོ་གདུང་ཐམས་ཅད་འདས་སོང་དང་འབྱུང་འགྱུར་ནི་དར་ལྕོག་སྔོན་པོ་བཞིན་བསིལ་རླུང་དང་བསྡོངས་ནས་ལྷབ་ལྷུབ་བསྐྱོད། ཁ་བ་ཡིག་འབྲུའི་གསེང་དུ་སྦས། དབྱངས་ཅན་མའི་སྐུ་ལུས་ཀྱི་གསང་བ་ཇི་བཞིན་རྣམ་དག་སེམས་པས་ད་གཟོད་བཀླག་ཐུབ་བོ།

------ཅོ་ནེ་ཡུམ་ཚེ་རིང་།(རྩོམ་པ་པོ)


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...