སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《སྔོན་མོ་སྤང་གི་མེ་ཏོག》ཅེས་པའི་བརྩམས་ཆོས་པར་བསྐྲུན་འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-10-16 9:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


《སྔོན་མོ་སྤང་གི་མེ་ཏོག》ཅེས་པའི་བརྩམས་པོད་ཅིག་འགྲེམ་སྤེལ་བྱས།

     ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེའི་ན་གཞོན་རྩོམ་པ་པོ་སྨན་སྒང་མདའ་སྨྱོན་ནམ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱིས་བརྩམས་པའི་དེབ་གསར《སྔོན་མོ་སྤང་གི་མེ་ཏོག》ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས།
     《སྔོན་མོ་སྤང་གི་མེ་ཏོག》ཅེས་པའི་དེབ་འདི་ནི་སྡེ་དགེའི་ན་གཞོན་རྩོམ་པ་པོ་སྨན་སྒང་བློ་གྲོས་རྣམ་རྒྱལ་གྱིས《དྲིན་དྲན་སེམས་ཀྱི་མཆོད་འབུལ》《ལྷུག་རྩོམ་རྫ་ཆབ་སིལ་མ》《སློབ་གསོ་མུན་སེལ་སྒྲོན་མེ》《རང་མོས་བུ་མོའི་འགྱུར་ཁུག》《གནས་ལུགས་བཅོས་མེད་རང་ཤར》《སྙན་ཚིག་དྲི་ཟའི་རྒྱུད་མང》བཅས་དུམ་ཚན6གིས་གྲུབ་ཅིང་བཅད་རྩོམ་དང་། ལྷུག་རྩོམ། དཔྱད་རྩོམ། རང་མོས་སྙན་ངག་སོགས་ཀྱི་ལམ་ནས་བྲིས་པའི་བརྩམས་ཆོས་གསར་པ་ཞིག་ཡིན།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...