སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གེ་སར་རིག་གནས་ཀྱི་དཔེ་ཚོགས་པར་སྐྲུན་ཚོགས་འདུ་ཟི་ལིང་དུ་ཚོགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-24 11:37:00 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས།

     སྤྱི་ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་གུང་མགོ་ལོག་ཁུལ་ཨུ་དྲིལ་བསྒྲགས་པུའུ། མཚོ་སྔོན་མགོ་ལོག་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས།  མཚོ་སྔོན་པོ་རྩོམ་སྒྲིག་པུའུ་བཅས་ནས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཏ་ཧུའུ་པར་སྐྲུན་རིག་གནས་བརྒྱུད་གཏོང་ཚད་ཡོད་འགན་ལེན་ཀུང་ཟིས་རོགས་སྒྲུབ་གནང་བའི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་གྱི་དཔེ་ཚོགས་པར་སྐྲུན་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་ཚོགས།
     སྤྱི་ཟླ12པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་ཀྲུང་གུང་མགོ་ལོག་ཁུལ་ཨུ་དྲིལ་བསྒྲགས་པུའུ། མཚོ་སྔོན་མགོ་ལོག་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས། མཚོ་སྔོན་པོ་རྩོམ་སྒྲིག་པུའུ་བཅས་ནས་གཙོ་སྒྲུབ་གནང་ཞིང་། མཚོ་སྔོན་ཞིང་ཆེན་ཏ་ཧུའུ་པར་སྐྲུན་རིག་གནས་བརྒྱུད་གཏོང་ཚད་ཡོད་འགན་ལེན་ཀུང་ཟིས་རོགས་སྒྲུབ་གནང་བའི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་གྱི་དཔེ་ཚོགས་པར་སྐྲུན་བཞུགས་མོལ་ཚོགས་འདུ་མཚོ་སྔོན་ཟི་ལིང་དུ་འཚོགས་ཤིང་། རྒྱལ་ཡོངས་གེ་སར་ལས་དོན་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་ཀྲུའུ་རིན་དང་ཞིབ་འཇུག་པ་ནོར་བུ་དབང་ལྡན་དང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཟུར་པ། གེ་སར་རིག་པའི་ཆེད་མཁས་པ་ལྡོང་ནོར་སྡེ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་སོགས་མི་ལྔ་བཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།

     ཐེངས་འདིའི་དཔེ་ཚོགས་པར་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ལས་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཀུའུ་ཡུའེ་ལགས་ནས་བརྩམས་པའི《བ་ཡན་ཕ་རིའི་སྐྱེ་འགྲོ》དང་དབང་ཆེན་ཚེ་རིང་གིས་བརྩམས་པའི《གླིང་སྒྲུང་ལས་བྱུང་བའི་ལུས་རྩལ་རིག་གནས་ཀྱི་རྟོག་དཔྱོད་དང་ཞིབ་འཇུག》སོགས་དེབ་ལྔ་ཡིས་གེ་སར་ཞིབ་འཇུག་ལས་དོན་ཐད་རྒྱུ་ཆ་རྩ་ཆེན་ཁག་མཁོ་འདོན་བྱས་པ་མ་ཟད། དེས་གེ་སར་རིག་གནས་སྤྱིའི་ཆ་ནས་སྲུང་སྐྱོབ་བྱེད་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།
     གེ་སར་རིག་པའི་དཔེ་ཚོགས་པར་སྐྲུན་བྱས་པ་འདི་ནི་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་སྲུང་སྐྱོབ་བྱེད་པའི་རྣམ་པ་གལ་ཆེན་གྲས་ཀྱི་གཅིག་ཡིན་པ་མ་ཟད། གེ་སར་རིག་གནས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་འཛུགས་སྐྱོང་གི་ལས་དོན་གལ་ཆེན་ཞིག་ཀྱང་རེད། ཚོགས་འདུའི་ཐོག མཚོ་སྔོན་ཞིང་ཆེན་རྩོམ་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན་ལགས་ནས་གེ་སར་སྒྲུང་དཔེའི་བརྗོད་དོན་དང་གསར་རྩོམ་གྱི་རྣམ་པ། སྐད་ཆའི་སྒྱུ་རྩལ། མི་སྣ་བཞེངས་བསྐྲུན་བཅས་ཀྱིས་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་སྣེ་ཁྲིད་དང་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་ལས་གཞན། གསོན་ཤུགས་རྒྱས་ཤིང་སྤྱི་ཚོགས་ཐོག་ཁས་ལེན་ཐོབ་པ། མི་དམངས་ཀྱིས་དགའ་བསུ་བྱེད་པའི་བརྩམས་ཆོས་ཁག་ཅིག་ཀྱང་རིམ་གྱིས་ཐོན་གྱི་ཡོད་ཅེས་གསུངས་ཡོད།

     གཞན་ཚོགས་ཞུགས་འབྲེལ་ཡོད་ཆེད་མཁས་པས་དཔེ་ཚོགས་པར་དུ་བཏབ་པ་ཡིས་མ་འོངས་པའི་མགོ་ལོག་ས་ཁུལ་གྱི་གེ་སར་ཞིབ་འཇུག་ལས་དོན་ལ་རྒྱུ་ཆ་མཁོ་འདོན་དང་ས་གནས་དེ་གའི་སྤྱིའི་རིག་གནས་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཐེབས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་གེ་སར་སྒྲུང་དཔེ་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་སུ་བཏང་སྟེ་མགོ་ལོག་གི་གེ་སར་རིག་གནས་འདི་ཞིང་ཆེན་ཕྱི་ནང་དང་ཐ་ན་རྒྱལ་སྤྱིའི་བར་འབྲེལ་མཐུད་བྱས་ནས་གེ་སར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཆེན་པོ་ཐེབས་ཐུབ་ཟེར།
     དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་ཏང་ཨུ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་གེ་སར་རིག་གནས་ཀྱི་མྱུར་སྐྱོབ་དང་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྤྱི་ལོ་2014ལོའི་ཟླ6པའི་ནང་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་དངོས་སུ་ཆོག་མཆན་ཐོབ་ཅིང་། སྤྱི་ལོ2016ལོའི་སྤྱི12པའི་ནང་ཚོད་ལྟའི་ཁུལ་གྱི་སྤྱིའི་འཆར་འགོད་ལག་བསྟར་བྱེད་པར་ཆོག་མཆན་ཐོབ། འདི་ལས་རྒྱལ་ཁབ་ཀྱིས་མགོ་ལོག་བོད་ཁུལ་གྱི་རིག་གནས་འཛུགས་སྐྱོང་བྱེད་པའི་ཐད་ལ་ཚད་མཐོའི་དོ་སྣང་དང་རྒྱབ་སྐྱོར་བྱེད་པ་མངོན་ཞིང་། གཞན་རྒྱལ་ཁབ་རིམ་པ་ལས་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་བོ་ཞིག་གི་ནང་གེ་སར་རིག་གནས་སྔོག་འདོན་དང་ཕྱོགས་བསྡུས། སྲུང་སྐྱོབ། རྒྱུད་འཛིན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་ཐོབ་པའང་མངོན་ཡོད།
     བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ལོ་ངོ་བཞི་བཅུའི་ནང་། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རིག་གནས་ལས་དོན་དང་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་ཐོབ་པ་དང་། མིག་སྔའི་བར་དུ་མགོ་ལོག་ཁུལ་དུ་རིགས་མི་འདྲ་བའི་དམངས་ཁྲོད་ཚོགས་པ་ཞེ་གསུམ་དང་རིག་གནས་རྒྱུད་འཛིན་སྦྱོང་ར་དོན་གསུམ། རྒྱལ་ཁབ་རིམ་པའི་མངོན་མེད་རིག་གནས་རྣམ་གྲངས་བཞི་དང་ཞིང་ཆེན་རིམ་པའི་བཅོ་ལྔ། རྒྱལ་ཁབ་རིམ་པའི་རྒྱུད་འཛིན་སྒྲུང་བ་ལྔ་དང་ཞིང་ཆེན་རིམ་པའི་རྒྱུད་འཛིན་སྒྲུང་བ་བཅོ་བརྒྱད་བཅས་ཡོད་པ་ལས་གེ་སར་རིག་གནས་རྒྱུད་འཛིན་གྱི་མ་ལག་མུ་མཐུད་འཐུས་ཚང་དུ་འགྱུར་བཞིན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...