སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྨྱན་མང་གཟུགས་ཀྱི་དཔེ་སྐྲུན་ཡིག་རིགས་སྦྲགས་མ《ཨ་མདོའི་ཁ་སྐད་ཀྱི་ཚིག་མཛོད》 ཅེས་པ་འགྲེམས་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-2-25 16:59:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།


སྨྱན་མང་གཟུགས་ཀྱི་དཔེ་སྐྲུན་ཡིག་རིགས་སྦྲགས་མ《ཨ་མདོའི་ཁ་སྐད་ཀྱི་ཚིག་མཛོད》 ཀྱི་མདུན་ཤོག

     རྒྱུས་ལོན་པ་ལྟར་ན། སྨྱན་མང་གཟུགས་ཀྱི་དཔེ་སྐྲུན་ཡིག་རིགས་སྦྲགས་མ《ཨ་མདོའི་ཁ་སྐད་ཀྱི་ཚིག་མཛོད》(བོད་རྒྱ་དབྱིན་གསུམ་ཤར་སྦྱར་ཚིག་མཛོད)ཅེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། ཚིག་མཛོད་འདིས་བོད་ཀྱི་ཨ་མདོའི་ཁ་སྐད་སློབ་སྦྱོང་བྱེད་མཁན་ལ་སྟབས་བདེ་ཆེན་པོ་བཟོས་ཡོད།
     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། སྨྱན་མང་གཟུགས་ཀྱི་དཔེ་སྐྲུན་ཡིག་རིགས་སྦྲགས་མ《ཨ་མདོའི་ཁ་སྐད་ཀྱི་ཚིག་མཛོད》(བོད་རྒྱ་དབྱིན་གསུམ་ཤར་སྦྱར་ཚིག་མཛོད)ཁྲོདའཚོལ་བསྡུ་བྱས་པའི་མིང་ཚིག་ནི་མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་ཁ་སྐད་གཙོར་བྱས་ཏེ། ཨ་མདོའི་ཁ་སྐད་ས་ཁུལ་གྱི་མིང་ཚིག་དང་ཚིག་ཐུང་སྐོར་ཞིག་ཀྱང་འཚོལ་བསྡུ་བྱས་ཡོད་ཟེར།
     ཨ་མདོའི་སྐད་ནི་བོད་སྐད་ཀྱི་ཡུལ་སྐད་ཆེན་པོ་གསུམ་གྱི་ནང་གསེས་ཏེ། དེ་དག་གཙོ་བོ་མཚོ་སྔོན་དང་། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་དུ་ཁྱབ་ཡོད། ཨ་མདོའི་ཡུལ་སྐད་ལ་གནའ་རབས་བོད་ཡིག་གི་གྲུབ་ཆ་མང་པོ་སོར་བཞག་བྱས་ཡོད་པ་མ་ཟད། དེ་སྒྲ་གདངས་དང་ཐ་སྙད་དང་། བརྡ་སྤྲོད་བཅས་ཀྱི་ཐད་ནས་དབུས་གཙང་སྐད། ཁམས་སྐད་དང་མི་མཐུན་པའི་ཁྱད་ཆོས་མང་པོ་ལྡན་ལ། དེ་ནི་གནའ་རབས་བོད་ཡིག་དང་ཉེ་རབས་ཀྱི་བོད་ཡིག་ཞིབ་འཇུག་བྱེད་པའི་འགྱུར་རྡོ་གསོན་པོ་ཡིན་པ་རེད།
     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཚིག་མཛོད་གློག་རྡུལ་ཅན་དུ་འགྱུར་བ་ནི་སྤྱི་ཚོགས་ཀྱི་འགྲོ་ཕྱོགས་ཡིན་པས། རྒྱ་ཆེའི་ཀློག་པོ་པོ་ལ་སྟབས་བདེ་སྐྲུན་ཆེད། 《ཨ་མདོའི་ཁ་སྐད་ཀྱི་ཚིག་མཛོད》ལMPRཡི་སྐད་བརྡ་ཀློག་འདོན་གསར་སྣོན་བྱས་ཡོད་ཅིང་། དཔེ་དེབ་ཀྱི་མིང་ཚོགས་རེ་རེའི་སྔོན་ལMPRཡི་དབྱེ་འབྱེད་ཚབ་རྟགས་ལས་སྣོན་བྱས་ནས་བཟོས་ཡོད་པས། དཔེ་ཆ་དང་མཉམ་དུ་ལག་རྟགས་སུ་སྤྲད་པའིMPRཀློག་འདོན་དབྱེ་འབྱེད་སྒྲིག་ཆས་བརྒྱུད་དེ་ཀློག་འདོན་ལ་ཉན་ཐུབ་ཟེར།
     རྒྱུས་ལོན་པ་ལྟར་ན། མཚོ་སྔོན་པོ་སྐོར་བའི་ས་ཁུལ་གྱི་བོད་ཀྱི་ཁ་སྐད་དེ་ཨ་མདོ་ཡུལ་སྐད་ས་ཁུལ་ནང་ནས་ཚབ་མཚོན་རང་བཞིན་ལྡན་པ་དང་། དེ་ནི་ཨ་མདོ་ས་ཁུལ་གྱི་བོད་རིགས་ཀྱིས་ཐུན་མོང་དུ་སྤྱོད་པའི་སྐད་ཡིག་ཡིན། དེའི་སྒྲ་གདངས་ཀྱི་ཁྱད་ཆོས་མཚོན་ཆེད། ཨ་མདོའི་ཡུལ་སྐད་ལ་རྒྱུས་ལོན་དང་། སློབ་སྦྱོང་། ངོས་འཛིན། ཞིབ་འཇུག་བཅས་བྱེད་པར་སྟབས་བདེ་སྐྲུན་ཆེད། ཐ་སྙད་རེ་རེ་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་བོད་སྐད་ཀྱི་སྒྲ་གདངས་ལྟར་རྒྱལ་སྤྱིའི་སྒྲ་རྟགས་གསལ་མཆན་བཀོད་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...