སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ》།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-16 9:24:00 རྩོམ་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། ཀློག་གྲངས།
     བོད་མི་རིགས་ལ་གནའ་སྔ་མོ་ནས་ལས་ལ་བརྩོན་ཞིང་འཚོ་བའི་དཀའ་སྡུག་གང་ཡོད་ལ་མི་བལྟོས་པར་གླུ་གར་རོལ་དབྱངས་ལ་ཤིན་ཏུ་དགའ་བའི་གཤིས་རྒྱུད་བཟང་པོ་ཞིག་ཡོད་པ་མ་ཟད། བོད་མི་རིགས་ཀྱིས་ཡུན་རིང་གི་ལོ་རྒྱུས་ནང་འཚོ་བའི་ཉམས་མྱོང་དང་ཐུན་མོང་གི་བློ་གྲོས་ལ་བརྟེན་ནས་གླུ་གར་རོལ་དབྱངས་གྲངས་ལས་འདས་པ་ཞིག་གསར་གཏོད་བྱས་ཡོད།  ཐེངས་འདིར་ངོ་སྤྲོད་ཞུ་བའི་རྒན་དགེ་འདུན་འཕེལ་རྒྱས་ལགས་ཀྱི 《བོད་ཀྱི་རོལ་དབྱངས་ལོ་རྒྱུས་བསྡུས་གསལ་དཔྱིད་ཀྱི་ཕོ་ཉ》ཞེས་པར་རྩོམ་པ་པོས་ལོ་རྒྱུས་དང་རོལ་དབྱངས་རིག་པ་གཉིས་ཟུང་དུ་འབྲེལ་བའི་ལམ་ནས་བོད་ཀྱི་གདོད་མའི་དུས་རབས་དང་། བཙན་པོའི་རྒྱལ་རབས། བོད་སིལ་བུའི་དུས་སྐབས། དགའ་ལྡན་ཕོ་བྲང་དུས་རབས་ཀྱི་གླུ་གར་རོལ་དབྱངས་ཀྱི་ལོ་རྒྱུས་གོ་རིམ་ལྡན་པའི་སྒོ་ནས་ངོ་སྤྲོད་གནངཡོད།

རྩོམ་པ་པོ་དགེ་འདུན་འཕེལ་རྒྱས།
     བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་དང་། ཧྲོའོ་ཧྲི་ཞིབ་འཇུག་སློབ་མའི་སློབ་དཔོན་དགེ་འདུན་འཕེལ་རྒྱས་ལགས་ནི1953ལོར་ལྷ་སར་སྐྱེས། 1982ལོར་བོད་ལྗོངས་དགེ་འོས་སློབ་གྲྭའི་རོལ་དབྱངས་ཆེད་ལས་ནས་ཐོན་རྗེས། ཐེན་ཅིན་རོལ་དབྱངས་སློབ་གླིང་དུ་ཟབ་སྦྱོང་གནང་བར་ཕེབས། དུས་དེ་ནས་ད་བར་ལོ་ངོ་29ཙམ་གྱི་རོལ་དབྱངས་སློབ་གསོའི་བྱ་གཞག་ནང་། ཁོང་གིས་རོལ་དབྱངས་ཀྱི་རྨང་གཞིའི་གཞུང་ལུགས་དང་། ཕད་ནོའོ(ཀང་ཆིང)    བོད་ཀྱི་རོལ་དབྱངས་ལོ་རྒྱུས།   བོད་ཀྱི་ཆོས་ལུགས་རོལ་དབྱངས་སོགས་སློབ་ཚན་བཅུ་ཕྲག་གི་སློབ་ཁྲིད་ལས་འགན་ལེགས་གྲུབ་གནང་ཡོད་པ་མ་ཟད་། སྔ་རྗེས་སུ་རྒྱ་བོད་ཡིག་རིགས་གཉིས་ཀྱི་ལམ་ནས《བོད་ཀྱི་རོལ་དབྱངས་ལོ་རྒྱུས་གནད་བསྡུས》དང་།《བོད་ཀྱི་ཆོས་ལུགས་རོལ་དབྱངས》《བོད་ཀྱི་གནའ་བོའི་དབྱངས་ཡིག་ཞིབ་འཇུག》སོགས་དཔྱད་རྩོམ་ཉི་ཤུ་ལྷག་ཙམ་སྤེལ་ཡོད།
འོས་སྦྱོར་ཞུ་བའི་རྒྱུ་མཚན།
     དེབ་འདིར་ལོ་རྒྱུས་ཀྱི་དུས་རིམ་སོ་སོའི་ནང་དུ་བྱུང་བའི་བོད་ཀྱི་རོལ་དབྱངས་ཀྱི་རྣམ་གྲངས་དང་། རོལ་དབྱངས་སོ་སོའི་གཞི་རྩའི་ཁྱད་ཆོས། རོལ་ཆ། དབྱངས་ཡིག རོལ་མོའི་བསྟན་བཅོས་དང་གཞུང་ལུགས། རོལ་དབྱངས་མཁས་པ་སོགས་ཀྱི་སྐོར་ཅུང་ཆ་ཚང་བ་བཀོད་འདུག་པས། བོད་ཀྱི་རོལ་དབྱངས་རིག་གནས་ལ་ཁྱོན་ཡོངས་ནས་ངོས་འཛིན་དང་ཤེས་རྟོགས་བྱེད་པར་ཕན་འབྲས་ཆེན་པོ་ཐོན་པ་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...