སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱོགས་བསྒྲིགས》འོས་སྦྱོར།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-23 11:12:00 རྩོམ་ཁུངས། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་། ཀློག་གྲངས།
     《པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཕྱོགས་བསྒྲིགས》ནང་གཙོ་བོར་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཁག་ལས་སྐུ་ཕྲེང་དང་པོ་ནས་བཞི་པའི་བར་གྱི་མ་ཡིག་དག་རྩོམ་པ་པོ་ཅི་རིགས་ཀྱིས་མཛད་པ་འདུག་ཅིང་། སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་མཛད་རྣམ་རྣམས་སྐུ་ཕྲེང་གང་ཉིད་ཀྱི་གསོལ་གཟིམ་གཉིས་སོགས་སྐུ་བཅར་བ་མི་སྣ་གཙོ་གྲས་ནས་དམ་པ་ཁོང་གི་ཉིན་རེའི་བགྱི་སྒོ་དངོས་རྣམས་ཐོ་འགོད་མཛད་པའི་ཟིན་བྲིས་དངོས་རྣམས་མ་ཕྱིར་བྱས་ནས་བསྒྲིགས་པ་ཞིག་རེད་འདུག་ལ། ནང་དོན་ཐད་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ལྟ་བའི་མེ་ལོང་ཞིག་ཡིན་ཞེས་བརྗོད་ཆོག་སྟེ། བོད་ཀྱི་ཆབ་དཔལ་རིག་གསུམ་དང་། ལོ་རྒྱུས། དམག་དོན། རྒྱ་བོད་མི་རིགས་དབར་གྱི་འབྲེལ་བ། དེ་བཞིན་བོད་ཀྱི་དམངས་སྲོལ་ཡན་གྱི་ཤེས་བྱ་ཇི་སྙེད་ཅིག་འདུས།
     པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་ནི་མཁས་བཙུན་བཟང་གསུམ་གྱི་དམ་པའི་རྣམ་ཐར་སྐྱོང་མཁན་དང་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་གྲུབ་མཐའི་དབུ་འཛིན་དང་བློ་བརྟན་འགྱུར་མེད་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་མི་སྣ་ཤ་སྟག་ཡིན་ལ།ཁོང་རྣམ་པ་ནི་ནང་བསྟན་ཆོས་ལུགས་ལ་མཁྱེན་རྒྱ་ཡངས་ཤིང་།ཆབ་སྲིད་ཐད་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གནང་སྟེ་མེས་རྒྱལ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།རྒྱལ་གཅེས་དམངས་ཕན་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། དུས་རབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་གི་དབང་གྲགས་ལ་སྲུང་སྐྱོང་དང་བོད་ས་གནས་བདག་སྐྱོང་བྱ་རྒྱུར་རམས་འདེགས། ཕྱི་ཕྱོགས་བཙན་འཛུལ་པར་དྲག་རྒོལ། བདག་དབང་དང་མངའ་ཁོངས་ཆ་ཚང་གཅིག་གྱུར་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་བྱ་བཞག་ཐད་འགངས་ཆེའི་ལོ་རྒྱུས་ཀྱི་ཕན་ནུས་འདོན་སྤེལ་དང་། ལེགས་སྐྱེས་ཆེན་པོ་འབུལ་གནང་མཛད་ཡོད་པར་བརྟེན། མཛད་རྣམ་འདིར་ལོ་རྒྱུས་ཀྱི་རིན་ཐང་དང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་པར་སེམས་ནས་རྒྱ་ཆེའི་ཀློག་པ་པོ་དང་ཞིབ་འཇུག་པ་ཚོའི་དགོངས་འདུན་དང་འཚམ་ཕྱིར་འདིར་འོས་སྦྱོར་བྱེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...