སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ》པར་དུ་བསྐྲུན་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-22 10:41:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བསྒྲིགས་པའི《རྒྱ་བོད་ཤན་སྦྱར་བརྡ་ཆད་གསར་བ》ཞེས་པ་འདི་སྤྱི་ཟླ9བའི་ནང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་གནང་།
     མི་རིགས་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་བཅས་དུས་ཐོག་ཏུ་ཡང་དག་པའི་སྒོ་ནས་དྲིལ་སྒྲོག་དང་ལག་བསྟར་བྱེད་པ་དང་། བརྡ་ཆད་དང་ཐ་སྙད་གསར་བ་སློབ་སྦྱོང་དང་བཀོལ་སྤྱོད་ལེགས་པོ་བྱེད་པ་བཅས་ཀྱི་ཆེད་དུ། སྤྱི་ལོ1999ལོ་ནས2019ལོ་སྟེ། ཉེ་བའི་ལོ20རིང་མཚོ་སྔོན་ཞིང་ཆེན་བོད་ཀྱི་བརྡ་ཆད་ཚད་ལྡན་ཞུས་བཤེར་གཏན་འབེབས་ཨུ་ཡོན་ལྷན་ཁང་གིས་འཚོལ་སྡུད་དང་ཡིག་བསྒྱུར། ཞུས་བཤེར་གཏན་འབེབས་བགྱིས་ཏེ་ཁྱབ་བསྒྲགས་བྱས་པའི་བརྡ་ཆད་གསར་བ10000ལྷག་ལ་ཡང་བསྐྱར་ཞུ་དག་བྱས་ཤིང་ཕྱོགས་གཅིག་ཏུ་བསྡུས་ནས་རྩོམ་སྒྲིག་པར་སྐྲུན་བྱས།
      དེབ་འདིའི་ནང་དོན་གཙོ་བོ་ནི་ཏང་སྲིད་གཞུང་ཡིག་དང་། དུས་ཐོག་གསར་འགྱུར། ཁྱད་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་བརྡ་ཆད་གསར་བ་ཡིན། ཡིག་བསྒྱུར་དང་ཞུས་བཤེར་གཏན་འབེབས་བྱེད་པའི་གོ་རིམ་ཁྲོད་དུ"སྔོག  གཏོད། གཡོར"གྱི་གཞི་རྩའི་རྩ་དོན་གཞིར་བཟུང་ཞིང་། རྒྱ་བོད་ཀྱི་ལོ་ཙཱའི་གཞུང་ལུགས་ལ་བརྟེན་ནས་སྒྲ་བསྒྱུར་དང་། དོན་བསྒྱུར། ཐད་བསྒྱུར། སྣོན་བསྒྱུར། འཕྲི་བསྒྱུར་སོགས་ཀྱི་བསྒྱུར་ཐབས་གང་ལ་གང་འཚམ་སྤྱད་དེ། གང་ནུས་ཀྱིས་ཐ་སྙད་གཅིག་ལ་བསྒྱུར་ཡིག་མང་དུ་མི་འབྱུང་པར་བྱས་ཡོད་ཅིང་། བརྡ་ཆད་རེ་རེའི་ཡིག་བསྒྱུར་ནི་བསམ་འཆར་གང་མང་སྡུད་ལེན་དང་ཡང་ཡང་བརྟག་ཞིབ་བྱས་པའི་རྨང་གཞིའི་སྟེང་དུ་གཏན་འབེབས་བྱས་ཤིང་། ལག་ལེན་གྱི་རྨངགཞི་དང་མང་ཚོགསཀྱི་རྨང་གཞི་ཡོད་པ་མ་ཟད། དབང་ཟིལ་གྱི་རང་བཞིན་ཡང་ལྡན། འདིས་ཀྲུང་ཧྭ་མི་རིགས་ཀྱི་མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་གྱི་ཤུགས་ཇེ་ཆེར་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ། མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་འདུ་ཤེས་བརྟན་པོར་འཛུགས་པ། མི་རིགས་སོ་སོ་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་དུ་ཆབ་སྲིད་ཀྱི་དོན་སྙིང་དང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...