སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《ཕྱི་རྒྱལ་གྱི་མཁས་དབང་གྲགས་ཅན་གྱི་གདམས་ངག་ཕྱོགས་བསྒྲིགས》ངོ་སྤྲོད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-31 10:29:00 རྩོམ་ཁུངས། བོད་ལྗོངས་དཔེ་མཛོད་ཁང་། ཀློག་གྲངས།
      《ཕྱི་རྒྱལ་གྱི་མཁས་དབང་གྲགས་ཅན་གྱི་གདམས་ངག་ཕྱོགས་བསྒྲིགས》ཞེས་པའི་དཔེ་དེབ་འདི་ནི་དཔལ་བྱང་ཉི་མ་རྒྱལ་གྱིས་བརྩམས་ཤིང་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམ་སྤེལ་གནང་།
      དེབ་འདིའི་ནང་གི་ཞལ་གདམས་འདི་དག་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་མཚན་སྙན་གྲགས་ཆེས་ཆེར་འབར་བའི་བསམ་བློ་མཁས་ཅན་དང་། ཆབ་སྲིད་མཁས་ཅན། མཚན་ཉིད་རིག་པ་མཁས་ཅན། རྩོམ་རིག་མཁས་ཅན། གསར་གཏོད་མཁས་ཅན། སྙན་ངག་པ་དང་དེ་བཞིན་དམག་དོན་མཁས་ཅན་སོགས་ཡིན་པའི་ཕྱི་རྒྱལ་གྱི་མཁས་དབང་གྲགས་ཅན་ཚོས་རང་ཉིད་ཀྱི་འཇིག་རྟེན་འཚོ་བ་དངོས་ཀྱི་ལག་ལེན་དང་ཉམས་མྱོང་གི་ཕྱོགས་བསྡོམས་ཤིག་ཡིན་ལ། ཁོང་ཚོའི་ཞལ་གདམས་འདི་དག་ནི་རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གཉིས་ཀར་སྙན་འཇེབས་ཉམས་འགྱུར་ལྡན་ཞིང་། གདམས་པ་རེ་རེའི་ཁྲོད་དུ་ཤེས་རབ་དང་བརྩོན་འགྲུས། བརྩེ་སེམས་དང་རང་བྱུང་། སྒྱུ་རྩལ་དང་གསར་རྩོམ། མི་ཚེ་དང་ལས་དབང་ལ་སོགས་པའི་སྐོར་གླེང་བ་དང་། བདེན་དོན་དང་ཚན་རིག ཕུགས་བསམ་དང་བྱ་བཞག་དོན་དུ་འབད་འབུངས་བྱ་དགོས་པའི་སྐུལ་མ་བྱས་ཡོད་ལ། མཛའ་བཤེས་དང་བརྩེ་དུང་། བདེ་སྐྱིད་དང་ཀུན་སྤྱོད་སོགས་ལ་ཇི་ལྟར་བྱས་ནས་ཡང་དག་པའི་ལྟ་སྟངས་འཛིན་དགོས་པ་བཅས་འཚོ་བ་དངོས་ཀྱི་གནས་ལུགས་རྣམས་གྲོགས་ལ་བདེན་པའི་བསླབ་བྱ་བཞིན་དུ་སྦ་གསང་མེད་པར་ལྷུག་པོར་བརྗོད་ཡོད།
      ཕྱི་རྒྱལ་གྱི་མཁས་དབང་གྲགས་ཅན་གྱི་ཞལ་གདམས་འདི་རྣམས་ལ་བསམ་པའི་ཟས་བཅུད་གསར་པ་ཞིག་མཁོ་འདོན་ཐུབ་པའི་དགེ་མཚན་བསམ་བརྗོད་ལས་འདས་པ་ན།  བློ་ལྡན་གྱི་ཀློག་པ་པོ་རྣམས་ཀྱི་ཐོས་པ་གསོག་པའི་ལེགས་སྐྱེས་སུ་ཕུལ་བ་ལགས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...