སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྱུང་སེང་པར་ལེན་དཔུང་སྡེ་མཚོ་ལྷོའི་ཆོས་རྗེ་ན་མགོ་ནས་བཙུགས་པ།
རྩོམ་པ་པོ། གདུགས་དཀར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-17 10:36:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཁྱུང་སེང་པར་ལེན་དཔུང་སྡེ།


ཁྱུང་སེང་པར་ལེན་དཔུང་སྡེ།


ཁྱུང་སེང་པར་ལེན་དཔུང་སྡེ།


ཁྱུང་སེང་པར་ལེན་དཔུང་སྡེ།


ཁྱུང་སེང་པར་ལེན་དཔུང་སྡེ།


ཁྱུང་སེང་པར་ལེན་དཔུང་སྡེ།


ཁྱུང་སེང་པར་ལེན་དཔུང་སྡེ།

     སྤྱི་ཟླ7པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་དང་མཚོ་ལྷོ་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། པར་བ་གདུགས་དཀར་གྱིས་ས་གནས་ཀྱི་གཞོན་སྐྱེས་ཚོའི་དགའ་ཕྱོགས་དང་བསྟུན་ནས་མཚོ་ལྷོ་ཁུལ་གྱི་ཆེས་ཐོག་མའི་དམངས་ཁྲོད་པར་ལེན་དཔུང་སྡེ་སྟེ་ཁྱུང་སེང་པར་ལེན་དཔུང་སྡེ་འཛུགས་པའི་མཛད་སྒོ་དེ་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆོས་རྗེ་ན་མགོ་ནས་དངོས་སུ་བཙུགས།
     མཛད་སྒོའི་སྟེང་། པར་བ་གདུགས་དཀར་གྱིས་རང་ཉིད་ཀྱི་ལོ་ངོ་བཅུ་ཕྲག་ལྷག་གི་པར་ལེན་ཉམས་མྱོང་བརྗོད་ཅིང་། འབྱུང་འགྱུར་དཔུང་སྡེ་སྐྱེད་སྲིང་བྱ་རྒྱུའི་ཐད་དུའང་རང་ནུས་ཅི་ལྕོགས་ཀྱིས་པར་བའི་ཤེས་བྱ་ཁྲིད་རྒྱུར་རང་སྟེང་ནས་ཁས་ལེན་བྱས། དཔུང་སྡེའི་ཚོགས་མི་སོ་སོས་ཀྱང་ལས་ཀའི་བར་གསེང་ནས་པར་ལེན་སྦྱོང་བརྡར་བྱ་རྒྱུར་སྤྲོ་སེམས་འཁོལ་བས་དང་ལེན་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...