སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་ལོ་གསར་རིང་ལྷ་སར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་པ།
རྩོམ་པ་པོ། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2015-2-28 11:22:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།

  རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་བོད་ཀྱི་ལོ་གསར་དང་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གཉིས་དུས་གཅིག་ལ་འཁེལ་བས་བོད་ཀྱི་ས་ཆ་གང་སར་དུས་ཆེན་གྱི་རྣམ་པས་ཁེངས་ཤིང་། ལྷ་སའི་ཁྲོམ་གཞུང་དུ་ཞབས་སྐོར་དང་མཆོད་མཇལ་དུ་ཕེབས་པའི་མང་ཚོགས་ཕུད་ད་དུང་ཡུལ་སྐོར་བ་ཡང་ཟླ་བ་གཉིས་གོང་ལས་མང་དུ་ཕྱིན་ཡོད་པ་རེད།
  ཀོང་ཀྲོའུ་ནས་ཡིན་པའི་ཡུལ་སྐོར་བ་ལེའང་ཧྥ་ཅེ་ཡིས་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་དུས་ཚོད་དང་བསྟུན་ཏེ་གྲོགས་པོ་དང་མཉམ་དུ་བོད་ལ་ཡོང་། ཨར་ཁང་དུ་འབྱོར་མ་ཐག་བོད་རིགས་གྲོགས་པོས་ལེའང་ཧྥ་ཅེར་ཁ་བཏགས་གཡོག་ཅིང་། འཁྲུག་ཆ་དོད་པའི་བོད་རིགས་ཀྱི་རོལ་དབྱངས་དང་། དྲི་ཞིམ་འཐུལ་བའི་ནས་ཆང་། ལྷག་སེམས་འཁོལ་བའི་བོད་རིགས་བཅས་ལེའང་ཧྥ་ཅེ་ལ་བོད་ཀྱི་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུ་བྱུང་ཡོད།
  བོད་ལྗོངས་ཀྲུང་གོ་ན་གཞོན་ཡུལ་སྐོར་ལས་དོན་ཁང་གི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀོན་ཅན་ཅུན་གྱིས་ཡུལ་སྐོར་བ་ཉུང་བའི་དུས་སུ་བོད་དུ་ཡུལ་སྐོར་གཟིགས་སྐྱོང་སྲིད་ཇུས་མང་པོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དཔེར་ན། ཨར་ཁང་དུ་སྡོད་པའི་རིན་པ་ཡུལ་སྐོར་བ་མང་བའི་དུས་ལས་བཅུ་ཆ་གསུམ་ནས་བཞི་བར་དམའ་བ་ཡོད་པ་དང་། གནམ་གྲུའི་སྤ་སེ་དང་མེ་འཁོར་གྱི་སྤ་སེའང་འདང་ངེས་ཡོད་པ། ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་དང་ལྷག་པར་དུ་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ཉུང་བས་ལྷོད་ལ་བབ་པོས་ཡུལ་སྐོར་བྱེད་ཆོག་ཅེས་བཤད།
  ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་བས་བོད་ཀྱི་ལོ་གསར་རིང་སྟོད་ལུང་བདེ་ཆེན་རྫོང་བཟང་མོ་དམངས་སྲོལ་གྲོང་ཚོར་བསྐྱོད་དེ་མི་སེར་གྱི་ཁྱིམ་དུ་ཞག་སྡོད་བྱེད་ཆོག་པ་མ་ཟད། ད་དུང་དད་ལྡན་མང་ཚོགས་དང་མཉམ་དུ་གཙུག་ལག་ཁང་དང་ཕོ་བྲང་པོ་ཏ་ལ་སོགས་སུ་བཀྲ་ཤིས་པའི་ལོ་གསར་ཚེས་གཅིག་གཏོང་བར་བསྐྱོད་ནས་བོད་ཀྱི་ཡུལ་སྲོལ་གོམས་འདྲིས་ཀྱང་ཐད་ཀར་མྱོང་ཚོར་བྱེད་ཆོག 
  བོད་ཀྱིས2014ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི1500ལ་སྣེ་ལེན་བྱས་ཤིང་། ཡུལ་སྐོར་ཡོང་འབབ་བསྡོམས་གྲངས་སྒོར་དུང་ཕྱུར204བྱུང་ཡོད་པ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...