སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབའ་རྫོང་ཞོལ་མ་ཞང་གིས་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་དངོས་འབེབས་བྱས་པ།
རྩོམ་པ་པོ། གཅོད་པ་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-5-7 10:22:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འབའ་རྫོང་ཞོལ་མ་ཞང་གིས་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་དངོས་འབེབས་བྱས་པ།
འབའ་རྫོང་ཞོལ་མ་ཞང་གིས་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་དངོས་འབེབས་བྱས་པ།

     འབའ་རྫོང་གིས་ལོ་གསུམ་རིང་གི་དབུལ་སྐྱོར་མཁྲེགས་གཏོར་འཆར་འགོད་དངོས་འབེབས་བྱས་བ་ནས་བཟུང་། འབའ་རྫོང་ལ་དངོས་ཕན་བསྐྱལ་བ་ནི་སྲིད་ཇུས་ཀྱི་རམ་འདེགས་དང་མ་དངུལ་བཏང་བ། རྣམ་གྲངས་དངོས་འབེབས་དང་ཁོར་ཡུག་ལེགས་བཅོས། ཡོང་འབེབས་ཀྱི་མཐོར་འདེགས་ཁོ་ན་མ་ཡིན་པར། དེ་ལས་ཀྱང་གཙོ་ཆེ་བ་ནི་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་བསམ་བློའི་འདུ་ཤེས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་དེ་བས་ཀྱང་གཏིང་ཟབ་པ་མ་ཟད། འཕེལ་རྒྱས་ཀྱི་ཡིད་ཆེས་དང་ལས་རིགས་གསར་གཏོད་ཀྱི་བརྩེ་སེམས་ཀྱང་སྔར་ལས་ལྷག་པར་ཇེ་རྒྱས་སུ་སོང་ཡོད་དེ། རྒྱ་ཆེའི་ལས་བྱེད་ལས་བཟོ་བ་དང་ཞིང་འབྲོག་མང་ཚོགས་ལ་རེ་ལྟོས་ཡོད་པར་བྱས་པ་དང་དམངས་སེམས་གཅིག་ཏུ་བསྡུས་པ་དང་དམངས་ཤུགས་ངར་སློང་བྱས་པ། དམངས་སྲོལ་བཅོས་བསྒྱུར་བྱས་པ་མ་ཟད། སྔར་ལས་ལྷག་པར་ཏང་དང་མང་ཚོགས་ཀྱི་འབྲེལ་བ་དམ་པོར་སྦྲེལ་ཏེ། སྤྱི་ཚོགས་ཀྱི་རྣམ་པ་ལ་རྩ་བ་ནས་ལེགས་བཅོས་དང་རྫོང་ཡོངས་སུ་མི་སྲིད་འཆམ་མཐུན་དང་འཕེལ་རྒྱས་ཀྱི་རྣམ་པ་མངོན་པར་བྱས་ཡོད།

     ད་ལོ་ནས་བཟུང་། མཛེས་སྡུག་གི་ཁྱིམ་གཞི་འཛུགས་སྐྲུན་བྱེད་པར་ལུགས་མཐུན་སྒོས་བཀོད་སྒྲིག་སྒྲིག་ཆས་བཀོད་པ། ཁོར་ཡུག་ལེགས་བཅོས་དང་འདུས་གྲོང་མཛེས་བཟོ་བཅས་དམིགས་འབེན་ཏུ་བྱས་ནས། ད་ལོར་མ་དངུལ་སྒོར་ཁྲི2450བཏང་ཏེ་ཞོལ་མ་ཞང་སྟག་གསོད་སྡེ་བ་དང་རྨོག་དཀར་སྡེ་བ་གཉིས་ལ་དབུལ་སྐྱོར་མཁྲེགས་གཏོར་གྱི་རྣམ་གྲངས་དངོས་འབེབས་བྱས།རྣམ་གྲངས་འདི་ཁྱིམ་ཚང269དང་མི1076ལྷག་ལ་འབྲེལ་ཡོད།  མ་དངུལ་ཁྲི225བཏང་ནས་རྡོའུ་དཀར་དང་རྨོག་དཀར། དྭ་བ་སོགས་ཀྱི་སྡེ་བའི་ཏང་ཡོན་བྱ་འགུལ་ཁང་དང་དམངས་བདེའི་ཞབས་ཞུ་ལྟེ་གནས་བཅས་དངོས་འབེབས་བྱས་ལ། དེའི་ནང་དྭ་བ་སྡེ་བ་དང་རྡོའུ་དཀར་སྡེ་བའི་སྨི་གྲུ་བཞི་མ520ཡི་ཏང་ཡོན་བྱ་འགུལ་དཀྱིལ་སྙིང་འདུ། དེ་མིན་མ་དངུལ་ཁྲི108བཏང་ནས་རྗེས་མཐུད་འཛུགས་སྐྲུན་རྣམ་གྲངས་དེས་སྟག་གསོད་འདུས་གྲོང་འཕྲོད་བསྟེན་ཁང་གི་ཞག་སྡོད་ཐོག་ཁང་འཛུགས་སྐྲུན་བྱས། མ་དངུལ་ཁྲི350བཏང་ནས་ཞོལ་མ་ཞང་སྟག་གསོད་བཅའ་སྡོད་སློབ་གྲྭར་ཟ་ཁང་དང་དྲོད་འདོན་ཁང་གསར་འཛུགས་བྱས།
     ལོ་གསུམ་རིང་གི་དབུལ་སྐྱོར་མཁྲེགས་གཏོར་རྣམ་གྲངས་བརྒྱུད་ནས་ཞང་སྡེ་འདིའི་ཁྱིམ་ཚང1896དང་མི7470ཡི་སྡོད་ཁང་གནད་དོན་ཐག་གཅོད་བྱས་པ་དང་ལེགས་འགྲུབ་བྱུང་ཚད100%ཡིན། དེ་དང་མཉམ་ཏུ། གོམ་གང་མདུན་སྤོས་སྒོས་སྟག་གསོད་འདུས་གྲོང་གི་འཛུགས་སྐྲུན་ལ་ལུགས་མཐུན་སྒོས་འཆར་འགོད་བྱས་ཏེ། ཁང་རྙིང137མེད་པར་བཟོས། མཁར་གྲོང་གི་འཛུགས་སྐྲུན་རྒྱ་བསྐྱེད་པ་དང་གྲོང་རྡལ་གྱི་མ་དངུལ་གཏོང་ཚད་ཆེ་རུ་བསྐྱེད་ནས་ལོ་མཇུག་ལ་མཛེས་སྡུག་འབྱོར་ཕྱུག་ལྡན་པ། འཆམ་མཐུན་གྱི་གྲོང་རྡལ་གསར་བ་འཛུགས་སྐྲུན་བྱེད་པར་བརྩོན་ལེན་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...