སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབའ་རྫོང་གི་ཐོན་ལས་གླིང་ཆེན་པོ་གསུམ་གྱི་འཛུགས་སྐྲུན་བརྟན་པོར་སྤེལ།
རྩོམ་པ་པོ། གཅོད་པ་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-5-13 9:51:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

གཡང་ལུག་གསོ་སྤེལ།
རྒྱུད་བཟང་འབྲི་གཡག་རྒྱུད་སྤེལ་བྱེད་པ།

      ད་ལོར། འབའ་རྫོང་གིས་མུ་མཐུད་དུ་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་སྔར་ལས་འབུར་ཐོན་གྱི་གནས་སར་འཇོག་པ་དང་། གཙོ་བོ་ཐོན་ལས་ཆེན་པོ་གསུམ་གྱི་དཔེ་སྟོན་ས་ཁུལ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ལ་ཤུགས་བསྣན་ཏེ། རྨ་བྱང་དང་ཞོལ་མ་ཞང་གཉིས་ཀྱིས་རྒྱུད་བཟང་འབྲི་གཡག་དོ་དམ་ལྟེ་གནས་དང་དཀྱིལ་སྙིང་ཚོགས་པའི་གནས་གཞི་བཙུགས་པའི་རྨང་གཞི་ཐོག  རྒྱུད་བཟང་འབྲི་གཡག་རྒྱུད་སྤེལ་དེ་རྐ་འབའ་སུམ་མདོ་གྲོང་རྡལ་དང་ཐང་མགོ་གྲོང་རྡལ་ཕྱོགས་ལ་ཁྱབ་གདལ་དུ་བཏང་།
     རྒྱུད་བཟང་འབྲི་མོའི་གཞི་ཁྱོན་ཁྲི1.6གི་ཡན་ལ་ཐོན་རྒྱུ་དང་། དཀྱིལ་སྙིང་ཚོགས་པའི་གཞི་ཁྱོན་མིག་སྔའི450ཡི་ཚོགས་ནས500ཡི་ཚོགས་ཀྱི་ཡན་ལ་སོན་རྒྱུ་དང་། ལོ་གཅིག་གི་རྒྱུད་བཟང་མཁོ་སྤྲོད་ཀྱི་ནུས་པ1500ཡན་ལ་སོན་རྒྱུ་དེ་ཡིན།


སྔོ་ཚོད་ཐོན་ལས་སྤེལ་བ།

     འབའ་རྫོང་གིས་དེང་རབས་ཞིང་ལས་ཚན་རྩལ་ལྟ་སྐོར་དཔེ་སྟོན་ཁུལ་ནས་སྔོ་ཚོད་ཐོན་ལས་ཁུལ་དང་སྤྲོ་གསེང་ལྟ་སྐུལ་ས་ཁུལ36སྐྲུན་པའི་རྨང་གཞི་ཐོག  ཧུར་བརྩོན་བྱས་ཏེ་ལོ་གཅིག་གི་གསོག་ཉར་ཏུན300ཅན་གྱི་སྔོ་ཚོད་གསོས་ཉར་མཛོད་ཁང་འཛུགས་རྒྱུ་དང་། ཚན་རྩལ་ཟབ་སྦྱོང་གནས་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་གཅིག་གི་ནང་ལ་འབྲོག་པ་མང་ཚོགས་མི1500ལ་ཡུལ་དངོས་ནས་ཟབ་སྦྱོང་བྱས་པ་དང་། ཕྱོགས་ཡོངས་ནས་ཐོན་ལས་ཁུལ་གྱི་སྤྱིའི་བྱེད་ལས་མཐོར་འདེགས་སུ་བཏང་།


རི་བོང་གསོ་སྤེལ།

     རྐ་འབའ་སུམ་མདོ་དང་ཐང་མགོ་གྲོང་རྡལ་གཉིས་ཀྱི་སྐྱེ་ཁམས་ཕྱུག་ལས་ཆེད་ལས་མཉམ་ལས་ཁང་ལ་བརྟེན་ནས། ཐོན་སྐྱེད་དང་གསོག་ཉར། ཕྱིར་འཚོང་གསུམ་གཅིག་སྦྲེལ་གྱི་རྩྭའི་ཐོན་ལས་གནས་གཞི་འཛུགས་སྐྲུན་བྱེད་པ་དང་མཉམ་དུ། ནུས་ཤུགས་ཡོད་ཚད་བཏོན་ཏེ་གཡང་ལུག་གསོ་སྤེལ་དང་། ཞིང་ཁུལ་གྱི་ཁྱད་ཆོས་ལྡན་པའི་གསོ་སྤེལ། འབྲོག་ཁུལ་གྱི་དྲོད་ཁང་ནས་སྔོ་ཚོད་འདེབས་འཛུགས་དང་། ཞིང་ཁུལ་གྱི་གཞོན་མ་གསོ་སྤེལ། རི་བོང་གསོ་སྤེལ། གཞི་ཁྱོན་རང་བཞིན་ལྡན་པའི་ལོ་ཏོག་འདེབས་འཛུགས་སོགས་ཁྱད་ཆོས་ལྡན་པའི་འདེབས་འཛུགས་གསོ་སྤེལ་ཁུལ་བརྒྱད་འཛུགས་སྐྲུན་བྱས།


གཡང་ལུག་གསོ་སྤེལ།

     ས་བོན་གྱི་ཐོན་འབབ་ཆེ་བ་དང་སྤུས་ལེགས་ཅན་གྱི་ཁེབས་རྒྱ་ཇེ་ཆེར་གཏོང་བ་དང་། ཧུར་ཐག་གིས་སྤུས་ལེགས་ནས་འདེབས་གནས་གཞི་མུའུ3000འཛུགས་སྐྲུན་དང་། ཐོན་འབབ་ཆེ་བའི་ཡུངས་དཀར་འདེབས་འཛུགས་གནས་གཞི་མུའུ2000། སྤུས་ལེགས་རྒྱ་སྲན་འདེབས་འཛུགས་གནས་གཞི་མུའུ3000འཛུགས་སྐྲུན་བྱས་ནས། གཏིང་ཟབ་སྒོས་ཕྱུགས་ཟོག་རྒྱུད་བཟང་རྒྱུད་སྤེལ་བཟོ་སྐྲུན་ལག་བསྟར་བྱས་ཏེ། རིགས་སོ་སོའི་རྒྱུད་བཟང་ཕྱུགས་ཟོག3500ནང་འདྲེན་བྱས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...