སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འབའ་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་འཚོང་བྱ་བ་གཏན་འཇགས་ངང་སྤེལ་བཞིན་པ།
རྩོམ་པ་པོ། གཅོད་པ་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-6-17 9:50:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


འབའ་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་འཚོང་བྱ་བ་གཏན་འཇགས་ངང་སྤེལ་བཞིན་པ།

འབའ་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་འཚོང་བྱ་བ་གཏན་འཇགས་ངང་སྤེལ་བཞིན་པ།
འབའ་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་འཚོང་བྱ་བ་གཏན་འཇགས་ངང་སྤེལ་བཞིན་པ།


འབའ་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་འཚོང་བྱ་བ་གཏན་འཇགས་ངང་སྤེལ་བཞིན་པ།

     འབའ་རྫོང་ཞོལ་མ་ཞང་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་གི་ཁོངས་གཏོགས་ཡིན་ལ། འབའ་རྫོང་མཁར་ལ་ལམ་ཐག་ཆེས་རིང་བའི་ཞང་གྲོང་གཅིག་པུ་ཡིན། ཞོལ་མ་ཞང་ཏུ་སྲང་ལམ་རེ་རེ་དང་སྡོད་ཁང་འཛུགས་སྐྲུན་ལས་ད་དུང་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་ས་ཡང་ག་ས་གང་ཏུ་ཁེབས་འདུག གནས་འདིའི་དབྱར་རྩྭ་དགུན་འབུ་ས་ལས་བུད་མ་ཐག་པའི་རིམ་པ་དང་པོ་ནི་དབྱར་རྩྭ་བརྐོ་མཁན་གྱིས་ཆེས་གཞི་རིམ་གྱི་ཚོང་བ་ལ་དབྱར་རྩྭ་འཚོང་བ་དེ་ཡིན། དེ་ཡང་དབྱར་རྩྭ་ཉོ་མཁན་གྱི་ཚོང་བའི་ནང་བོད་རིགས་ཡོད་ལ། དེ་མིན་ཟི་ལིང་དང་ཉིན་ཞཱ་ནས་ཐོན་པའི་ཧོས་རིགས་ཀྱང་ཡོད།
     དབྱར་རྩྭ་དགུན་འབུ་ནི་མཚོ་བོད་མཐོ་སྒང་དང་ཆེས་གྲང་ངར་ཆེ་པའི་བརླན་བཤེར་ཁོར་ཡུག་ཏུ་སྐྱེ་བ་ཞིག་ཡིན། དེའི་བཞི་ཆའི་གསུམ་ས་འོག་ཏུ་ཡོད་པ་དང་ལི་སྨི2ཙམ་སའི་ཐོག་ཏུ་བུད་ཡོད། དེ་བས་དབྱར་རྩྭ་བརྐོ་བའི་ལས་ཀ་དེ་ཞིང་ལས་ལས་ཀ་གཞན་དང་བསྡུར་ན། ཧ་ཅང་དཀའ་ཁག་ཆེ་བ་དང་ལག་རྩལ་རང་བཞིན་ཡང་ཅུང་མཐོ་དགོས། གོ་རིམ་ཡོངས་དབྱར་རྩྭ་བརྐོ་མཁན་གྱི་མིག་ཤུགས་དང་ཉམས་མྱོང་། ལུས་ཤུགས་ལ་རག་ལས་ཡོད།
     ས་སྲོད་ཀྱི་སྐབས་སུ། དབྱར་རྩྭ་བརྐོ་མཁན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་དབྱར་རྩྭའི་ཉོ་ཚོང་ས་ཚུགས་སུ་ཡོང་ནས་ཉིན་དེར་བརྐོའི་བའི་དབྱར་རྩྭ་འཚོང་བཞིན་ཡོད་ལ། དེ་ཡང་སྐབས་འདིར་འཚོང་བཞིན་པའི་དབྱར་རྩྭ་ནི་སྨན་ཁང་དང་ཚོང་ར་སོགས་སུ་འཚོང་བཞིན་པའི་དབྱར་རྩྭ་དང་རྩ་བ་ནས་མི་འདྲ། རྒྱུ་མཚན་ནི་སྐབས་འདིར་འཚོང་བཞིན་པའི་དབྱར་རྩྭ་ནི་ཆེ་ཆུང་གང་ཞིག་ཡིན་རུང་ས་ནག་གིས་གཡོགས་འདུག་པ་ཞིག་ཡིན་ཏེ། མང་ཚོགས་ཀྱིས་བཤད་པ་ལྟར་ན་དེ་ལྟར་བྱས་ནས་གསར་སྐྱེས་ཀྱི་རང་བཞིན་རྒྱུན་འཁྱོངས་བྱེད་ཐུབ་ཟེར། དབྱར་རྩྭའི་ཚོང་རྒྱག་པ་དེ་ལ་ཡང་སྲོལ་རྒྱུན་གྱི་ཁྱད་ཆོས་དང་ལྡན་ཏེ་ཕུ་ཐུང་ནང་ཏུ་ལག་བརྡའི་རྣམ་པས་རིན་གོང་ཐག་གཅོད་པ་ཞིག་ཡིན།
     དབྱར་རྩ་དགུན་འབུའི་རྒྱུ་སྤུས་བཟང་ངན་གྱིས་ཐད་ཀར་དུ་རིན་གོང་ཐག་གཅོད་བྱེད་བཞིན་ཡོད་དེ། དེ་ཡང་ས་གནས་འདི་ལ་མཚོན་ན་ཅུང་ཆེ་བ་དག་ལ་སྒོར40དང་ཅུང་ཆུང་བ་དང་ཤིང་བ་དག་ལ་སྒོར2ལས་སྟེར་གྱིན་མེད། དབྱར་རྩྭ་ཉོ་བའི་ཚོང་བ་ཞིག་གིས་བཤད་པ་ལྟར་ན། མཚམས་རེར་ཉིན་རེའི་ཡོང་འབབ་ལ་སྒོར2ཁྲི་ལྷག་ཡོད་ལ། ལོ་འགའི་སྔོན་ལ། ཉིན་གཅིག་ལ་འདི་འདྲའི་ཡོང་འབབ་ཞིག་ཡོད་ཚེ། སྤྱིར་བཏང་གི་འབྲོག་ཁྱིམ་ཞིག་ལ་མཚོན་ན། དེ་ནི་མ་དངུལ་འབོར་ཆེན་ཞིག་ཏུ་བརྩི་ངེས་ཡིན་ཟེར།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...